མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་ཚུལ་ཁྲིམས་ལ་ལོ་གཉིས་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད།

བོད་ཀྱི་དུས་བབ།
༢༠༢༣/༡༠/༠༤
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་བོད་མི་ཚུལ་ཁྲིམས་ལགས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་པར་ཉར་བ་དང་ཁ་བྲལ་ལ་ངན་འབྲེལ་བྱས་པའི་ཉེས་མིང་གཡོགས་ནས་གསང་སྟབས་ཀྱིས་ལོ་གཉིས་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

ཁྱུང་མཆུ་རྫོང་ཚ་རུ་མ་ཡུལ་ཚོ། པར་འབྲེལ་ཡོད་ནས་འདི་གར་མཁོ་སྤྲོད་གནང་།

  འདས་ལོའི་ཕྱི་ཟླ་ ༧ པའི་ནང་རྒྱ་ནག་གཞུང་གིས་བོད་རྔ་བ་ཁྱུང་མཆུ་རྫོང་ཚ་རུ་མ་ཡུལ་ཚོ་ནས་ཡིན་པའི་བོད་རིགས་ན་གཞོན་ཚུལ་ཁྲིམས་ལགས་ཀྱིས་ཁ་པར་ནང་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་པར་ཉར་བའི་རྐྱེན་གྱིས་འཛིན་བཟུང་བཀག་ཉར་ཟླ་གཉིས་ལྷག་བྱས་མཐར། འདི་ལོའི་ཕྱི་ཟླ་ ༤ པའི་ནང་རྔ་བ་རྫོང་མི་དམངས་ཁྲིམས་ཁང་ཟེར་བས་ཁོང་ལ་གསང་སྟབས་ཀྱིས་༧རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་པར་ཉར་བ་དང་ཁ་བྲལ་བར་ངན་འབྲེལ་བྱས་པའི་ནག་ཉེས་གཡོགས་ནས་ལོ་གཉིས་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་དེ། ད་ལྟར་སི་ཁྲོན་ཞིང་ཆེན་གཡག་རྔ་བཙོན་ཁང་(雅安监狱)དུ་བཅུག་ཡོད་འདུག 

 འབྲེལ་ཡོད་བོད་མི་ཞིག་གིས་འདི་གའི་གསར་འགོད་པར། ཚུལ་ཁྲིམས་ཀྱིས་རང་ཉིད་ཀྱི་འཕྲིན་ཕྲན་རྒྱབ་ལྗོངས་སུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་པར་ཞིག་སྤེལ་བར་བརྟེན།  ཕྱི་ལོ་ ༢༠༢༢ ཟླ་༧ ནང་ཁྱུང་མཆུ་རྫོང་ཉེན་རྟོག་པས་ཁོང་འབོད་འགུག་དང་འདྲི་གཅོད་མང་པོ་བྱས་ནས་ཁ་པར་སྔོག་སྐབས། ཁ་པར་ནང་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་པར་ཉར་ཡོད་པས། ཁོ་རང་ཁ་བྲལ་བར་འབྲེལ་བ་འདུག་ཟེར་ནས་དུས་ཡུན་ཟླ་གཉིས་རིང་བཀག་ཉར་འདྲི་གཅོད་བྱས་སྐོར་དང་།  ཕྱི་ལོ་༢༠༢༣ ལོའི་ལོ་སར་ཚེས་༣ ཉིན་རྒྱ་ནག་གཞུང་གི་ཉེན་རྟོག་པས་བསྐྱར་དུ་བཀག་ཉར་བྱས་ཏེ། ཕྱི་ལོ་ ༢༠༢༣ ཟླ་ ༤ ནང་རྔ་བ་རྫོང་མི་དམངས་ཁྲིམས་ཁང་ཟེར་བས། ཁོ་ལ་༧རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་པར་ཉར་བ་དང་ཁ་བྲལ་བར་ངན་འབྲེལ་བྱས་པའི་ཉེས་འཛུགས་འོག་མི་ལོ་གཉིས་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་ཀྱང་། དེང་སྐབས་བོད་ནང་དུ་དམ་དྲག་ཧ་ཅང་ཆེ་བའི་ཁར། ཕྱི་སྡོད་བོད་མི་རྣམས་ལ་འབྲེལ་བ་བྱ་རྒྱུ་དམ་དྲག་ཆེན་པོ་ཡིན་པས། གནས་ཚུལ་ཕྱིར་བསྒྲགས་བྱ་རྒྱུ་མ་བྱུང་སྐོར་འགྲེལ་བརྗོད་གནང་བྱུང་།

ཚ་རུ་མ་སློབ་ཆུང་གི་སློབ་ཕྲུག་ཚོར་རྒྱལ་སྤྱིའི་ངལ་རྩོལ་ཉིན་མོར་རྒྱ་སྐད་རྒྱ་ཡིག་སློབ་གསོར་ཞིབ་འཇུག་གི་བྱེད་སྒོ་ཞེས་རྒྱ་སྒྱུར་བྱེད་སྒོསྤེལ་བ། ༢༠༢༢།༠༤།༢༨

ཡང་འབྲེལ་ཡོད་བོད་མི་གཞན་ཞིག་གིས། ཚུལ་ཁྲིམས་ལགས་ཀྱི་ནང་མི་དང་སློབ་གྲོགས་ཁ་ཤས་ལྟ་རུ་ཕྱིན་ཡོད་ཀྱང་ཁོང་ཚོ་ཐུག་འཕྲད་བྱེད་དུ་བཅུག་མེད་སྐོར་དང་། ཚུལ་ཁྲིམས་ལགས་བོད་ཡིག་དང་། དབྱིན་ཡིག རྒྱ་ཡིག་བཅས་ཡག་པོ་ཡོད་པའི་ན་གཞོན་ཤེས་ཡོན་ཅན་ཞིག་ཡིན་པ་མ་ཟད། རྒྱུན་དུ་ནས་སྐད་འཕྲིན་རྒྱབ་ངོས་སུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་པར། དབུ་མའི་ལམ་སྐོར་བརྒྱུད་སྤེལ་བྱེད་མཁན་ཞིག་ཀྱང་ཡིན་སྐོར་འགྲེལ་བརྗོད་གནང་སོང་། 

  བོད་རིགས་ན་གཞོན་ཚུལ་ཁྲིམས་ལགས་ནི་ཟི་ཁྲོན་ཞིང་ཆེན་རྔ་བ་ཁུལ་ཁྱུང་མཆུ་རྫོང་ཚ་རུ་མ་ཡུལ་ཚོ་ནས་ཡིན་ཞིང་། ཕ་མིང་ལ་ཨ་སྤེན་དང་མ་མིང་ལ་ཨ་ཁོ་མ་ཡིན་འདུག ཁོང་གིས་བོད་ཡིག་གི་རྩོམ་རིག་ཆེད་སྦྱོང་གནང་བ་མ་ཟད། རྒྱ་ཡིག་དང་དབྱིན་ཡིག་ཀྱང་ཡག་པོ་ཤེས་ཀྱི་ཡོད་འདུག་ལ། སྐད་འཕྲིན་གཙོས་ཤེས་ཡོན་པའི་སྡེ་ཁག་སོགས་སུ་རྩོམ་རིག་གི་སྐོར་ནས་གཏམ་བཤད་མང་པོ་སྤེལ་མྱོང་ཡོད་འདུག 

གསར་འགོད་པ། དཔལ་ལྡན། 

རྩོམ་སྒྲིག་པ། པདྨ་མཚོ། 

འབྲེལ་ཡོད་གསར་འགྱུར།

Mobile App

སྲིད་སྐྱོང་དང་སྤྱི་འཐུས་ཚོགས་གཙོ་རྣམ་གཉིས་ནས་དབྱིན་ཇིའི་སྲིད་བློན་གསར་བར་འཚམས་འདྲི་གནང་།

སྐར་མ ༡༧ སྔོན་ལ།
Mobile App

རྒྱ་ནག་གཞུང་གིས་རང་བཙན་བློ་དགའ་ལགས་ཀྱི་ཕ་ཡུལ་དུ་དམ་དྲག་ཆེན་པོ་བྱེད་བཞིན་འདུག

ཆུ་ཚོད་ ༡ སྔོན་ལ།
མཆོད་རྟེན་བྱ་རུང་ཁ་ཤོར། པར་ KLOOK
Mobile App

རྒྱ་ནག་གཞུང་ཚབ་པས་བོད་རིག་པའི་ཚོགས་འདུ་ལ་ཚོད་འཛིན་དགོས་ལུགས་བཤད།

ཆུ་ཚོད་ ༢༣ སྔོན་ལ།
Advertisement for App

ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༧/༢༣
བསམ་ཚུལ།

བོད་པའི་འཐབ་རྩོད་ཀྱི་མ་རྩ།

༢༠༢༦/༠༧/༢༣
Tibet Trade. Photo: Kathmandu Post
Mobile App

ཕྱི་ཟླ་ ༨ པར་རྒྱ་གར་གྱི་ཚོང་པ་རྣམས་བོད་ནང་དངོས་སུ་ཤར་གཏོང་བྱ་རྒྱུ་ཡིན་འདུག

༢༠༢༦/༠༧/༢༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese