མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཞི་བའི་ཚལ་ཕོ་བྲང་ནས་ལ་དྭགས་མི་མང་ལ་གསུང་ཆོས་སྩལ་གཏན་ཁེལ།

བོད་ཀྱི་དུས་བབ།
༢༠༢༣/༠༦/༡༧
Share on FacebookShare on TwitterShare on EmailShare on Whatsapp

ཟླ་རྗེས་མའི་ཚེས་ ༡༠ ཉིན་༧གོང་ས་མཆོག་ལ་དྭགས་སུ་ཆིབས་བསྒྱུར་བསྐྱངས་ཏེ་ལ་དྭགས་མི་མང་ལ་གསུང་ཆོས་དང་མཇལ་ཁ་སོགས་ཀྱི་མཛད་འཕྲིན་བསྐྱང་རྒྱུ་ཡིན་འདུག

ཕྱི་ལོ་ ༢༠༢༢ ཟླ་ ༧ ནང་༧གོང་ས་མཆོག་གིས་ཞི་བའི་ཚལ་ཕོ་བྲང་དུ་ལ་དྭགས་མི་མང་ལ་བཀའ་ཆོས་གནང་བཞིན་པ། བོད་ཀྱི་དུས་བབ་ཀྱི་པར།

འདི་གའི་གསར་འགོད་པས། ལ་དྭགས་ཀྱི་འབྲེལ་ཡོད་མི་སྣ་ཁག་ཅིག་ལ་བཀའ་འདྲི་ཞུས་པ་ལྟར་ན། ཁ་སང་ཕྱི་ཚེས་ ༡༦ ཉིན་ལ་དྭགས་ནང་པ་ཚོགས་པ་དང་དགོན་པ་ཚོགས་པ་གཉིས་ཀྱི་གོ་སྒྲིག་འོག ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་སུ་ཆིབས་བསྒྱུར་གནང་ཕྱོགས་སྐོར་ལ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་ཅིང་། སྐབས་དེར་ལ་དྭགས་ནང་པ་ཚོགས་པའི་ཚོགས་གཙོ་ཐུབ་བསྟན་ཚེ་དབང་ལགས་ཀྱིས། དགའ་ལྡན་ཕོ་བྲང་ཡིག་ཚང་ནས་བཀའ་ཡིག་འབྱོར་བ་བཞིན། ཕྱི་ཟླ་ ༧ ཚེས་ ༡༠ ཉིན་སྔ་དྲོའི་ཆུ་ཚོད་ ༡༠ ཙམ་ལ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་གླེ་རུ་ཆིབས་བསྒྱུར་གནང་གྲུབ་རྗེས་ཉིན་གསུམ་བཞི་རིང་སྐུ་ངལ་གསོ་རྒྱུ་ཡིན་པ་དང་། དེ་ནས་ལ་དྭགས་གླེ་ཇོ་བོའི་གཙུག་ལག་ཁང་དུ་གཟིགས་སྐོར་ཕེབས་རྒྱུ་ཡིན་སྐོར་བརྗོད་འདུག

གསར་འགོད་པས་རྒྱུས་ལོན་བྱུང་བའི་གནས་ཚུལ་ལྟར་ན།  ཕྱི་ཟླ་ ༧ ཚེས་ ༢༡ ནས་ ༢༣ བར་ཉིན་གྲངས་གསུམ་རིང་གླེ་ལྕོག་ལམ་སར་ཞི་བའི་ཚལ་ཕོ་བྲང་དུ། ༧གོང་ས་མཆོག་གིས་ལ་དྭགས་མི་མང་ལ་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་གསུང་ཆོས་དང་། སྤྱན་རས་གཟིགས་ཀྱི་བཀའ་དབང་བསྩལ་རྒྱུ་དང་སྐབས་དེར་ལ་དྭགས་ནང་པའི་ཚོགས་པ་དང་དགོན་པ་ཚོགས་པ་ཐུན་མོང་ནས་བརྟན་བཞུགས་བསྡུས་པ་ཞིག་བསྟར་འབུལ་ཞུ་རྒྱུ་ཡིན་འདུག  དེ་བཞིན། ལོ་ལྟར་ལ་དྭགས་ཀྱི་དགོན་པ་ཁག་ནས་ཚོགས་སྲོལ་ཡོད་པའི་དབྱར་ཆོས་ཆེན་མོ་དེ་ལ་དྭགས་ལམ་སྒྲོན་བདེ་སྐྱིད་ཚོགས་པའི་གོ་སྒྲིག་འོག ལམ་སྒྲོན་དཔེ་གསར་མཐོ་རིམ་སློབ་གྲྭ་བཙུགས་ནས་ལོ་ ༥༠ འཁོར་བའི་མཛད་སྒོ་དང་སྟབས་བསྟུན་དབྱར་ཆོས་ཆེན་མོ་འཚོགས་རྒྱུ་ཡིན་འདུག་ཡིན་ཡང་། འདི་ལོའི་༧གོང་ས་མཆོག་གི་ལ་དྭགས་ཀྱི་མཛད་འཆར་ཁྲོད། ནུབ་ར་དང་ལ་དྭགས་གཤམ་ལྗོངས་སོགས་སུ་ཕེབས་འཆར་ཡོད་སྐོར་ཙམ་ལས། ད་ལྟ་ཡོངས་གྲགས་ཀྱི་ཐོག་ནས་འདི་ལོའི་༧གོང་ས་མཆོག་གི་ལ་དྭགས་ཀྱི་མཛད་འཆར་ཁག་གི་དུས་ཚེས་སོགས་གསལ་བསྒྲགས་བྱས་མེད་པ་རེད།

འདས་ལོའི་ཕྱི་ཟླ་༧ ཚེས་ ༡༥ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་སུ་ཆིབས་བསྒྱུར་བསྐྱངས་ཏེ། ཉིན་གསུམ་རིང་ཞི་བའི་གསུང་ཆོས་རྭ་བར་རྒྱལ་སྲས་ཞི་བ་ལྷའི་བཀའ་ཆོས་དང་ཐུགས་རྗེ་ཆེན་པོའི་བཀའ་དབང་བསྩལ་ཡོད་ཅིང་།  ལ་དྭགས་བོད་ཁྱིམ་དུ་ལ་དྭགས་བྱང་ཐང་གི་བོད་མི་རྣམས་དང་བསོད་ནམས་གླིང་གི་ཁོངས་གཏོགས་གཞིས་གྲོང་བཅུ་གཉིས་བཅས་ཀྱི་མང་ཚོགས་བཞི་སྟོང་ལྷག་ལ་བཀའ་སློབ་བསྩལ་ཡོད་པ་མ་ཟད།   ལིང་ཤེད་སྐུ་འབུམ་འོད་འབར་དགོན་གྱི་དབྱར་ཆོས་ཆེན་མོའི་ཚོགས་མགོན་དུ་ཕེབས་ཏེ་དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིགས་བརྒྱད་མའི་བཀའ་ཆོས་བསྩལ་བ། དེ་བཞིན་ཟངས་དཀར་སོ་ན་ཁ་ཆེའི་ལྷ་ཁང་དུ་མི་མང་བཀའ་སློབ་སོགས་བསྩལ་ཡོད་འདུག་ལ། ཕྱི་ཚེས་ ༢༦ ཉིན་༧གོང་ས་མཆོག་གི་ལ་དྭགས་ཀྱི་མཛད་འཕྲིན་ཁག་ལེགས་པར་གྲུབ་སྟེ་ལྡི་ལི་བརྒྱུད་བཞུགས་སྒར་དུ་ཆིབས་བསྒྱུར་བསྐྱངས་གནང་ཡོད།

གསར་འགོད་པ། བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Mobile App

མདོ་སྨད་གཙང་དགོན་པའི་གྲྭ་ཤེར་བཟང་རྒྱ་མཚོ་ལགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱིས་རང་སྲོག་བློས་བཏང་།

༢༠༢༥/༠༨/༢༢
སྲིད་སྐྱོང་མཆོག་གིས་སུ་ཇཱ་བོད་ཁྱིམ་གྱི་དགེ་སློབ་རྣམས་ལ་གསུང་བཤད་གནང་། ༢༠༢༥།༠༨།༢༡ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ནང་བྱིས་པ་རྣམས་རྒྱ་སྐད་བཤད་མཁན་ཆགས་པ་དང་བཙན་བྱོལ་ནང་བོད་སྐད་ལ་དོ་སྣང་མ་བྱས་ན་འགྲིག་གི་མ་རེད།

༢༠༢༥/༠༨/༢༢
བོད་ནང་གི་ན་གཞོན་གཞས་པ་ཨ་སངས་ལགས། པར་དུས་བབ་ཀྱིས་ཕྱོགས་སྒྲིག་བྱས།
Mobile App

ཨ་འདུས་དགོན་པའི་དགེ་འདུན་པ་ཚེ་དབང་ལགས་ཀློད་གྲོལ་བཏང་འདུག

༢༠༢༥/༠༨/༢༢
སྦེན་ཀོག་གི་འགྲེམས་སྟོན་དེ་ནི་ཨི་རན་དང་། རྒྱ་ནག ཨུ་རུ་སུ་བཅས་ནས་བཙན་བྱོལ་དུ་གྱར་བའི་སྒྱུ་རྩལ་བས་སྤེལ་བའི་དབང་འཛིན་རིང་ལུགས་ཀྱི་སྲིད་གཞུང་དང་སྲིད་གཞུང་དེ་དག་གིས་སྤེལ་བའི་གཉའ་གནོན་གྱི་སྐོར་རེད།
Mobile App

བོད་དང་། ཡུ་གུར། ཧོང་ཀོང་བཅས་ཀྱི་སྒྱུ་རྩལ་བའི་འགྲེམས་སྟོན་དང་། རྒྱ་ནག་གི་རྒྱལ་མཚམས་བརྒལ་བའི་གཉའ་གནོན།

༢༠༢༥/༠༨/༢༢
Front Slider

བཙན་བྱོལ་བོད་མིའི་རུབ་སྡོད་གཞིས་ཁང་གསར་རྒྱག

༢༠༢༥/༠༨/༢༡
Photo: Institute for Security & Development Policy
Mobile App

རྒྱ་ནག་གིས་བོད་ནང་དམག་དོན་རྒྱ་སྐྱེད་བཏང་བ་དེས་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་གནོད་སྐྱོན་ཐེབས་ཀྱིན་ཡོད།

༢༠༢༥/༠༨/༢༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese