མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་བཙན་གནོན་མྱོང་བཞིན་པའི་མི་རིགས་མི་འདྲ་བས་མ་འོངས་ནུས་པ་མཉམ་སྤུང་གི་གཞི་རྟེན་འཚོལ་གྱི་འདུག

བོད་ཀྱི་དུས་བབ།
༢༠༢༣/༠༦/༠༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་དང་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་ལྡོག རེ་བ་དང་གདོང་ལེན་གྱི་ཚོགས་འདུ་དབུ་འབྱེད་ཐོག་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་འགྲོས་དང་ལྷག་པར་རྒྱལ་ཁབ་གཞན་དག་གིས་རྒྱ་ནག་ལ་འཛིན་པའི་ལྟ་ཕྱོགས་འགྱུར་མུས་ཡིན་སྟབས། ང་ཚོས་དེ་དག་གི་ཐད་ལ་ཡིད་འཇོག་དང་དཔྱད་ཞིབ། ཐབས་ཇུས་སོགས་བཏིང་ནས།  དུས་སྐབས་དང་བསྟུན་ཏེ་མཉམ་རུབ་ཀྱི་ཐོག་ནས་ནུས་པ་གདོན་རྒྱུ་གལ་ཆེན་པོ་ཡིན་སྐོར་གསུངས་སོང་།

རྒྱ་ནག་དང་རྒྱལ་སྤྱིའི་ཆབ་སྲིད་འགྱུར་ལྡོག རེ་བ་དང་གདོང་ལེན་གླེང་བ། ༢༠༢༣།༠༦།༨-༡༠ དུས་བབ་ཀྱི་པར།

དེ་རིང་སྔ་དྲོའི་ཆུ་ཚོད་ ༩།༣༠ ཐོག་གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་དུ། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག  ཉིན་གསུམ་རིང་<<རྒྱ་ནག་དང་རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་ལྡོག-རེ་བ་དང་གདོང་ལེན།>> ཞེས་པའི་ཚོགས་འདུ་དབུ་འཛུགས་ཀྱི་མཛད་སྒོ་འཚོགས་སོང་བ་དང་། མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་དབུས་རྒྱ་ནག་སྐམ་ས་ཆེན་མོ་དང་། ཐའེ་ཝན། སོག་པོ། ཡུ་གུར། ཧོང་ཀོང་བཅས་ནས་ཕེབས་པའི་མཁས་པ་དང་ལས་འགུལ་བ། རྒྱ་རིགས་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་ལུའུ་ཞའོ་པའོ་དམ་པའི་སྐུ་ཟླ་ལུའུ་ཞཱ་སོགས་མི་གྲངས་ ༦༠ མ་ཟིན་ཙམ་འཛོམས་འདུག

མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། དེ་རིང་འདིར་ཕེབས་པའི་མི་རིགས་མི་འདྲ་བའི་འཐུས་མི་ཁག་གི་རྒྱལ་ཁབ་རྣམས་ལ་རྒྱ་ནག་གཞུང་གིས་བཙན་བཟུང་དང་དམ་དྲག་བྱེད་མུས་ཡིན་པ་རེད་ལ། མི་རིགས་རྣམས་ཀྱི་ལུགས་སྲོལ་དང་། གོམས་གཤིས་སོགས་ལ་དམིགས་ནས་དམ་དྲག་དང་དྲག་གནོན་བྱེད་སྟངས་མི་འདྲ་བ་ཙམ་ལས། སྤྱི་ཡོངས་ནས་འདིར་འདུས་པའི་མི་རིགས་རྣམས་ལ་དྲག་གནོན་ཤུགས་ཆེན་བྱེད་སྟངས་དེ་གཅིག་མཚུངས་ཡིན་པས། མི་རིགས་འདི་དག་གིས་རྒྱ་ནག་གཞུང་གི་སྲིད་ཇུས་དང་དམ་དྲག་སོགས་ལ་གདོང་ལེན་བྱེད་སྟངས་མི་འདྲ་བ་རེ་ཡོད་སྲིད་ཀྱང་། སྤྱི་ཡོངས་ནས་འདིར་ཡོད་ཚང་མ་རྒྱ་ནག་གཞུང་གི་བཙན་བཟུང་འོག་ཡོད་པས་ཁ་གཏད་ས་གཅིག་མཚུངས་ཡིན་པར་བརྟེན། ཚང་མས་མཉམ་རུབ་ཀྱི་ནུས་པ་གདོན་རྒྱུ་ནི་གལ་ཆེན་ནང་གི་དོན་ཆེན་ཡིན་སྐོར་དང་། འདས་པའི་མི་ལོ་ལྔ་བཅུ་དྲུག་ཅུ་ལྷག་གི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་དུ། དབུས་བོད་མིའི་སྒྲིག་འཛུགས་ཀྱིས་ལྷོ་སོག་དང་ཡུ་གུར། རྒྱ་རིགས་དམངས་གཙོ་དོན་གཉེར་བ་སོགས་དང་མཉམ་འབྲེལ་བྱས་ཏེ་ལས་དོན་བསྒྲུབས་ཡོད་ལ།  རྒྱ་ནག་གཞུང་གི་བཙན་གནོན་གྱི་འོག་ཏུ་ཡོད་པའི་མི་རིགས་དག་གིས་ཀྱང་མཐུན་སྒྲིལ་བྱས་ཏེ། མཉམ་རུབ་ཀྱི་ནུས་པ་གསལ་སྟོན་བྱ་རྒྱུ་ནི་གལ་ཆེན་ཡིན་སྐོར་སོགས་གསུངས་སོང་།

ཡང་སྲིད་སྐྱོང་མཆོག་གིས། འདས་པའི་མི་ལོ་ཉི་ཤུ་ལྷག་གི་རིང་ལ་བོད་མི་མང་སྤྱི་འཐུས་དང་ཚོགས་གཙོ་གནང་བ་དང་། མི་ལོ་གཉིས་རིང་སྲིད་སྐྱོང་གི་ལས་འགན་ཁུར་ནས་འཛམ་གླིང་སྤྱི་ཡོངས་ལ་སྐོར་སྐྱོད་བྱེད་སྐབས། གཙོ་བོ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དྲིན་ཁོ་ན་ལ་བརྟེན་ནས། རྒྱལ་སྤྱིའི་ཚོགས་པ་དང་སྒྲིག་འཛུགས་རྣམས་ཀྱིས་བོད་དང་བོད་མི་རྣམས་ལ་རྒྱབ་སྐྱོར་གནང་མུས་ཡིན་སྐོར་དང་།  འདས་པའི་ལོ་ཤས་རིང་རྒྱ་ནག་གི་བཙན་གནོན་འོག་ཡོད་པའི་རྒྱལ་ཁབ་དག་གིས་སོ་སོའི་མི་རིགས་ཀྱི་གནད་དོན་གཅིག་པུར་མགོ་འཁོར་ནས། མི་རིགས་གཞན་གྱི་གནས་སྟངས་ལ་དེ་ཙམ་ཐེ་གཏོགས་བྱས་མེད་པས། མི་རིགས་དེ་དག་གིས་རྒྱ་ནག་གཞུང་གིས་བཙན་གནོན་ཇི་ལྟར་བྱེད་ཀྱི་ཡོད་སྐོར་ཕན་ཚུན་གླེང་རེས་བྱེད་མུས་ཡིན་ཡང་། རྒྱ་ནག་གཞུང་གིས་མི་རིགས་དེ་དག་ལ་བཀོལ་བའི་ཐབས་ཇུས་ནི་ཧ་ལམ་གཅིག་མཚུངས་ཡིན་པས། ཕན་ཚུན་གྱི་གནས་སྟངས་སྐོར་གླེང་སློང་བྱེད་མཚམས་བཞག་ནས། མཉམ་རུབ་ཀྱི་ནུས་པ་ཇི་ལྟར་གོང་དུ་སྤེལ་ནས་གདོང་ལེན་ཇི་ལྟར་བྱ་དགོས་པའི་སྐོར་གླེང་སློང་བྱ་དགོས་པའི་ཁར། རྒྱལ་སྤྱིའི་ཆབ་སྲིད་ཀྱི་འགྱུར་འགྲོས་དང་ལྷག་པར་རྒྱལ་ཁབ་གཞན་དག་གིས་རྒྱ་ནག་ལ་འཛིན་པའི་ལྟ་ཕྱོགས་འགྱུར་མུས་ཡིན་སྟབས། ང་ཚོས་དེ་དག་གི་ཐད་ལ་ཡིད་འཇོག་དང་དཔྱད་ཞིབ། ཐབས་ཇུས་སོགས་བཏིང་ནས།  དུས་སྐབས་དང་བསྟུན་ཏེ་མཉམ་རུབ་ཀྱི་ཐོག་ནས་ཞུ་གཏུག་ལས་འགུལ་སོགས་སྤེལ་གལ་ཆེན་པོ་ཡིན་སྐོར་སོགས་གསུངས་སོང་།

རྒྱ་རིགས་དགེ་རྒན་ཆེན་མོ་ཞ་མེན་ལགས་ཀྱིས་གསུང་བཤད་གནང་། ༢༠༢༣།༠༦།༠༨ དུས་བབ་ཀྱི་པར།

ད་ལྟ་ཨ་རིའི་ནང་གནས་སྡོད་རྒྱ་རིགས་དགེ་རྒན་ཆེན་མོ་ཞ་མིན་ལགས་ཀྱིས། ད་ལྟའི་ཆར་འཛམ་གླིང་སྟེང་དུ་འགྱུར་བ་ཤུགས་ཆེན་འགྲོ་བཞིན་པའི་ཡོད་པ་དང་། ལྷག་པར་དུ་རྒྱ་ནག་ལ་མཚོན་ནའང་འགྱུར་བ་འགྲོ་བ་བཞིན་པ་རེད། འགྱུར་ལྡོག་ཁ་ཤས་ཤིག་རྒྱ་གཞུང་གིས་ཀྱང་སྟངས་འཛིན་བྱེད་ཐུབ་ཀྱི་མེད་པ་རེད།  མཚམས་རེར་ཁོང་ཚོའི་ཆབ་སྲིད་ཀྱི་གནས་སྟངས་ལའང་ཕམ་ཉེས་འབྱུང་བཞིན་ཡོད། གནས་སྟངས་དེ་དག་གིས་རྒྱ་ནག་རྒྱལ་ཁབ་ཀྱི་མ་འོངས་པའི་འཕེལ་རྒྱས་ལ་དཀའ་ཁག་ཆེན་པོ་ཞིག་ཆགས་ཡོད་པ་མ་ཟད། རྒྱ་ནག་ནང་ཁུལ་ལ་འགལ་ཟླ་མང་པོ་ཞིག་བྱུང་དང་འབྱུང་མུས་རེད་ལ། འགལ་ཟླ་དེ་དག་ང་ཚོར་རེ་བའི་གོ་སྐབས་ཤིག་ཏུ་འགྱུར་བཞིན་ཡོད་པས། ང་ཚོས་མཉམ་རུབ་ཐོག་ནས་ལས་ཀ་བྱེད་ཕྱོགས་འཛིན་རྒྱུ་གལ་ཆེན་ཡིན་སྐོར་བརྗོད་སོང་།

ཐའེ་ཝན་གྱི་དམངས་གཙོ་དོན་གཉེར་བ་ལིས་ཡུག་ཐན་ལགས་ཀྱིས་གསུང་བཤད་གནང་། ༢༠༢༣།༠༦།༠༨ དུས་བབ་ཀྱི་པར།

ཐའེ་ཝན་ནས་ཡིན་པའི་དམངས་གཙོ་དོན་གཉེར་བ་སྐུ་ཞབས་ལིས་ཡུག་ཐན་ལགས་ཀྱིས་། གསར་འགོད་པ་ཚོ་དྷ་རམ་ས་ལ་སླེབས་ཀྱང་གསར་འགྱུར་འགོད་མི་ཐུབ། ༸གོང་ས་མཆོག་ནས་གསུངས་པ་བཞིན་གསར་འགོད་པ་ཚོས་ཀྱང་གནས་ཚུལ་དྲང་བདེན་ཐོག་འགོད་རྒྱུ་གལ་ཆེན་ཡིན། སྐྱབས་མགོན་རིན་པོ་ཆེ་མཆོག་ནས་གསུང་བཤད་གནང་སྐབས་འཛུམ་མདངས་སྟོན་སྟངས་ནི་དམིགས་བསལ་ཞིག་རེད། དེ་མགོ་ཁྲིད་སུས་ཀྱང་སྟོན་ཐུབ་ཀྱི་མི་འདུག  ཁོ་རང་དྷ་སར་སླེབས་དུས་ཀྱི་ཚོར་བ་དམིགས་བསལ་བ་ཞིག་རེད། རྒྱ་ནག་གི་གདུག་རྩུབ་ཅན་གྱི་སྲིད་ཇུས་ཀྱིས་ཐའེ་ཝན་དུའང་གནོན་ཤུགས་སྤྲོད་བཞིན་ཡོད་པ་རེད། སྲིད་ཇུས་དེ་འདྲ་རྒྱལ་ཁབ་གང་གིས་ཀྱང་བེད་སྤྱོད་བྱེད་ཀྱི་མེད། རྒྱ་གར་ལ་མཚོན་ན་སེམས་ཅན་དང་མིའི་ཐོབ་ཐང་གཅིག་པ་ཡོད་པ་རེད། རྒྱལ་ཁབ་གང་ཞིག་ལ་མཚོན་ནའང་མི་རིགས་ཀྱི་ཐོབ་ཐང་གཅིག་པ་དགོས་པ་གལ་ཆེན་རེད།  ཐའེ་ཝན་གྱི་དམངས་གཙོའི་ཐད་ཚོགས་འདུ་མང་པོ་ཞིག་འཚོགས་པའི་སྐབས་སུ། ཚང་མས་དམངས་གཙོ་ཡར་རྒྱས་གཏོང་རྒྱུ་བྱས་ཡོད། རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་སྲིད་ཇུས་འོག་རྒྱལ་ཁབ་མང་པོར་གནོན་ཤུགས་སྤྲོད་ཀྱི་ཡོད། རྒྱ་ནག་གིས་དྲག་གནོན་གྱི་ཐོག་ནས་གནོན་ཤུགས་སྤྲོད་ཀྱི་ཡོད་ཀྱང་། ཐའེ་ཝན་དམངས་གཙོའི་ལམ་ལུགས་བརྟན་པོ་ཡོད་པའི་རྒྱལ་ཁབ་ཅིག་ཡིན་པས་ཅིའང་བྱེད་ཐུབ་ཀྱི་མེད། རྒྱ་ནག་གིས་མི་རིགས་ཚོང་བསྒྱུར་བྱེད་བཞིན་པའི་གནས་ཚད་མཐོ་པོར་སླེབས་ཡོད། མ་འོངས་པར་རྒྱ་ནག་གི་ལམ་ལུགས་དམངས་གཙོ་ཅན་དུ་འགྲོ་དགོས་པ་ཞིག་རེད། སྒེར་གཅོད་ཀྱི་རྒྱལ་ཁབ་ཅིག་གི་མ་འོངས་པའི་ལམ་ཁར་ཉེན་ཁ་ཡོང་གི་ཡོད་པ་ལྟར། རྒྱ་ནག་གི་སྲིད་ཇུས་ལ་འགྱུར་བ་མ་ཐེབས་པ་ཡིན་ན། ཐའེ་ཝན་ནང་དུ་རྒྱ་ནག་གིས་དྲག་ཤུགས་བེད་སྤྱོད་བྱེད་ནས་འགྱུར་བ་འགྲོ་རྒྱུ་མིན་པ་རེད། ༸གོང་ས་མཆོག་གིས་འཛམ་གླིང་ལ་བཟང་སྤྱོད་ཀྱི་ཐོག་ནས་དབུ་ཁྲིད་ཀྱི་ཡོད་ལ། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱང་དེ་ལྟར་འགྲོ་བཞིན་ཡོད། བྱ་དང་བྱིའུ་ཞིག་ཡིན་རུང་རང་དབང་གི་འཕུར་གྱི་ཡོད་མོད། བོད་ནང་གི་བོད་མི་རྣམས་ད་དུང་སྡུག་བསྔལ་འོག་ཏུ་གནས་ཡོད་ཅེས་སོགས་བརྗོད་སོང་།

ཡུ་གུར་གྱི་ལས་འགུལ་བ་གཞོན་ནུ་ཐར་ཁིན་ཌིབ་ལེ་ཋི་ལགས་ཀྱིས་གསུང་བཤད་གནང་། ༢༠༢༣།༠༦།༠༨ དུས་བབ་ཀྱི་པར།

ཡུ་གུར་མི་རིགས་ཀྱི་ལས་འགུལ་བ་སྐུ་ཞབས་ཐར་ཁིན་ཌིབ་ལེ་ཋི་ལགས་ཀྱིས། ཡུ་གུར་བའི་སྤྱི་ཚོགས་ནང་དུ་ལས་འགུལ་མང་པོ་སྤེལ་བཞིན་ཡོད། རྒྱ་ནག་གི་མགོ་ཁྲིད་ཁྲིན་ཆིན་གོ་ཡུ་གུར་ས་ཁུལ་དུ་སླེབས་པ་ནས་བཟུང་མི་རིགས་ཀྱི་གནས་སྟངས་སྡུག་ཏུ་ཕྱིན། རྒྱལ་སྤྱིའི་ཐོག་ཏུ་གནས་སྟངས་དེའི་དབང་གིས་ཡུ་གུར་མི་རིགས་ཀྱི་སྨྲ་བརྗོད་རང་དབང་སྡུག་ཏུ་ཕྱིན་པ་དོ་སྣང་བྱུང་བ་ཞིག་རེད། བོད་དང་ཡུ་གུར་གྱི་གནས་སྟངས་གཅིག་པ་རེད། དྲང་བདེན་ཆེད་དུ་ངོ་རྒོལ་བྱེད་མཁན་མང་པོ་བཙོན་དུ་བཅུག་ཡོད་ཅིང་། རྒྱ་ནག་གཞུང་གིས་ད་དུང་ཡུ་གུར་མི་རིགས་ཀྱི་རིགས་རྒྱུད་རྩ་མེད་བཟོ་བའི་ཐབས་ཤེས་བྱེད་བཞིན་ཡོད། རྒྱལ་སྤྱིའི་སྟེང་དུ་མིའི་རིགས་ཀྱི་རང་དབང་ཐོབ་ཐང་དང་། རིགས་རྒྱུད་རྩ་མེད་བཟོ་མཁན་རྒྱ་ནག་གཞུང་མ་གཏོགས་མེད། ང་ཚོས་ཀྱང་རྒྱ་ནག་གི་གདུག་རྩུབ་ཅན་གྱི་སྲིད་ཇུས་གདོང་ལེན་བྱེད་ཀྱི་ཡོད་ལ། ད་དུང་མུ་མཐུད་ནས་གདོང་ལེན་བྱེད་དགོས། ཞེས་བརྗོད་སོང་།

ལྷོ་སོག་མཐུན་ཚོགས་ཀྱི་ཚོགས་གཞོན་པོ་ཐི་ཀི་ཆི་ལགས་ཀྱིས་གསུང་བཤད་གནང་། ༢༠༢༣།༠༦།༠༨ དུས་བབ་ཀྱི་པར།

ལྷོ་སོག་གི་ལས་འགུལ་བ་སྐུ་ཞབས་པོ་ཐི་ཀི་ཆི་ལགས་ཀྱིས།  རྒྱ་ནག་གཞུང་གིས་སོག་པོའི་སྐད་ཡིག་སྦྱོང་བར་བཀག་འགོག་བྱས་ཡོད། མི་རིགས་ཤིག་གི་སྐད་ཡིག་རྩ་མེད་བཟོས་ན་མི་རིགས་རྩ་མེད་བཟོས་པ་རེད་དྲན་གྱི་ཡོད་ལ། སོག་པོའི་འབྲོག་པ་རྣམས་འབྲོག་པའི་འཚོ་བ་ཡང་སྐྱེལ་འཇུག་གི་མེད། སོག་པོའི་འབྲོག་པ་རྣམས་ཀྱིས་ངོ་རྒོལ་བྱེད་བཞིན་ཡོད་ཀྱང་། གནས་ཚུལ་དེ་དག་ཕྱི་ལོག་ནས་གོ་ཐུབ་ཀྱི་མེད། ཆོས་ལུགས་རྩ་མེད་གཏོང་བའི་སྲིད་ཇུས་ལག་བསྟར་བྱེད་ཀྱི་ཡོད་པས་སེམས་ནད་མང་པོའང་འབྱུང་བཞིན་འདུག ད་ལྟའི་ཆར་སོག་པོའི་མི་མང་སོག་པོའི་ས་ཆར་འཚོ་སྡོད་བྱེད་ཆོག་གི་མེད་པ་རེད། དེ་ནི་རིག་གནས་གསར་བརྗེ་ལས་ཀྱང་ཉེན་ཁ་ཆེ་བ་ཞིག་རེད། ནང་སོག་མང་ཚོགས་ཀྱིས་ངོ་རྒོལ་གྱི་ལས་འགུལ་མང་པོ་སྤེལ་ཡོད་ཀྱང་། ང་ཚོས་མཉམ་འབྲེལ་གྱི་ཐོག་ནས་ངོ་རྒོལ་ལས་འགུལ་སྤེལ་ཐུབ་ན་ཤུགས་རྐྱེན་ཆེན་པོ་ཐེབས་རྒྱུ་རེད། ཅེས་བརྗོད་སོང་།

ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་ཆན་ཀྲི་ཅིན་ལགས་ཀྱིས་གསུང་བཤད་གནང་།

ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་སྐུ་ཞབས་ཆན་ཀྲི་ཅིན་ལགས་ཀྱིས། ཧོང་ཀོང་གི་དམངས་གཙོའི་སྣེ་འཁྲིད་པ་ཁོང་གི་གྲོགས་པོ་སློབ་དཔོན་ཆེན་མོ་ཌ་ནི་ཐའེ་(Benny Tai)ལགས་དང་ཀུ་ཤུ་གསར་ཁང་གི་སྦྱིན་བདག་ཇའེ་མེ་ལའེ་(Jimmy Lai)ལགས་གཉིས་བཙོན་འཇུག་འོག་ཡོད་པ་དང་། ད་ལྟའི་ཆར་ཁོང་གཉིས་ལྟ་བུའི་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་མི་སྒེར་དང་ཚོགས་པ་བཅས་ཚང་མ་བཙན་གནོན་འོག་བཅུག་ཡོད་ལ། དཀའ་སྡུག་དེ་ཧོང་ཀོང་ཙམ་མིན་པར་བོད་དང་སོག་པོ། ཡུ་གུར་སོགས་ཀྱིས་ཀྱང་མྱོང་བཞིན་ཡོད་སྟབས། ཁོང་ད་ལན་ཉིན་གྲངས་གསུམ་རིང་གི་ཚོགས་འདུའི་ཐོག་བཅར་ཏེ་གནས་ཚུལ་མང་པོ་ཞིག་ལ་སློབ་སྦྱོང་བྱེད་ཐུབ་སྐོར་དང་། མ་འོངས་པར་ང་ཚོ་ཚང་མས་ནུས་པ་མཉམ་དུ་སྤུངས་ནས་རྒྱ་ནག་གི་བཙན་གནོན་ལ་གདོང་ལེན་བྱེད་དགོས་སྐོར་བརྗོད་སོང་།

ཐེངས་འདིའི་ཚོགས་འདུའི་སྐོར་ལ་བཅར་འདྲི་ཞུ་སྐབས་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། སྔོན་མ་སོག་པོ་དང་། ཡུ་གུར། བོད་པ་བཅས་ལ་མཐུན་གྲོགས་ཀྱི་ཚོགས་པ་ཞིག་བཙུགས་ཡོད་ཀྱང་། དེ་རིམ་བཞིན་ནུས་ཤུགས་མེད་པ་ཆགས་པ་རེད། དེའི་རྗེས་སུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནང་དུ་མ་ཚུད་པའི་སྒྲིག་འཛུགས་ཆེན་པོ་ཆགས་པ་རེད། ད་ལྟའི་དུས་སུ་ང་ཚོས་རེ་བ་བཞིན་ནུས་པ་ལྡན་པ་ཞིག་ཆགས་ཡོད་མེད་ཐེ་ཚོམ་གྱི་གནས་སྟངས་སུ་ལྷུང་ཡོད་པ་རེད། བར་སྐབས་ནས་རྒྱ་རིགས་ཡང་ཅན་ལི་ཡིས་མགོ་ཁྲིད་ནས་བོད་པ་དང་། རྒྱ་རིགས། ཡུ་གུར། སོག་པོ་བཅས་ཀྱི་དམངས་གཙོ་དོན་གཉེར་བ་རྣམས་ལ་ཚོགས་འདུ་འཚོགས་པའི་ལུགས་སྲོལ་ཞིག་ཡོད་ཀྱང་། བར་ལམ་ཁོང་གི་ཡིག་ཆའི་དཀའ་ངལ་དང་ནད་ཡམས་ཀྱི་རྐྱེན་བྱས་ཏེ་ལོ་མང་འཛོམས་ཐུབ་ཡོད་པ་མ་རེད། དེ་རིང་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག་འཛོམས་པའི་ཐོག མ་འོངས་པར་མཉམ་རུབ་ཀྱི་ཐོག་ནས་ལས་འགུལ་སྤེལ་ནས་རྒྱ་གཞུང་ལ་ཁ་གཏད་ཇི་ལྟར་གཅོག་པར་ཞིབ་ཚགས་ཀྱི་བགྲོ་གླེང་བྱ་རྒྱུ་ཡིན་སྐོར་འགྲེལ་བརྗོད་གནང་བྱུང་།

བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས་ཚོགས་འདུའི་སྐོར་གསུང་བཤད་གནང་། ༢༠༢༣།༠༦།༠༨ དུས་བབ་ཀྱི་པར།

གསར་འགོད་པས་ཐེངས་འདིའི་ཚོགས་འདུའི་སྐོར་ལ་བཅར་འདྲི་བྱས་པར་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས། ང་ཚོས་ཀུན་སློང་དང་དམིགས་ཡུལ་དེ་འདྲ་བཟུང་ཡོད་ཀྱང་། མཐུན་རྐྱེན་རག་མ་རག་གི་རྐྱེན་གྱིས་ཡུ་གུར་བ་མང་པོ་སླེབས་ཐུབ་མ་བྱུང་། སོག་པོ་ཁ་ཤས་སླེབས་ཐུབ་མ་སོང་། ཐའེ་ཝན་པ་དང་། རྒྱ་རིགས་གང་འཚམ་སླེབས་ཐུབ་ཡོད། ཚོགས་འདུའི་སྐབས་སུ་རྒྱ་གར་དང་རྒྱ་ནག་གི་རྐྱེན་བྱས་ཏེ་ཚོགས་འདུ་ལ་ཏོག་ཙམ་དཀའ་ངལ་འཕྲད་བཞིན་ཡོད་ཀྱང་། ཞིས་ཅིན་ཕིང་གིས་ལོ་བརྒྱའི་ནང་དུ་འབྱུང་མི་སྲིད་པའི་འགྱུར་བ་མང་པོ་འགྲོ་ཡི་ཡོད་པ་རེད་ཟེར་བ་བཞིན་འཛམ་གླིང་འགྱུར་བ་འགྲོ་ཡི་ཡོད་པ་རེད། ཚོགས་འདུའི་བརྗོད་གཞིའི་ནང་དུ་བོད་པ་དང་། ཡུ་གུར། སོག་པོ། ཐའེ་ཝན། ཧོང་ཀོང་། རྒྱ་རིགས་བཅས་ཀྱི་ཅི་ཞིག་བྱེད་དགོས་པ་དང་། ཐུན་མོང་གི་ཅི་ཞིག་བྱེད་ཐུབ་མིན་སྐོར་ལ་བགྲོ་གླེང་བྱས་ནས་གཞི་མཐུན་གྱི་ལྟ་བ་འཛུགས་ཐུབ་མིན་དང་། མཉམ་འབྲེལ་གྱི་ལས་ཕྱོགས་ཅི་ཞིག་འཛིན་དགོས་མིན་ཐད་བགྲོ་གླེང་བྱ་རྒྱུ་ཡིན་ཞེས་དང་། ཡང་ཁོང་གིས་ང་ཚོའི་ངོས་ནས་རེ་བ་གཙོ་བོ་རྒྱ་ནག་གཞུང་ལ་སྡུག་བཤད་ཙམ་རྒྱག་རྒྱུ་མིན་པར། ང་ཚོར་དཀའ་ངལ་གཅིག་པ་འཕྲད་བཞིན་ཡོད་པ་དེར་ག་རེ་བྱ་རྒྱུ་ཡིན་པའི་ཐོག་བགྲོ་གླེང་བྱེད་རྒྱུར་རེ་བ་རྒྱག་གི་ཡོད་ལ། ཚོགས་ཞུགས་པ་མི་གྲངས་ལྔ་བཅུ་ལྷག་འབྱོར་ཡོད་པ་དང་། དཔྱད་རྩོམ་བཅུ་གསུམ་དང་གཏམ་བཤད། བསམ་ཚུལ་མང་པོ་འཁྱེར་ནས་སླེབས་འདུག ཚོགས་འདུའི་ཐོག་ནས་དོན་དག་ལ་ཕབ་པའི་ཐུབ་པའི་རེ་བ་འདུག ཅེས་བརྗོད་སོང་།

གསར་འགོད་པ། བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Mobile App

མདོ་སྨད་གཙང་དགོན་པའི་གྲྭ་ཤེར་བཟང་རྒྱ་མཚོ་ལགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་སྲོག་བློས་བཏང་།

༢༠༢༥/༠༨/༢༢
སྲིད་སྐྱོང་མཆོག་གིས་སུ་ཇཱ་བོད་ཁྱིམ་གྱི་དགེ་སློབ་རྣམས་ལ་གསུང་བཤད་གནང་། ༢༠༢༥།༠༨།༢༡ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ནང་བྱིས་པ་རྣམས་རྒྱ་སྐད་བཤད་མཁན་ཆགས་པ་དང་བཙན་བྱོལ་ནང་བོད་སྐད་ལ་དོ་སྣང་མ་བྱས་ན་འགྲིག་གི་མ་རེད།

༢༠༢༥/༠༨/༢༢
བོད་ནང་གི་ན་གཞོན་གཞས་པ་ཨ་སངས་ལགས། པར་དུས་བབ་ཀྱིས་ཕྱོགས་སྒྲིག་བྱས།
Mobile App

ཨ་འདུས་དགོན་པའི་དགེ་འདུན་པ་ཚེ་དབང་ལགས་ཀློད་གྲོལ་བཏང་འདུག

༢༠༢༥/༠༨/༢༢
སྦེན་ཀོག་གི་འགྲེམས་སྟོན་དེ་ནི་ཨི་རན་དང་། རྒྱ་ནག ཨུ་རུ་སུ་བཅས་ནས་བཙན་བྱོལ་དུ་གྱར་བའི་སྒྱུ་རྩལ་བས་སྤེལ་བའི་དབང་འཛིན་རིང་ལུགས་ཀྱི་སྲིད་གཞུང་དང་སྲིད་གཞུང་དེ་དག་གིས་སྤེལ་བའི་གཉའ་གནོན་གྱི་སྐོར་རེད།
Mobile App

བོད་དང་། ཡུ་གུར། ཧོང་ཀོང་བཅས་ཀྱི་སྒྱུ་རྩལ་བའི་འགྲེམས་སྟོན་དང་། རྒྱ་ནག་གི་རྒྱལ་མཚམས་བརྒལ་བའི་གཉའ་གནོན།

༢༠༢༥/༠༨/༢༢
Front Slider

བཙན་བྱོལ་བོད་མིའི་རུབ་སྡོད་གཞིས་ཁང་གསར་རྒྱག

༢༠༢༥/༠༨/༢༡
Photo: Institute for Security & Development Policy
Mobile App

རྒྱ་ནག་གིས་བོད་ནང་དམག་དོན་རྒྱ་སྐྱེད་བཏང་བ་དེས་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་གནོད་སྐྱོན་ཐེབས་ཀྱིན་ཡོད།

༢༠༢༥/༠༨/༢༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese