མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞུང་ས་དགའ་ལྡན་ཕོ་བྲང་སྐབས་བོད་ཀྱི་ལོ་རྒྱུས་གནས་བབ་བསྐྱར་ཞིབ་འཆད་ཁྲིད་གནང་བཞིན་འདུག

བོད་ཀྱི་དུས་བབ།
༢༠༢༣/༠༩/༡༤
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་ཉིན་གྲངས་གཉིས་རིང་བོད་ཀྱི་མཐོ་སློབ་ཁག་གི་དགེ་རྒན་ཆེན་མོ་གསུམ་ཆེད་དུ་གདན་འདྲེན་ཞུས་ཏེ་གཞུང་ས་དགའ་ལྡན་ཕོ་བྲང་སྐབས་བོད་ཀྱི་ལོ་རྒྱུས་གནས་བབ་བསྐྱར་ཞིབ་འཆད་ཁྲིད་ཅིག་འཚོག་བཞིན་འདུག

བོད་ཀྱི་སྤྲུལ་སྐུའི་ལམ་ལུགས་ཀྱི་དཔྱད་རྩོམ་ཕྱོགས་བསྒྲིགས་དབུ་འབྱེད་གནང་བཞིན་པ།
ནོར་ཝེ་རླུང་འཕྲིན་ཁང་གི་པར། ༡༤།༠༩།༢༠༢༣

དེ་རིང་ནས་ཉིན་གཉིས་རིང་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀམ་པུ་ཌར་སྡེ་ཚན་གྱི་ཚོགས་ཁང་དུ། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག གཞུང་ས་དགའ་ལྡན་ཕོ་བྲང་སྐབས་བོད་ཀྱི་ལོ་རྒྱུས་གནས་བབ་བསྐྱར་ཞིབ་འཆད་ཁྲིད་འཚོག་བཞིན་འདུག མཛད་སྒོའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་དང་། སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས། རིག་གནས་སློབ་དཔོན་བསོད་ནམས་རྒྱལ་མཚན་ལགས། ལོ་རྒྱུས་སློབ་དཔོན་གཙང་ཕྲུག་སྟོབས་ལགས། ལོ་རྒྱུས་དང་ཞིབ་འཇུག་རིག་པའི་སློབ་དཔོན་གཉན་ཐར་ལགས་བཅས་ཀྱི་གཙོས་བོད་མིའི་སྒྲིག་འཛུགས་ཀྱི་སྲི་ཞུ་བ་དང་སློབ་གཉེར་བ་ཁག་ཅིག་མཉམ་ཞུགས་གནང་འདུག་ལ། སྲིད་བྱུས་ཉམས་ཁང་གིས་པར་སྐྲུན་བྱས་པའི་བོད་ཀྱི་སྤྲུལ་སྐུའི་ལམ་ལུགས་སྐོར་གྱི་དཔྱད་རྩོམ་ཕྱོགས་སྒྲིག་གི་དེབ་ཅིག་ཀྱང་དབུ་འབྱེད་གནང་སོང་།

འདི་གའི་གསར་འགོད་པས་སཱ་ར་མཐོ་སློབ་ཀྱི་ལོ་རྒྱུས་སློབ་དཔོན་གཙང་ཕྲུག་སྟོབས་ལགས་ཀྱི་འཆད་ཁྲིད་སྐོར་ལ་བཅར་འདྲི་བྱས་པར་ཁོང་གིས། ཕྱི་ལོ་ ༢༠༡༧ ལོར་བོད་ནང་དུ་བོད་ལྗོངས་སློབ་གྲྭ་ཆེན་མོའི་དགེ་རྒན་ནོར་བུ་བསམ་འཕེལ་ལགས་ཀྱིས་སྡེ་བ་གཞུང་གི་ལོ་རྒྱུས་ཉིན་བྱེད་སྣང་བ་ཞེས་པའི་ཕྱག་དེབ་ཞིག་བཏོན་ཡོད། དེབ་དེའི་ནང་དུ་ལོ་རྒྱུས་དངོས་དང་མ་མཐུན་པའི་གནས་ཚུལ་གང་ལ་གང་འཚམ་འདུག དེབ་དེའི་ནང་དཔེར་ན་བོད་སྡེ་བ་གཞུང་གི་ལོ་ཚིགས་གང་ནས་གང་བར་དུ་ཡིན་པ་དང་། ལྷག་པར་ཕྱི་ལོ་༡༦༤༢ ལོར་དགའ་ལྡན་ཕོ་བྲང་གི་སྲིད་དབང་དབུ་ཚུགས་དུས། རྒྱལ་དབང་སྐུ་ཕྲེང་ལྔ་བ་དང་། གུ་ཤྲི། སྡེ་སྲིད་བསོད་ནམས་ཆོས་འཕེལ་གསུམ་གྱི་ནང་ནས་ཆབ་སྲིད་ཀྱི་དབང་ཆ་ངོ་མ་སུ་ལ་ཡོད་པའི་སྐོར་བཤད་སྐབས།  བོད་ཆོལ་ཁ་གསུམ་གྱི་ཆབ་སྲིད་དབང་ཆ་ཧོ་ཤོད་རྒྱལ་ཁང་ལ་ཡོད་པ་དང་། ཧོ་ཤོད་རྒྱལ་ཁང་གི་ཆབ་སྲིད་ཀྱི་མི་སྣ་གཙོ་བོ་གུ་ཤྲི་ཡིན་པ། ཆོས་ལུགས་ཀྱི་མི་སྣ་གཙོ་བོ་རྒྱལ་དབང་ལྔ་བ་ཡིན་པར་བཤད་ཡོད། འདི་གཉིས་ཀྱི་གཅིག་དེ་ཨ་མདོའི་ཕྱོགས་དང་། གཞན་དེ་དགའ་ལྡན་ཕོ་བྲང་གི་འོག་ཏུ་དབུས་གཙང་གི་ཕྱོགས། ཁམས་ཀྱི་ལྷོ་ངོས་ས་ཁུལ་ཁག་ཡོད་པའི་ལྟ་བ་དེ་འདྲ་ཞིག་བཤད་ཀྱི་འདུག ལྟ་བ་དེ་ནི་ང་ཚོའི་ལོ་རྒྱུས་དངོས་དང་མཐུན་གྱི་མི་འདུག་པས། རྒྱལ་དབང་ལྔ་བའི་རང་རྣམ་གཙོས་བོད་གཞུང་གི་ཐམ་དེབ་དང་། ཁྲིམས་ཡིག་བཅས་ཀྱི་གནས་དོན་ཐོག་ནས་རྒྱལ་དབང་ལྔ་བའི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་པའི་འོག་ཏུ། གུ་ཤྲི་དང་སྡེ་སྲིད་གཉིས་ཀྱིས་ཆབ་སྲིད་མཉམ་འབྲེལ་བྱེད་བཞིན་ཡོད་པ་དང་། སྐབས་དེར་གུ་ཤྲི་རྒྱུད་དང་བཅས་པར་གཞུང་སོག་ཞེས་པ་མ་གཏོགས་ཧོ་ཤོད་རྒྱལ་ཁང་ཡོད་པ་མ་རེད། གཞུང་སོག་ནི་བོད་གཞུང་འོག་གི་སོག་པོར་ལབ་ཀྱི་ཡོད་པ་རེད། བོད་གཞུང་གི་འོག་ཏུ་བོད་པ་དང་སོག་པོའི་མི་རིགས་གཉིས་ཀྱི་མཉམ་འབྲེལ་རེད་མ་གཏོགས། སོག་པོ་དེ་ལས་དབང་ཆ་མེད་པའི་ཐོག་ནས་བཤད་ཀྱི་ཡོད་ཅེས་འགྲེལ་བརྗོད་གནང་བྱུང་།

ཡང་གསར་འགོད་པས་ཏཱ་ལའི་བླ་མ་མཐོ་སློབ་ཀྱི་ལོ་རྒྱུས་དང་ཞིབ་འཇུག་རིག་པའི་སློབ་དཔོན་གཉན་ཐར་ལགས་ཀྱི་འཆད་ཁྲིད་སྐོར་ལ་བཅར་འདྲི་བྱས་པར་ཁོང་གིས། ཐེངས་འདིའི་འཆད་ཁྲིད་ཀྱི་བརྗོད་གཞི་ནི་གཞུང་ས་དགའ་ལྡན་ཕོ་བྲང་གི་དགེ་ལུགས་པའི་མ་ལག་གྲུབ་ཚུལ་དང་འགྱུར་བའི་སྐོར་ཡིན། བརྗོད་གཞི་འདི་གལ་ཆེན་ཡིན་པའི་རྒྱུ་མཚན་གཅིག་ནི་དགའ་ལྡན་ཕོ་བྲང་གི་སྲིད་གཞུང་གི་སྐོར་ལ་དེང་སང་ཆབ་སྲིད་གནས་སྟངས་ཐོག་ནས་མང་པོ་བཤད་ཀྱི་ཡོད་པ་རེད། གཞི་རྩའི་དགའ་ལྡན་ཕོ་བྲང་གི་གྲུབ་སྟངས་ནི་དགེ་ལུགས་པའི་དགོན་སྡེའི་མནའ་མཐུན་གྱི་སྤྱི་ཚོགས་ཤིག་ནས་གྲུབ་པ་ཞིག་རེད། འདིའི་རྩ་བའི་རྨང་གཞི་གྲུབ་སྟངས་ལ་གོ་བ་གསར་བ་དང་། དབྱེ་ཞིབ། ཉམས་ཞིབ་གསར་བ་བྱེད་དགོས་ཀྱི་འདུག ལོ་ངོ་སུམ་བརྒྱ་ལྷག་གི་ལོ་རྒྱུས་ཡོད་པའི་བོད་ཀྱི་སྤྱི་ཚོགས་རྨང་གཞི་གྲུབ་ཚུལ་དང་། ཆབ་སྲིད་ཀྱི་ཤུགས་རྐྱེན་ཐེབས་སྟངས་ཀྱི་གནད་དོན་སྐོར། དགེ་ལུགས་པའི་དགོན་སྡེའི་མ་ལག་གི་གྲུབ་ཆ་བཅས་གལ་གནད་དུ་མཐོང་ནས་བཤད་ཀྱི་ཡོད་ཅེས་འགྲེལ་བརྗོད་གནང་བྱུང་།

གཞུང་ས་དགའ་ལྡན་ཕོ་བྲང་སྐབས་བོད་ཀྱི་ལོ་རྒྱུས་གནས་བབ་བསྐྱར་ཞིབ་འཆད་ཁྲིད་གནང་བཞིན་པ།

བོད་ཀྱི་སྤྲུལ་སྐུ་ལམ་ལུགས་ཀྱི་དཔེ་དེབ་ཕྱོགས་སྒྲིག་སྐོར་ལ་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས། རྒྱ་ནག་གཞུང་གིས་བོད་ཀྱི་ཐོག་བཙན་འགེལ་བྱས་པའི་གནས་ཚུལ་མང་པོ་ཡོད་པ་བཞིན་དུ། སྤྲུལ་སྐུའི་སྐོར་གྱི་དོན་ཚན་ ༢༩ ཡོད་པའང་རྒྱ་གཞུང་གིས་བཙན་འགེལ་བྱས་པ་ལས་ཁུངས་ལུང་གང་ཡང་མེད། དེའི་སྐོར་ལ་རྒྱ་གཞུང་གིས་དཔྱད་རྩོམ་མང་པོ་བྲིས་ཡོད། སྔོན་མ་ཐའེ་ཝན་གྱི་མཁས་པ་ཞིག་གིས་སྤྲུལ་སྐུའི་སྐོར་གྱི་དཔྱད་རྩོམ་ཞིག་བྲིས་ཀྱང་མཐའ་སྐྱོང་ཐུབ་མེད། རྒྱུ་མཚན་ནི་མཐའ་མའི་བཤད་ས་ནི་ཕྱོགས་གཅིག་ཏུ་འགྲོ་བཞིན་ཡོད་པ་རེད། སྤྲུལ་སྐུའི་ལམ་ལུགས་ཀྱི་མཐའ་མར་གསེར་བུམ་དཀྲུག་རྒྱུ་ཡིན་པ་དང་། གསེར་བུམ་དཀྲུག་རྒྱུའི་བཀའ་འཁྲོལ་རྒྱ་གཞུང་ནས་ལེན་དགོས་པའི་མཐའ་དོན་ཐོག་སླེབས་ཡོད་འདུག དེ་ནི་རྒྱ་གཞུང་གི་ལས་གཞི་ཆེན་པོ་ཞིག་རེད་འདུག་ཅེས་གསུངས་ཡོད།  ད་ལན་དཔྱད་རྩོམ་ཕྱོགས་སྒྲིག་འདིའི་ནང་དུ་ཆོས་བརྒྱུད་ཁག་གི་འགྲོ་སྟངས་འདྲ་མིན་ཡོད་པ་ནང་པའི་ལྟ་གྲུབ་ཀྱི་ཐོག་ནས་གསལ་སྟོན་བྱས་ཡོད་ཀྱང་། རྒྱ་གཞུང་གིས་བཤད་བསྡད་པའི་སྤྲུལ་སྐུའི་ལམ་ལུགས་ནི་ནང་པའི་ལྟ་གྲུབ་དང་འབྲེལ་བ་གང་ཡང་མེད་པ་མ་ཟད། ཆབ་སྲིད་ཀྱི་ཆེད་དུ་བེད་སྤྱོད་བྱེད་བཞིན་ཡོད་སྐོར་སོགས་བརྗོད་བྱུང་།

དེ་རིང་སྔ་དྲོ་སཱ་ར་མཐོ་སློབ་ཀྱི་རིག་གནས་སློབ་དཔོན་སྤྱི་ཟུར་བསོད་ནམས་རྒྱ་མཚན་ལགས་ཀྱིས་རྒྱལ་དབང་བཅུ་གསུམ་པ་ཐེངས་གཉིས་ཉེན་གཡོལ་དུ་ཕེབས་པའི་བརྒྱུད་རིམ་ལ་ཞིབ་ལྟ་ཞེས་པའི་བརྗོད་གཞིའི་ཐོག་འཆད་ཁྲིད་གནང་ཡོད་པ་དང་། ཉིན་རྒྱབ་ལོ་རྒྱུས་སློབ་དཔོན་གཙང་ཕྲུག་སྟོབས་ལགས་ཀྱིས་སྡེ་པ་གཞུང་གི་ལོ་རྒྱུས་ཉིན་བྱེད་ལས་འཕྲོས་ཏེ་དགའ་ལྡན་ཕོ་བྲང་དང་ཧོ་ཤོད་རྒྱལ་ཁང་ཟེར་བའི་གནས་བབ་ལ་དཔྱད་པ་ཞེས་པའི་བརྗོད་གཞིའི་ཐོག་འཆད་ཁྲིད་གནང་འདུག སང་ཉིན་ཏཱ་ལའི་བླ་མ་མཐོ་སློབ་ཀྱི་ལོ་རྒྱུས་དང་ཞིབ་འཇུག་སློབ་དཔོན་གཉན་ཐར་ལགས་ཀྱིས་གཞུང་ས་དགའ་ལྡན་ཕོ་བྲང་སྐབས་ཀྱི་དགེ་ལུགས་པའི་དགོན་སྡེའི་མ་ལག་གྲུབ་ཚུལ་གྱི་འགྱུར་ལྡོག་གླེང་བ་ཞེས་པའི་ཐོག་འཆད་ཁྲིད་གནང་རྒྱུ་ཡིན་འདུག

གསར་འགོད་པ། བྱམས་པ་ཚེ་རིང་།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Uncategorized

བོད་གཞུང་དགའ་ལྡན་ཕོ་བྲང་སྐོར་གྱི་དཔྱད་རྩོམ་ཕྱོགས་བསྒྲིགས་ཤིག་དབུ་འབྱེད་གནང་སོང་།

༢༠༢༤/༠༤/༡༨
ཕྱི་ལོ་ ༢༠༢༤ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་ཁྱིམ་ཐོ་གྲངས་བཤེར་གྱི་གསར་འགོད་གསལ་བསྒྲགས་སྤེལ། ༢༠༢༣། ༢།༢ བོད་ཀྱི་དུས་བབ་ཀྱི་པར།
Mobile App

ཕྱི་ལོ་ ༢༠༢༤ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་ཁྱིམ་ཐོ་གྲངས་བཤེར་གྱི་གསར་འགོད་གསལ་བསྒྲགས་སྤེལ།

༢༠༢༤/༠༢/༠༢
༣ བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་གིས་བཀའ་སློབ་དང་ལམ་སྟོན་གནང་བཞིན་པ། དུས་བབ་ཀྱི་པར། ༢༠༢༣།༡༠།༡༣
གསར་འགྱུར།

གྲིབ་གཟུགས་ཀྱི་འཁྲབ་སྟོན་ཞེས་པའི་འགྲེམས་སྟོན་ཞིག་གནང་གི་འདུག

༢༠༢༣/༡༠/༡༣
Mobile App

བཙན་གནོན་འོག་གི་མི་རིགས་ཚང་མའི་ཚོར་བ་སྤུངས་བའི་དེབ་ཅིག་བཏོན།

༢༠༢༣/༡༠/༠༥
བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་སྐབས་དགུ་པ། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༣།༠༨།༢༢
Mobile App

བོད་ཀྱི་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་སྐབས་དགུ་པ་ཚོགས་སོང་།

༢༠༢༣/༠༨/༢༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese