མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྗེས་འབྱོར་བོད་མིའི་སྡོད་ཁང་བགོ་འགྲེམས་ཀྱི་འགེངས་ཤོག་སྐོང་བཞིན་འདུག

བོད་ཀྱི་དུས་བབ།
༢༠༢༣/༠༧/༡༩
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ནས་རྗེས་འབྱོར་བོད་མིའི་སྡོད་ཁང་གི་དཀའ་ངལ་སེལ་སླད་རྒྱ་གར་ལྷོ་ཕྱོགས་ཀྱི་གཞིས་ཆགས་ཆེ་ཁག་ཚུད་པའི་གཞིས་ཆགས་ ༩ ཙམ་གྱི་ནང་གཞིས་ས་དང་སྡོད་ཁང་གསར་རྒྱག་གི་འགེངས་ཤོག་སྐོང་དུ་འཇུག་བཞིན་འདུག

དྷ་ས་ས་གནས་མགོ་འཛིན་ལས་ཁུངས་ཀྱི་ཕུན་ཚོགས་ཁང་གསར་དུ་མི་མང་འདུ་འཛོམས་གནང་བ། དུས་བབ་ཀྱི་པར། ༢༠༢༣།༠༧།༡༩

དེ་རིང་ཞོགས་པར་དྷ་ས་ས་གནས་མགོ་འཛིན་ལས་ཁུངས་ཀྱི་ཕུན་ཚོགས་ཁང་གསར་ཚོགས་ཁང་དུ། དྷ་ས་ས་གནས་མགོ་འཛིན་ལས་ཁུངས་ཀྱི་གོ་སྒྲིག་འོག རྗེས་འབྱོར་བོད་མིའི་ས་ཁང་བགོ་འགྲེམས་སྐོར་གྱི་ཚོགས་འདུ་བསྡུས་ཏེ། དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར་ལགས་ཀྱིས་བོད་མིའི་སྒྲིག་འཛུགས་ཀྱི་རྗེས་འབྱོར་བོད་མིའི་ས་ཁང་བགོ་འགྲེམས་ཀྱི་ཐོ་འགོད་བྱེད་ཕྱོགས་སྐོར་ལ་ངོ་སྤྲོད་གནང་སྟེ་འགེངས་ཤོག་བཀྲམ་འདུག་ལ། དེ་རིང་དང་སང་ཉིན་གྱི་དུས་ཡུན་ནང་ཚུད་ས་ཁང་དགོས་མཁན་རྣམས་ཀྱིས་ཨོ་རི་ས་ཕུན་ཚོགས་གླིང་དང་། མན་སྤར་ཕན་བདེ་གླིང་། མོན་གྷོ་འདོད་རྒུ་གླིང་། སྤེལ་ཀོབ་ཅོ་ཀུར། ཧོན་སུར་རབ་རྒྱས་གླིང་། ཀོ་ལེ་གྷལ་དོན་ལྡན་གླིང་། སྦེལ་ཀོབ་ལུགས་བསམ། བདེ་སྐྱིད་སླར་གསོ། སྡེ་ར་རྡུན་བཅས་ཀྱི་གཞིས་ཁོངས་སུ་གཞིས་ས་དང་ཁང་པ་མཁོ་སྤྲོད་ཀྱི་རིམ་པ་མི་འདྲ་བ་ལྔ་ཡི་ཐོག་ནས་ས་ཆ་དང་ལོ་དུས་ཀྱི་འགེངས་ཤོག་སྐོང་དགོས་ཀྱི་འདུག

ས་གནས་དང་ལོ་དུས་ཀྱི་གདམ་ཀའི་ནང་དུ། དང་པོ་ཨོ་རི་ས་ཕུན་ཚོགས་གླིང་ལ་ལོ་དུས་རྩིས་ལོ་ ༢༠༢༤ ནས་ ༢༠༢༥ བར་དང་། གཉིས་པ་མན་སྤར་ཕན་བདེ་གླིང་ལ་རྩིས་ལོ་ ༢༠༢༥ ནས་ ༢༠༢༦ བར། གསུམ་པ་མོན་གྷོ་ལ་རྩིས་ལོ་ ༢༠༢༦ ནས་ ༢༠༢༧ བར། དེ་ནས་སྦེལ་ཀོབ་ཅོ་ཀུར་དང་ཧོན་སུར། ཀོ་ལེ་གྷལ། སྦེལ་ཀོབ་ལུགས་བསམ་དང་བདེ་སླར། སྡེ་ར་རྡུན་བཅས་གསལ་འདུག་ལ། འགེངས་ཤོག་སྐོང་མཁན་གྱིས་སོ་སོའི་རེ་འདོད་ལྟར་དང་པོ་དང་གཉིས་པ། གསུམ་པ་བཅས་ས་གནས་མི་འདྲ་བ་གསུམ་ལ་རྟགས་རྒྱག་ཆོག་གི་འདུག

གོང་བཀོད་ས་གནས་ཁག་ལས་ཨོ་ཌི་ཤ་ཕུན་ཚོགས་གླིང་དང་། མན་སྤར་ཕན་བདེ་གླིང་དུ་འགྲོ་འདོད་ཡོད་མཁན་ཚོར་ནང་སྲིད་ལས་ཁུངས་ནས་གཞིས་ས་དང་སྡོེད་ཁང་གཉིས་ཀ་མཁོ་སྤྲོད་གནང་རྒྱུ་དང་། ལྷོ་ཕྱོགས་མོན་གྷོ་དང་བདེ་སྐྱིད་སླར་གསོའི་ཁྱབ་ཁོངས་ཅོ་ཀུར་གྲོང་སྡེར་གཞུང་ནས་གཞིས་ས་མཁོ་སྤྲོད་དང་སྡོད་ཁང་གསར་རྒྱག་ཆེད་ཧིན་སྒོར་འབུམ་ ༥།  ལྷོ་ཕྱོགས་ཀོ་ལི་གྷལ་དང་ཧོན་སུར་གཞིས་ཆགས་སུ་གཞིས་ས་དང་ཧིན་སྒོར་འབུམ་ ༧་༥། སྦེལ་ཀོབ་ལུགས་བསམ་དང་བདེ་སྐྱིད་སླར་གསོའི་གཞིས་ཆགས་སུ་གཞིས་ས་དང་ཧིན་སྒོར་འབུམ་ ༢་༥། སྡེ་ར་རྡུན་དུ་སྡོད་ཁང་རྒྱག་ཡུལ་གཏན་འཁེལ་བྱུང་མི་འདུག་ལ། དོ་བདག་སོ་སོ་ནས་འགྲོ་གྲོན་ཆ་ཚང་གཏོང་དགོས་ཀྱི་ཡོད་འདུག

འདི་གའི་གསར་འགོད་པས་དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར་ལགས་སུ་དེའི་སྐོར་དྲིས་པར་ཁོང་གིས། བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་སྡོད་ཁང་མེད་པའི་མི་མང་གི་དཀའ་ངལ་ཐད་ལ་བཀོད་ཁྱབ་ཕེབས་པ་གཞིར་བཟུང་ཐོག མི་མང་ལ་ས་ཁང་བགོ་འགྲེམས་སྐོར་ལ་འགྲེལ་བཤད་བརྒྱབ་ཡོད་ལ། མི་མང་གིས་སོ་སོའི་འདོད་མོས་ཐོག་འགེངས་ཤོག་བསྐང་རྒྱུ་ཡིན་ལ། དོ་བདག་སོ་སོའི་ལག་ཏུ་འགེངས་ཤོག་སྤྲད་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།

དྷ་ས་ས་གནས་མགོ་འཛིན་གྱི་ཁྱབ་ཁོངས་སུ་སྡོད་ཁང་མེད་པའི་རྗེས་འབྱོར་བ་ག་ཚོད་ཡོད་མེད་དྲིས་པར་ཁོང་གིས། ད་ལྟའི་ཆར་དྷ་ས་ས་གནས་མགོ་འཛིན་གྱི་ཁྱབ་ཁོངས་སུ་ནང་མི་ ༢༠༠ ལྷག་དང་། ནོར་བུ་གླིང་གར་མི་མང་ ༡༠༠ ལྷག་ཡོད་སྐོར་བརྗོད་བྱུང་།

དྷ་ས་ཁུལ་དུ་ཡོད་པའི་མི་མང་ཕལ་ཆེ་བས་དྷ་སའི་ཉེ་འཁོར་ནས་ས་ཆ་དང་ཁང་པ་འཐོབ་པར་རེ་བ་ཆེན་པོ་རྒྱག་གི་འདུག་སྟབས་དེའི་སྐོར་ཁོང་གིས། དྷ་རམ་ས་ལའི་ས་ཆའི་གནས་སྟངས་ལ་མཚོན་པ་ཡིན་ན། ས་ཆ་མང་པོ་ཞིག་ཤིང་ནགས་ཀྱི་ས་ཆ་ཆགས་བསྡད་ཡོད་པ་དེ་དངོས་ཡོད་གནས་སྟངས་རེད། ཤིང་ནགས་ཀྱི་ས་ཆ་ཆགས་བསྡད་ཡོད་དུས། ང་ཚོས་ལག་པ་འཆང་ཆོག་ཆོག་ཡོད་པ་མ་རེད། དེ་ཡང་རྒྱ་གར་དབུས་གཞུང་དང་མངའ་སྡེ་གཞུང་གི་ཆོག་མཆན་ཐག་གཅོད་དགོས་པ་རེད། དམིགས་བསལ་དྷ་རམ་ས་ལ་མཚོན་ན། ཤིང་ནགས་ས་ཆ་གཞི་རྒྱ་ཆེན་པོ་ཡིན་དུས། ང་རང་ངོས་ནས་ལས་ཀ་བྱེད་འདོད་ཀྱང་བྱེད་མི་ཐུབ་པ་ཞིག་ཏུ་མཐོང་གི་འདུག ཡིན་ནའང་། ང་ཚོས་སྔོན་མ་ནས་ས་ཆའི་དཀའ་ངལ་ཐད་འབད་བརྩོན་བྱས་ཡོད་ལ། ད་དུང་མུ་མཐུད་འབད་བརྩོན་བྱ་ངེས་ཡིན། ཞེས་བརྗོད་བྱུང་།

འཛིན་སྐྱོང་བཀའ་ཤག་ནས་རྗེས་འབྱོར་བོད་མི་བགྲེས་ཤག་དང་རང་བདག་ཁང་པ་མེད་མཁན་ཚོར་དམིགས་ཏེ་ཐོག་མར་མི་གྲངས་བསྡུ་རུབ་བྱས་ཏེ་མི་གྲངས་ ༢༠༠༠ བརྒལ་ཟིན་ཡོད་ལ། དེ་དག་ལ་ཞིབ་འཇུག་གི་ལས་རིམ་གྲུབ་སྟེ་ད་ལྟའི་ཆར་ས་གནས་ཁག་ཏུ་དེ་སྔའི་ཐོ་གཞུང་ནང་དུ་ཚུད་པའི་མི་མང་རྣམས་ཀྱིས་ས་གནས་བགོ་འགྲེམས་ཀྱི་ཐོ་གཞུང་སྐོང་བའི་ལས་རིམ་དེར་བསླེབས་འདུག

གསར་འགོད་པ། བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༤ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་ཁྱིམ་ཐོ་གྲངས་བཤེར་གྱི་གསར་འགོད་གསལ་བསྒྲགས་སྤེལ། ༢༠༢༣། ༢།༢ བོད་ཀྱི་དུས་བབ་ཀྱི་པར།
Mobile App

ཕྱི་ལོ་ ༢༠༢༤ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་ཁྱིམ་ཐོ་གྲངས་བཤེར་གྱི་གསར་འགོད་གསལ་བསྒྲགས་སྤེལ།

༢༠༢༤/༠༢/༠༢

མཆན། 2

  1. Yeshi says:
    ལོ་ 2 སྔོན།

    སྣེ་ལེན་ཁང་གསར་རྙིང་གཉིས་དང་། གསོག་སྒར་ཤེས་རབ་དགའ་ཚལ། དྷ་རྟིང་བོད་ཁྱིམ་རྣམས་དྷ་སའི་བོད་མི་ཁ་ཐོར་ཚོ་ལ་མི་སྤྲོད་ན་ཅི་བྱེད་ཡ་རེད། ང་ཚོས་ལག་པ་འཆང་ཆོག་ཆོག་ཡོད་མ་རེད་ཟེར་ན། འོ་ན་ཕྱིར་རྒྱ་གར་གཞུང་ལ་རྩིས་སྤྲོད་འཆར་ཡིན་ནམ།

    Reply
  2. gendun says:
    ལོ་ 2 སྔོན།

    ད་ཡིན་ན་གསར་འབྱོར་ཚོས་རང་གི་མི་གཞི་མངོན་བཅུགས་སོང་། བཀའ་ཤག་སྐབས་བཅོ་ལྔ་དང་ད་ལྟའི་བཀའ་ཤག་སྐབས་བཅུ་དྲུག་པ་གཉིས་ཀྱིས་དྷ་ས་ནས་ཁང་ས་མི་རག་པ་གཅིག་མཚུངས་སུ་གསུངས་ཀྱང་། ད་དུང་ཨུ་ཚུགས་རྒྱག་གི་འདུག ས་གནས་བརྒྱད་གནས་རིམ་བཞིན་འདེམས་བཅུགས་ནའང་མི་དགོས་ཟེར། དོན་ངོ་མ་དྷ་སར་ཁང་པ་བརྒྱབ་ཀྱང་ཡུན་རིང་པོ་མི་འགོར་བར་སྟོང་པ་བཞག་ཏེ་རྐུབ་ཀྱི་ཐལ་རྡུལ་སྤྲུགས་ཏེ་འགྲོ་རྒྱུ་ཐག་ཆོད་པ་ཞིག་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese