མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་བའི་སྲས་ཞེས་པའི་༧གོང་ས་མཆོག་གི་མཛད་རྣམ་ཞིག་གཟིགས་འབུལ་ཞུ་བཞིན་འདུག

བོད་ཀྱི་དུས་བབ།
༢༠༢༣/༠༦/༢༦
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་བའི་སྲས་ཞེས་༧གོང་ས་མཆོག་གི་སྐུ་ཚེའི་མཛད་རྣམ་ཞིག་གཏམ་བརྗོད་ཀྱི་ལམ་ནས་ཨ་རིའི་མེན་ནེ་སོ་ཊ་མངའ་སྡེའི་ནང་གཟིགས་འབུལ་ཞུ་བཞིན་འདུག

The 14th incarnation of the Dalai Lama is heralded by monks and his parents during a recent dress rehearsal of “The Buddha Prince.”

ཟླ་འདིའི་ཕྱི་ཚེས་ ༢༣ ཉིན་ནས་དབུ་འཛུགས་ཀྱིས་ཕྱི་ཟླ་ ༧ ཚེས་ ༩ བར་ཨ་རིའི་མངའ་སྡེ་མེན་ནི་སོ་ཊའི་མི་ནི་ཡ་པོ་ལི་སི་ (Minneapolis) གྲོང་ཁྱེར་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་ཚེའི་མཛད་རྣམ་དང་འབྲེལ་བའི་རྒྱལ་བའི་སྲས་ (The Buddha Prince) ཞེས་པའི་གཏམ་བརྗོད་ཅིག་གཟིགས་འབུལ་ཞུ་བཞིན་འདུག

གཏམ་བརྗོད་དེ་ནི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་ལོ་གཞོན་དུས་ཀྱི་སྐུ་ཚེ་དང་རྒྱ་གར་ནང་བྲོས་བྱོལ་དུ་ཕེབས་པའི་བརྒྱུད་རིམ་སོགས་ལ་དམིགས་པ་ཞིག་ཡིན་པ་མ་ཟད། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་གསུང་ཆོས་དང་ཁོང་གི་སྐུ་ཚེའི་མཛད་རྣམ་བཙན་བྱོལ་གྱི་རང་དབང་ (Freedom in Exile) སོགས་ཕྱག་དེབ་ཁག་ནས་བརྗོད་བྱ་བདམས་ཏེ་གཏམ་བརྗོད་ཀྱི་ཁོངས་སུ་བཅུག་ཡོད་འདུག་ལ། གཏམ་བརྗོད་འཁྲབ་མཁན་ཨ་རིའི་མངའ་སྡེ་མེན་ནི་སོ་ཊའི་ནང་གནས་སྡོད་བྱེད་བཞིན་པའི་བོད་པའི་གཞོན་སྐྱེས་ལོ་ན་ ༡༣ ནས་ ༡༥ བར་གྱི་འཁྲབ་སྟོན་པ་དང་ས་གནས་ཡུལ་མི་རོལ་མོའི་སྒྱུ་རྩལ་བ་བཅས་ཡིན་པ་རེད།

དེ་འབྲེལ་ཐད་གཏམ་བརྗོད་འཁྲབ་ཁྲིད་པ་མར་ཀལ་ (Markell Kiefer) ལགས་ཀྱིས། མི་མི་འདྲ་བ་ལ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་མཚོན་དོན་མི་འདྲ་བ་རེ་ཡོད། འོན་ཀྱང་། མི་མང་པོ་ཞིག་གིས་ཁོང་གི་དམིགས་བསལ་མཛད་རྣམ་དག་ཤེས་ཀྱི་མེད་པ་རེད། ཅེས་དང་། ང་ཚོས་ཁོང་གི་སྐུ་ཚེའི་མཛད་རྣམ་འགྲེལ་བརྗོད་ཇི་ལྟར་བྱ་དགོས་མིན་ཐད་བསམ་བློ་གཏོང་སྐབས། ཁོང་དགུང་ལོ་གཞོན་དུས་སུ་སེམས་ཅན་ལ་འཕྲད་པ་དང་། རང་བྱུང་ཁོར་ཡུག་སོགས་ཀྱི་སྐོར་ལ་སེམས་འགུལ་ཐེབས་པའི་བཀའ་མོལ་མང་པོ་གནང་བ་རྣམས་དྲན་པར་བརྟེན། ཁོང་གི་སྐུ་ཚེའི་མཛད་རྣམ་ཁག་ཕྱི་རོལ་དུ་གཏམ་བརྗོད་ཀྱི་ལམ་ནས་འཁྲབ་ཁྲིད་བྱ་རྒྱུ་དེ་འོས་ཤིང་འཚམས་པ་ཞིག་ཡིན་པ་ཚོར་བྱུང་། ཞེས་བརྗོད་འདུག

ད་ལྟ་རང་ལོ་ ༢༦ ཡིན་པ་དང་ཨ་རིའི་མཁའ་དམག་ནང་སྲི་ཞུ་སྒྲུབ་བཞིན་པའི་བསྟན་འཛིན་ལེགས་ལྡན་ལགས་ཀྱིས། གཏམ་བརྗོད་འདི་བརྒྱུད་ནས་ང་ལ་རང་ཉིད་ཀྱི་རིགས་རྒྱུད་སྐོར་ལ་གོ་རྟོགས་ཡག་པོ་བྱུང་བ་དང་། མི་གཞན་གྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་གསུང་ཆོས་སྐོར་ལ་སློབ་གཉེར་བྱེད་པའི་རེ་བ་ཡོད། ང་རང་བོད་མི་ཞིག་ཡིན་པ་དང་ཐེངས་དང་པོར་གཏམ་བརྗོད་དེ་འཁྲབ་སྐབས། བོད་ཀྱི་ལོ་རྒྱུས་ལ་ཤེས་རྟོགས་མང་པོ་མེད། འོན་ཀྱང་། གཏམ་བརྗོད་དེ་བརྒྱུད་ནས་གནད་དོན་མང་པོའི་ཐོག་ལ་ཤེས་རྟོགས་བྱུང་སོང་། ཞེས་བརྗོད་འདུག

བསྟན་འཛིན་ངག་དབང་ལགས་ཀྱིས། ང་ལ་བོད་མི་རིགས་ཀྱི་སྐད་ཡིག་འཇིག་ཉེན་ཡོད་པའི་དོ་སྣང་བྱུང་བར་བརྟེན། ང་ཚོ་ཨ་རིར་གནས་སྡོད་བྱེད་པའི་སྐབས་སུ་སློབ་མ་མང་པོ་ཞིག་གིས་དབྱིན་སྐད་དང་བོད་སྐད་གཉི་ག་ཤོད་ཀྱི་ཡོད། ང་ལ་ང་ཚོའི་རིག་གཞུང་དང་སྐད་ཡིག་འཇིག་གི་རེད་བསམ་ནས་ཞེད་སྣང་ཡོང་གི་འདུག དེར་བརྟེན། གཏམ་བརྗོད་འདི་བརྒྱུད་ནས་མི་མང་པོ་ཞིག་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་སློབ་སོགས་ཤེས་དགོས་གལ་ཆེན་པོ་ཡིན་པ་དང་། ༧ཁོང་གིས་དུས་རྟག་ཏུ་བྱམས་བརྩེའི་སྐོར་ལ་བཀའ་སློབ་གནང་གི་ཡོད་པ་རེད། ད་ལྟའི་ཆར་ང་ཚོའི་འཛམ་གླིང་ལ་བྱམས་བརྩེའི་གོ་རྟོགས་དགོས་གལ་ཆེན་པོ་རེད། ཅེས་བརྗོད་འདུག

གཏམ་བརྗོད་འཁྲབ་སྐབས་སྒྱུ་རྩལ་བ་ཚོས་འབག་གྱོན་པ་དང་། བོད་ཀྱི་གཞས་དང་ཞབས་བྲོ་སོགས་དངོས་སུ་འཁྲབ་ཀྱི་ཡོད་ཅིང་། གཏམ་བརྗོད་དེ་ནི་ཕྱི་ལོ་ ༢༠༠༡ ལོར་ཐོག་མར་ཨ་རིའི་མངའ་སྡེ་དེའི་ནང་འཁྲབ་སྟོན་བྱས་ཤིང་།  ཨ་རི་བ་མར་ཀལ་ (Markell Kiefer) ལགས་དང་བོད་མི་བསྟན་འཛིན་ངག་དབང་ལགས་གཉིས་མཉམ་འབྲེལ་གྱིས་བཟོས་པའི་གཏམ་བརྗོད་ཅིག་ཡིན་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩
British Prime Minister Keir Starmer with Chinese President Xi Jinping. Image source - X/@EuroPostAgency
གསར་འགྱུར།

བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ།

༢༠༢༦/༠༡/༢༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese