མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་སྲས་ལག་ལེན་སོ་བདུན་མའི་བཀའ་ཆོས་དབུ་འཛུགས་མཛད། 

བོད་ཀྱི་དུས་བབ།
༢༠༢༣/༠༧/༢༡
Share on FacebookShare on TwitterShare on EmailShare on Whatsapp

མི་ཚང་མ་སྤྱི་ཚོགས་ལ་བརྟེན་ནས་འཚོ་དགོས་སྟབས་བསམ་བློ་དང་བསམ་ཚུལ་མ་མཐུན་པ་རྐྱེན་དུ་བྱས་ནས་འཁྲུག་པ་བརྒྱག་རྒྱུའི་འོས་བབ་མེད་སྐོར་བླང་དོར་བཀའ་སློབ་བསྩལ།

དེ་རིང་ནས་ཉིན་གྲངས་གསུམ་རིང་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ལ་དྭགས་རྒྱལ་ས་གླེའི་གསུང་ཆོས་ར་བ་རུ། དད་ལྡན་མང་ཚོགས་ཁྲི་ཕྲག་འགར་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་རྒྱལ་སྲས་ལག་ལེན་སོ་བདུན་མའི་བཀའ་ཆོས་དབུ་འཛུགས་མཛད་སོང་།  དེ་རིང་བཀའ་ཆོས་ཀྱི་ཉིན་དང་པོར་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། འཛམ་གླིང་གི་ཆོས་ལུགས་ཚང་མར་རང་རང་གི་ལྟ་གྲུབ་མི་འདྲ་རེ་ཡོད་པ་ཙམ་ལས། ཚང་མའི་མཐར་ཐུག་དང་དམིགས་འབེན་གཅིག་མཚུངས་ཡིན་པས། ཆོས་ལུགས་ཚང་མས་མཐུན་སྒྲིལ་བྱ་རྒྱུ་གལ་ཆེན་ཡིན་སྐོར་སོགས་གསུངས་སོང་།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། ཆོས་ལུགས་ཚང་མས་གཞན་ལ་ཕན་པ་དང་། བརྩེ་བ་བྱ་དགོས་པར་བཤད་ཀྱི་ཡོད་རེད། ངོས་རང་གིས་ཆོས་ལུགས་ཚང་མར་རྗེས་སུ་ཡི་རངས་དང་ཡག་པོ་རེད་བསམ་པའི་ངོས་འཛིན་བྱེད་བསྡད་ཀྱི་ཡོད། ངོས་རང་གིས་ཆོས་ལུགས་ཚང་མར་གུས་ཞབས་དང་བརྩི་མཐོང་བྱས་པ་ལ་བརྟེན་ནས། ངོས་རང་ལུང་པ་འདྲ་མི་འདྲར་འགྲོ་བསྡད་པའི་སྐབས་སུ། ཆོས་ལུགས་འདྲ་མི་འདྲའི་ལྷ་ཁང་ལ་འགྲོ་བསྡད་ཀྱི་ཡོད་ལ། ཆོས་ལུགས་ཚང་མར་མོས་གུས་བྱེད་ཀྱི་ཡོད། ཆོས་ལུགས་མི་འདྲ་བ་རྐྱེན་དུ་བྱས་ནས་འཁྲུག་པ་རྒྱག་པའི་རྐྱེན་ལ་འགྲོ་རྒྱུ་དེ་ནི་ཧ་ལས་པའི་སེམས་སྐྱོ་བོ་དང་བློ་ཕམ་པོ་རེད། ཆོས་ལུགས་ཚང་མས་གཞན་ཕན་བསྒྲུབ་རྒྱུ་དེ་གསུང་གི་ཡོད་རེད་དེ། ཆོས་ལུགས་མི་འདྲ་བ་རྒྱུ་མཚན་དུ་བྱས་ནས་ང་རང་ཚོ་ཕན་ཚུན་འཁྲུག་པ་རྒྱག་རེས་བྱས་པ་དེ་ཧ་ཅང་བློ་ཕམ་པོ་རེད། བྱས་ཙང་ངོས་རང་གིས་ཆོས་ལུགས་ཚང་མར་གུས་ཞབས་དང་མཐུན་ལམ་ཡག་པོ་ཞིག་ཡོང་བར་འབད་བརྩོན་བྱེད་བསྡད་ཀྱི་ཡོད།  ཅེས་གསུངས་སོང་།

ཡང་༸མགོན་པོ་མཆོག་ནས། ལ་དྭགས་ལ་ཆ་བཞག་ན་མང་བ་ནང་པའི་ཆོས་པ་རེད། འདིར་ཁ་ཆེ་ཆོས་ལུགས་བྱེད་མཁན་གང་ལ་གང་འཚམ་ཡོད་རེད། དུས་རབས་གསར་པའི་ནང་ཡི་ཤུའི་ཆོས་བྱེད་མཁན་གཏན་གཏན་ཡོང་གི་རེད། གནའ་རབས་ཀྱི་རྒྱ་གར་གྱི་མུ་སྟེགས་པའི་ཆོས་བྱེད་མཁན་ཡང་ཡོད་རྒྱུ་རེད། རང་རང་སོ་སོས་ཆོས་དད་བྱེད་སྟངས་དང་འགྲེལ་བཤད་དེ་མི་འདྲ་བ་ཡོད་རེད་དེ། ཆོས་ལུགས་ཚང་མས་གཅིག་གྱུར་གྱིས་མི་ལ་ཕན་བདེ་བྱ་རྒྱུ། སྤྱི་ཚོགས་སུ་ཞབས་འདེགས་བསྒྲུབ་རྒྱུའི་བསླབ་བྱ་གཅིག་པ་ཡོད་རེད་ལ། འཛམ་བུ་གླིང་འདིའི་སྒང་ལ་མཐོང་ཆོས་སུ་ཡི་ཤུའི་ཆོས་པ་དེ་འདྲས་དངོས་གནས་དྲང་གནས་སྨན་བཅོས་བྱ་རྒྱུས་མཚོན་པའི་སློབ་སྦྱོང་སོགས་ཀྱི་ཐོག་ལ་རོགས་པ་ཞེ་དྲགས་བྱེད་ཀྱི་ཡོད་རེད། ངོ་མཚར་སྐྱེས་ཡ་རེད། དེ་བཞིན་ཁ་ཆེའི་ཆོས་པ་ཚོའང་ཞེ་དྲགས་ཡག་པོ་ཡོད་རེད། མུ་སྟེགས་པ་ཚོའང་གཞན་ཕན་བསྒྲུབ་རྒྱུར་ཡག་ཐག་ཆོད་ཡོད་རེད། དེ་འདྲ་ཡིན་པ་སོང་ཙང་ཆོས་ལུགས་ཚང་མས་ཐུགས་མཐུན་པོ་བྱས་ནས་གཅིག་གིས་གཅིག་ལ་ལེགས་བཤད་བླང་རེས་བྱ་དགོས། རྩ་བའི་རང་གི་ཆོས་དད་དེ་སོ་སོ་རང་གི་ཆོས་ལུགས་དེའི་སྒང་ནས་ཕྱིན། ལེགས་ཆ་དེ་ཆོས་ལུགས་གཞན་གྱི་ནང་དུའང་ཡོད་པ་ཡིན་དུས། ཆོས་ལུགས་ཚང་མས་ནང་ཚགས་བྱས་ནས། དུས་ནས་དུས་སུ་འཚོགས་ཏེ་བགྲོ་གླེང་བྱས་ན་ཡག་པོ་འདུག་པས། ངོས་རང་གིས་དེ་ལྟར་བྱེད་ཀྱི་ཡོད་རེད། ཅེས་གསུངས་སོང་།

ཡང་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། དེ་རིང་ང་རང་ཚོས་མིག་གིས་མ་མཐོང་བ་མ་གཏོགས་ཡུལ་ལྷ་གཞི་བདག་དེ་ཚོའི་གྲས་ཕལ་ཆེར་འདིར་ཡོད་པའི་ཚོར་བ་ཞིག་ཡོང་གི་འདུག ཅེས་དང་། ངོས་རང་གིས་དངུལ་ཆུ་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མ་འདི་ཁུ་ནུ་བླ་མ་རིན་པོ་ཆེའི་སྐུ་མདུན་ནས་ཞུས་པ་ཡིན། དངོས་གནས་དྲང་གནས་སེམས་རྒྱུད་འདུལ་ཐབས་དང་། བྱང་ཆུབ་སེམས་ཀྱི་ཉམས་ལེན་བྱ་རྒྱུར་ཞེ་དྲགས་ཀྱི་ཕན་ཐོགས་ཆེན་པོ་རེད་འདུག ངོས་རང་ཞོགས་པ་ཡར་ལངས་མ་ཐག་བྱང་ཆུབ་ཀྱི་སེམས་ལ་བསམ་བློ་གཏོང་གི་ཡོད། རང་དོན་སྒྲུབ་པར་བྱང་ཆུབ་ཀྱི་སེམས་ལས་ལྷག་པ་མི་འདུག་ལ། གཞན་དོན་སྒྲུབ་པ་ལའང་བྱང་ཆུབ་ཀྱི་སེམས་ལས་ལྷག་པ་མི་འདུག རང་དོན་ལ་ཆ་བཞག་ན་བྱང་ཆུབ་སེམས་སྒོམ་ཡོང་དུས་སེམས་ལྷོད་ལྷོད་ཆགས་ནས་སེམས་ཞུམ་བསྡད་པའི་ཟོལ་ཞིག་ཁྱོན་ནས་མེད་པ། དེ་བཞིན་ལྷག་བསམ་དང་།  སྙིང་སྟོབས་གཞན་དང་མི་འདྲ་བ་ཞིག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཇི་སྲིད་ནམ་མཁའ་མ་ཟད་བར་དུ་བསྒྲུབ་བསམ་པའི་སྙིང་སྟོབས་ཤུགས་ཆེན་པོ་སྐྱེད། ཡང་སེམས་ཅན་ཐམས་ཅད་ལ་ཕན་པ་བསྒྲུབ་པ་མ་གཏོགས། རྨི་ལམ་ཚུན་ཆད་ནས་གནོད་པ་ནམ་ཡང་མི་བྱེད་བསམ་པའི་བསམ་བློ་ཞིག་གཏོང་ཡོང་དུས། འཕྲལ་དུ་སོ་སོའི་སེམས་ཞི་བདེ་ཡོང་རྒྱུ་དང་། སེམས་ཞི་བདེ་ཡོད་པའི་རྐྱེན་ལ་བརྟེན་ནས་ལུས་པོ་བདེ་ཐང་ཡོང་རྒྱུ། མཐའ་མ་གཉིད་ཉལ་དུས་ཀྱང་སྐྱིད་པོ་ཁུག་གི་རེད། ཅེས་གསུངས་སོང་།

ཡང་མགོན་པོ་གང་ཉིད་ཀྱིས། འཛམ་གླིང་ཤར་ནུབ་ལྷོ་བྱང་ཚང་མས་འཛམ་གླིང་ཞི་བདེ་ཟེར་ནས་འབོད་སྒྲ་ཞིག་ཡོང་བསྡད་ཀྱི་ཡོད་རེད། གང་ཡིན་ཟེར་ན། དམག་ཆེན་དང་པོ་དང་གཉིས་པ་སོགས་ཀྱི་ཁ་ཐུག་ལ་གོ་མཚོན་བེད་སྤྱོད་བྱས་ནས་མི་མང་པོ་སྲོག་ཐོག་དང་རྨས་སྐྱོན་ཐེབས་ནས། འཛམ་བུ་གླིང་གི་དམག་འཁྲུག་ལ་ཡིད་སུན་ཡ་ཞིག་ཆགས་བསྡད་འདུག དེ་འདྲའི་སྐབས་སུ་དམག་འཁྲུག་ཡག་པོ་མ་རེད་ཟེར་བ་ཙམ་གྱིས་ཕན་གྱི་ཡོད་པ་མ་རེད། ང་རང་ཚོའི་སེམས་ནས་རང་རྒྱལ་གཞན་ཕམ་གྱི་བློ་དེ་ཤུགས་ཆེན་པོ་བསྡད་པ་ཡིན་ན་དམག་འཁྲུག་ཡོང་གི་འདུག་ག  བྱས་ཙང་འཛམ་གླིང་འདིའི་སྒང་ལ་ཡོད་པའི་མི་དུང་ཕྱུར་བདུན་ཅུ་བརྒྱད་ཅུ་ཡོད་པ་ཚང་མ་མི་གཅིག་གྱུར་ཡིན་ལ། ཚང་མ་མིའི་སྤྱི་ཚོགས་ལ་བརྟེན་ནས་འཚོ་དགོས་ཡོད་རེད། དེ་འདྲ་ཡིན་དུས་ཕྲན་བུའི་བློ་མ་མཐུན་པ་དང་བསམ་ཚུལ་ཁ་ཁ་ཡིན་པའི་རྒྱུ་མཚན་དུ་བྱས་ནས་འཁྲུག་པ་བརྒྱག་རྒྱུའི་འོས་བབ་གཏན་ནས་ཡོད་མ་རེད། ཅེས་གསུངས་སོང་།

 གསར་འགོད་པ་དོན་གྲུབ་བཀྲིས་དང་དཔལ་ལྡན་གཉིས་ཀྱིས་གླེ་ནས་སྤེལ།

འབྲེལ་ཡོད་གསར་འགྱུར།

LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤
TT
Mobile App

ལོ་འཁོར་སྙན་ཐོ་དང་བོད་ནང་གི་ཆོས་དད་རང་དབང་གི་དམིགས་བསལ་སྙན་ཐོ་ཞིག་འདོན་སྤེལ་གནང་སོང་།

༢༠༢༦/༠༦/༠༤
tttt
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཀ་ན་ཊ་ཀའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ། 

༢༠༢༦/༠༦/༠༤
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བོད་ལ་ཕེབས་རྒྱུའི་ཐུགས་རེ་ཡོད། 

༢༠༢༦/༠༦/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese