མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་ཆབ་སྲིད་བཙོན་ཟུར་ཞིག་ལ་གཅར་རྡུང་བཏང་ནས་སྨན་ཁང་དུ་བསྐྱལ་འདུག

བོད་ཀྱི་དུས་བབ།
༢༠༢༣/༡༠/༡༨
Share on FacebookShare on TwitterShare on EmailShare on Whatsapp

ལྷ་ས་ཉེན་རྟོག་པས་བོད་ཀྱི་ཆབ་སྲིད་བཙོན་ཟུར་དབང་ཆེན་ལགས་ལ་ཡིག་ཆ་མེད་ལ་གོང་རིམ་ལའང་བཀའ་འཁྲོལ་མ་ཞུས་པར་ས་གནས་གཞན་དུ་ཕྱིན་པ་སོགས་ཀྱི་ཉེས་མིང་འོག་གཅར་རྡུང་བཏང་སྟེ་ཕོ་བའི་ནང་རྨས་སྐྱོན་ཆེན་པོ་བཟོས་སྟབས་ལྷ་སའི་དམག་གི་སྨན་ཁང་ཞིག་ཏུ་སྨན་བཅོས་བྱེད་བཞིན་འདུག

བོད་ཀྱི་ཆབ་སྲིད་བཙོན་ཟུར་གཞོན་ནུ་དབང་ཆེན་ལགས། པར་བོད་ནས་འདི་གར་མཁོ་སྤྲོད་བྱས།

བོད་དཀར་མཛེས་ཁུལ་སེར་ཤུལ་རྫོང་ཁོངས་ནས་ཡིན་པའི་ཆབ་སྲིད་བཙོན་ཟུར་གཞོན་ནུ་དབང་ཆེན་ལགས་ནང་མི་དང་བཅས་ལྷ་སར་གནས་སྐོར་དུ་ཕྱིན་ཏེ་སྤྱི་ཚོགས་དྲ་ལམ་དུ་འདྲ་པར་མང་པོ་སྤེལ་བ་དང་། གོང་རིམ་གྱི་བཀའ་འཁྲོལ་མེད་ལ་ཐོབ་ཐང་དཔང་ཡིག་སོགས་མེད་པར་ས་གནས་གཞན་དུ་སོང་བར་བསྙད་དེ་འདྲི་རྩད་གཅར་རྡུང་མང་པོ་བཏང་བའི་རྐྱེན་གྱིས། ཁོང་གི་གྲོད་ཁོག་སོགས་བསྐྲངས་ནས་ད་ལྟའི་ཆར་སེ་རའི་གཤམ་འོག་གི་དམག་གི་སྨན་ཁང་དེར་སྨན་བཅོས་བྱེད་བཞིན་ཡོད་འདུག

དེའི་ཐད་བོད་ནང་གི་འབྲེལ་ཡོད་གནས་ཚུལ་མཁོ་སྤྲོད་པ་ཞིག་གིས་འདི་གའི་གསར་འགོད་པར། སྤྱིར་རྒྱ་ནག་གཞུང་གིས་དབང་ཆེན་ལགས་ཀྱི་ཐོབ་ཐང་དཔང་ཡིག་དང་། ཡིག་ཆ་གཞན་རྣམས་ཡར་བསྡུས་ཟིན་པས་ཁོང་ལ་ས་གནས་གཞན་དུ་འགྲོ་སྐྱོད་བྱེད་པའི་ཡིག་ཆ་གང་ཡང་མེད་ཀྱང་། འདི་ལོའི་ཕྱི་ཟླ ༦ པའི་ནང་ནང་མི་དང་ལྷན་དུ་ལྷ་སར་གནས་སྐོར་དུ་ཕྱིན་སྐབས། ལྷ་ས་ནས་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ་གཅར་རྡུང་མང་པོ་བཏང་རྗེས། ཕྱིར་ཕ་ཡུལ་དུ་འཁྲིད་རྩིས་བྱས་ཏེ་གནམ་ཐང་དུ་འབྱོར་སྐབས། ཁོང་གི་ཕོ་བར་ན་ཟུག་ཆེན་པོ་ལངས་བ་དང་། མཁའ་འགྲུལ་ཁང་གི་བདེ་འཇགས་མི་སྣས་སྨན་པའི་ཡིག་ཆ་མེད་པར་གནམ་གྲུའི་ནང་ཕྱིན་ཏེ་ཤི་བ་ཡིན་ནའང་འགན་ཁུར་ལེན་གྱི་མེད་སྐོར་བརྗོད་པར་བརྟེན། ཉེན་རྟོག་པས་ཁོང་སེར་ཤུལ་དུ་འཁྲིད་ཐུབ་མེད་པ་དང་། ཐད་ཀར་སྨན་ཁང་དུ་འཁྲིད་ནས་བརྟག་དཔྱད་བྱེད་སྐབས་ཕོ་བའི་ནང་རྨས་སྐྱོན་ཆེན་པོ་བཟོས་ཡོད་པ་ཤེས་རྟོགས་བྱུང་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།

ཕྱི་ལོ ༢༠༡༩ ལོར་རྒྱ་ནག་གཞུང་གིས་བོད་དཀར་མཛེས་ཁུལ་སེལ་ཤུལ་རྫོང་ཁོངས་ནས་ཡིན་པའི་གཞོན་སྐྱེས་དབང་ཆེན་ལགས་དང་། ཁོའི་རོགས་པ་བློ་བཟང་ལགས་དང་ཡོན་ཏན་ལགས། ལྐུགས་པ་ཞིག་བཅས་གཞོན་སྐྱེས་བཞི་རི་ལ་བསང་གསོལ་གཏོང་སྐབས། ༧པཎ་ཆེན་ཡང་སྲིད་རིན་པོ་ཆེ་ཀློད་གྲོལ་དགོས་པ་དང་༧རྒྱལ་བ་པཎ་ཆེན་རྣམ་གཉིས་བོད་ནང་ཞལ་འཛོམས་དགོས་སྐོར་སྐད་འབོད་བྱས་ཡོད་པའི་ཉེས་མིང་འོག་ལྐུགས་པ་དེ་ཕུད་པའི་གཞན་གསུམ་འཛིན་བཟུང་བྱས་ཡོད་པ་དང་། ཟླ་དྲུག་གི་རྗེས་སུ་བློ་བཟང་དང་ཡོན་ཏན་གཉིས་ཀློད་གྲོལ་བཏང་ཡོད་ཀྱང་། དབང་ཆེན་ལགས་ལོ་བཞིར་བཙོན་འཇུག་བྱས་ཏེ་འདི་ལོའི་ཕྱི་ཟླ་ ༤ པའི་ནང་ཀློད་གྲོལ་བཏང་ཡོད་འདུག

ཆབ་སྲིད་བཙོན་ཟུར་སྒྲོལ་དཀར་ལགས་བཙོན་གྲོལ་ཐོབ་ནས་རང་ཁྱིམ་དུ་འབྱོར་སྐབས་ཀྱི་པར། པར་བོད་ནས་འདི་གར་མཁོ་སྤྲོད་བྱས། ༢༠༢༠།༠༨།༡༥

དབང་ཆེན་ལགས་ཀྱི་ཨ་ནེ་སྒྲོལ་དཀར་ལགས་ཀྱིས་ཁོང་ཚོ་གསུམ་འཛིན་བཟུང་བྱས་པའི་གནས་ཚུལ་ཕྱི་རུ་བཏང་སྟེ་སྤྱི་ཚོགས་དཀྲུག་པའི་ཉེས་མིང་འོག ཕྱི་ལོ་ ༢༠༡༩ ཟླ་ ༥ པའི་མགོ་སྟོད་ཙམ་ལ་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ་ལོ་གཅིག་དང་ཟླ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་དེ་ར་རྔ་ཁའི་བཙོན་ཁང་བཅུག ཕྱི་ལོ་ ༢༠༢༠ ཟླ་ ༨ ཚེས་ ༡༥ ཉིན་གྱི་ཕྱི་དྲོར་སྔོན་བརྡ་གང་ཡང་མ་བཏང་བར་རང་ཁྱིམ་དུ་བསྐྱལ་ཡོད་ཀྱང་། བཙོན་ཁང་དུ་ས་བརྐོ་རྡོ་སློག་སོགས་ཀྱི་ངལ་རྩོལ་ཤུགས་ཆེན་བྱས་རྐྱེན་ཁོང་མོའི་གཟུགས་གཞིའི་གནས་སྟངས་ཧ་ཅང་སྐྱོ་བོ་ཆགས་ཡོད་པ་མ་ཟད། རྐང་ལག་བཞི་ནད་པར་གྱུར་ཏེ་འགྲོ་སྐྱོད་ཁག་པའི་གནས་སྟངས་ཆགས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།

དབང་ཆེན་ལགས་ཀྱི་ཁྱིམ་དུ་ཁོང་གི་ཨ་མ་དང་སྤུན་མཆེད་བུ་མོ་གཉིས་ཡོད་འདུག་ལ། ཁོང་ཆུང་དུས་ནས་སློབ་གྲྭར་འགྲོ་མྱོང་མེད་པ་དང་། རྟ་རྒྱུགས་ལ་ཤིན་ཏུ་དགའ་ཞིང་སྡེ་བའི་ནང་རྟ་རྒྱུགས་མཁན་རྩེ་གྲས་ཤིག་ཡིན་སྟབས། སེར་ཤུལ་དང་རྫ་སྟོད། མགོ་ལོག་དང་སྐྱེ་རྒྱུ་སོགས་ཀྱི་རྟ་རྒྱུགས་འགྲན་སྡུར་ནང་ཐེངས་མང་ཞུགས་ཡོད་པ་མ་ཟད། བྱ་དགའ་ཡང་མང་པོ་ཐོབ་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

Mobile App

༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་སྐུ་པར་སྒྲིག་གཤོམ་བྱེད་པར་དམ་དྲག་ཆེན་པོ་བྱེད་བཞིན་འདུག

༢༠༢༣/༠༦/༢༡
ཡུན་ནན་ཐོང་ཧེ་རྫོང་ཁོངས་ཀྱི་ཁ་ཆེའི་ལྷ་ཁང་རྙིང་ཤོས་ནཱ་ཇཱ་ཡེན། དྲ་ལམ་གྱི་པར།
Mobile App

རྒྱ་ནག་གཞུང་གིས་ཁ་ཆེའི་ལྷ་ཁང་རྙིང་ཤོས་ཤིག་གཏོར་རྩིས་བྱས་ཏེ་གདོང་ཐུག་ཆེན་པོ་བྱུང་འདུག 

༢༠༢༣/༠༥/༣༠
བོད་རྒྱལ་ཐང་རྫོང་གི་སྤྱིའི་རྣམ་པ་དང་དོན་ཁོ། པར་བོད་ནས་འདི་གར་མཁོ་སྤྲོད་གནང་།
Mobile App

བོད་རྒྱལ་ཐང་རྫོང་ནས་མི་གཉིས་འཛིན་བཟུང་བྱས་འདུག  

༢༠༢༣/༠༣/༣༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese