མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཕྲུག་ཕ་མ་ཁ་བྲལ་གཏོང་མཁན་རྒྱའི་དཔོན་རིགས་ཁག་ཅིག་ལ་ཉེས་ཆད་གཏང་རྒྱུ་ཡིན་འདུག

བོད་ཀྱི་དུས་བབ།
༢༠༢༣/༠༨/༢༣
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིས་བོད་ཀྱི་བྱིས་པ་ས་ཡ་གཅིག་ལྷག་བཙན་གྱིས་བཅའ་སྡོད་སློབ་གྲྭར་བཅུག་སྟེ་རྒྱ་བསྒྱུར་སྲིད་ཇུས་ལག་བསྟར་བྱེད་མཁན་རྒྱ་རིགས་དཔོན་པོ་ཚོར་ཉེས་ཆད་གཅོད་ཀྱི་ཡོད་འདུག

WASHINGTON, DC – JUNE 15: U.S. Secretary of State Antony Blinken delivers remarks during an event honoring the 2023 Trafficking in Persons Heroes at the Harry S. Truman department headquarters on June 15, 2023 in Washington (Photo by Chip Somodevilla/Getty Images)

ཁ་སང་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲ་ཐོག་ཏུ་སྤེལ་བའི་གནས་ཚུལ་ལྟར་ན། ཨ་རིའི་ཕྱི་སྲིད་ལྷན་ཁང་གིས། རྒྱ་ནག་གཞུང་གིས་བོད་ཀྱི་བྱིས་པ་ས་ཡ་གཅིག་ལྷག་རྒྱའི་བཅའ་སྡོད་སློབ་གྲྭར་བཙན་གྱིས་བཅུག་སྟེ། བོད་པའི་བྱིས་པ་རྣམས་བོད་ཀྱི་སྐད་ཡིག་དང་རིག་གཞུང་། ཆོས་ལུགས་སྲོལ་རྒྱུན་སོགས་ལས་ཁ་བྲལ་དུ་གཏོང་ཐབས་ཀྱི་སྲིད་ཇུས་ལག་བསྟར་བྱེད་བཞིན་ཡོད་སྟབས། ཨ་རིས་དེ་འབྲེལ་བཅའ་སྡོད་སློབ་གྲྭའི་སྲིད་ཇུས་ལག་བསྟར་བྱེད་མཁན་གྱི་རྒྱའི་དཔོན་རིགས་ལ་ཉེས་ཆད་གཅོད་རྒྱུ་ཡིན་སྐོར་བསྒྲགས་འདུག

ཨ་རིའི་ཕྱི་སྲིད་བློན་ཆེན་ཨན་ཐོ་ནེ་བྷི་ལིག་ལགས་ཀྱིས།  རྒྱ་ནག་གི་དཔོན་རིགས་ཚོས། བོད་ཀྱི་བྱིས་པ་ཚོ་རྒྱའི་བཅའ་སྡོད་སློབ་གྲྭར་བཅུག་སྟེ་བོད་མིར་རྒྱ་བསྒྱུར་གྱི་སྲིད་ཇུས་སྤེལ་མཚམས་འཇོག་དགོས་པའི་ནན་སྐུལ་བྱེད་ཀྱི་ཡོད། རྒྱ་ནག་གི་ས་ཁུལ་གཞན་གྱི་ནང་དུའང་རྒྱ་བསྒྱུར་གྱི་སྲིད་ཇུས་སྤེལ་མཚམས་འཇོག་དགོས། ང་ཚོས་མུ་མཐུད་མཐུན་ཕྱོགས་དང་མཉམ་འབྲེལ་རྒྱལ་ཁབ་ཁག་དང་ལྷན་དུ་གནད་དོན་འདི་དག་ཁ་གསལ་བཟོས་ཏེ་འགན་འཁྲིའི་འདུ་ཤེས་གོང་འཕེལ་གཏོང་རྒྱུ་ཡིན། ཞེས་བརྗོད་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་བོད་དོན་ལས་འགུལ་བསྟི་གནས་ཁང་སོགས་ཀྱིས་ཨ་རིའི་སྲིད་ཇུས་ལངས་ཕྱོགས་དེར་དགའ་བསུ་དང་སྦྲགས། རྒྱ་ནག་གཞུང་གིས་བོད་ཀྱི་བྱིས་པ་རྣམས་རང་ཉིད་ཀྱི་ཁྱིམ་དང་ཁ་བྲལ་དུ་བཅུག་པའི་གནད་དོན་དེ་ཕྱི་གསལ་ནང་གསལ་ངེས་པར་དུ་བཟོ་དགོས་སྐོར་སོགས་བརྗོད་འདུག

ཨ་རིས་རྒྱ་ནག་ལ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བའི་གནད་དོན་དང་འབྲེལ་ནས། གཞུང་འབྲེལ་སྲིད་ཇུས་གང་མང་ཞིག་སྤེལ་དང་སྤེལ་མུས་ཡིན་ཞིང་། ཕྱི་ལོ་ ༢༠༢༡ ལོར་ཨ་རིས་རྒྱ་ནག་གཞུང་གིས་ཤར་ཊུ་ཀི་སི་ཐན་ནམ་ཡུ་གུར་མི་རིགས་རྩ་གཏོར་གྱི་སྲིད་ཇུས་ལག་བསྟར་བྱེད་བཞིན་པའི་སྐྱོན་བརྗོད་བྱས་ཡོད་པ་དང་།  ཐེངས་འདིར་བོད་ཀྱི་བྱིས་པའི་གནད་དོན་དང་འབྲེལ། ཨ་རིས་རྒྱ་ནག་གི་ལས་བྱེད་སུ་དང་སུར་ཉེས་ཆད་གཅོད་རྒྱུ་ཡིན་མིན་ཁྲིམས་ལུགས་ཀྱི་བཀག་རྒྱའི་གནས་སྟངས་འོག་ཁ་གསལ་བཟོས་མེད་ཀྱང་། རྒྱ་ནག་གི་ལས་བྱེད་པའི་ཐོངས་མཆན་བཀག་འགོག་བྱ་རྒྱུའི་མཚོན་པའི་ཉེས་ཆད་གཏང་རྒྱུ་ཡིན་པ་རེད།

བོད་རང་སྐྱོང་ལྗོངས་ཟེར་བའི་ནང་བཙན་གནོན་བྱེད་མཁན་གཉིས་ལ་ཨ་རིའི་གཞུང་ནས་ཉེས་ཆད་བཅད། པར་དུས་བབ་ཀྱིས་བསྒྲིགས།

འདས་ལོའི་ཕྱི་ཟླ་ ༡༢ ནང་རྒྱ་ནག་དམར་ཤོག་ཚོགས་པའི་དཔོན་རིགས་ཏེ། བོད་རང་སྐྱོིང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེ་ཟུར་བ་ཝུ་ཡེན་ཅེ་(Wu Yingjie) དང་ཉེན་རྟོག་སྤྱི་ཁྱབ་ཟུར་པ་ཀྲང་ཧོང་པའོ་(Zhang Hongbo) ཟེར་བ་གཉིས་ཀྱིས། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་ཚབས་ཆེན་བཏང་བའི་ནག་ཉེས་འོག ཁོ་གཉིས་ཀྱི་ཨ་རིར་ཡོད་པའི་རྒྱུ་དངོས་ཡོངས་རྫོགས་བཀག་སྡོམ་བྱས་ཏེ་ཉེས་ཆད་བཏང་ཡོད་པ་རེད།

རྒྱ་ནག་གཞུང་གིས་ད་སྔ་བར་བོད་པའི་བྱིས་པ་ལོ་ན་ ༤ ནས་ ༦ བར་གྱི་བྱིས་པ་འབུམ་གཅིག་ལྷག་དང་ལོ་ན་ ༦ ནས་ ༡༨ བར་གྱི་བྱིས་པ་འབུམ་ ༩ ཙམ་བཙན་གྱིས་ཕ་མ་ཁ་བྲལ་དུ་བཏང་སྟེ། རྒྱ་ནག་གིས་བསྐྲུན་པའི་སྔོན་འགྲོ་དང་འབྲིང་རིམ་བཅའ་སྡོད་སློབ་གྲྭར་བཅུག་སྟེ། རྒྱ་སྐད་རྒྱ་ཡིག་ཁོ་ནས་སློབ་འཁྲིད་བྱེད་བཞིན་ཡོད་པ་མ་ཟད།  ཉིན་རེའི་བྱིས་པའི་བྱེད་སྒོ་ཡོངས་ལ་རྒྱའི་ཤུགས་རྐྱེན་ཐེབས་སུ་བཅུག་གི་ཡོད་པའི་ཁར། ཐ་ན་ཟས་རིགས་ཡིན་ཕྱིར་རྒྱ་ཟས་སྤྲད་དེ། བྱིས་པ་རྣམས་བོད་པའི་སྲོལ་རྒྱུན་གྱི་ཟ་མ་རྩམ་མར་སོགས་ལ་དགའ་བོ་མེད་མཁན་ཞིག་ཏུ་བསྒྱུར་ཐབས་བྱེད་ཀྱིན་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༦  ལོའི་འཛམ་གླིང་རྐང་སྤོལ་འགྲན་ཚོགས་ཀྱི་རྟིང་རྩོད་འགྲན་སྡུར་ཁྲོད་སི་པེན་རྒྱལ་ཁབ་ཀྱིས་གསེར་གྱི་བུམ་པ་དེ་བཀྱགས་སོང་།
Mobile App

སི་པེན་གྱིས་ཕྱི་ལོ་ ༢༠༢༦ ལོའི་འཛམ་གླིང་རྐང་སྤོལ་གྱི་གསེར་བུམ་བཀྱགས་སོང་།

ཆུ་ཚོད་ ༡ སྔོན་ལ།
བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༡༧/༧/༡༩
Mobile App

དཔའ་བོའི་མངོན་འདོད་རྒྱུན་མཐུད་ཀྱི་ཟས་བཅད་ངོ་རྒོལ་སྤེལ་མགོ་བཙུགས།

ཆུ་ཚོད་ ༡༧ སྔོན་ལ།
Mobile App

མི་རིགས་མཐུན་སྒྲིལ་ཡར་རྒྱས་ཀྱི་ཁྲིམས།

༢༠༢༦/༠༧/༡༨
བོད་རིག་པའི་ཆེད་མཁས་པ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟུར་བ་རྒན་བདེ་མཆོག་ལགས། པར་བོད་ནང་གི་དྲ་ལམ་ནས་བླངས། ༢༠༢༦།༧།༡༧
Mobile App

བོད་རིག་པའི་མཁས་དབང་བདེ་མཆོག་ལགས་སྐུ་གྲོངས།

༢༠༢༦/༠༧/༡༧
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

ཉིན་གྲངས་ ༡༧ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

༢༠༢༦/༠༧/༡༧
China completes building a fifth new border defence village few km from Arunachal border
Mobile App

རྒྱ་ནག་གཞུང་གིས་རྒྱལ་སྲུང་མཐའ་མཚམས་ཀྱི་གྲོང་ཚོ་ལྔ་པ་དེ་འཛུགས་སྐྲུན་བྱས་ཚར་ཡོད་ཟེར།

༢༠༢༦/༠༧/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese