མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བོད་རྒྱལ་ཐང་རྫོང་ནས་མི་གཉིས་འཛིན་བཟུང་བྱས་འདུག  

བོད་ཀྱི་དུས་བབ།
༢༠༢༣/༠༣/༣༡
Share on FacebookShare on TwitterShare on EmailShare on Whatsapp

བོད་རྒྱལ་ཐང་རྫོང་ཚེ་ཐར་སྡེ་བ་ནས་ཡིན་པའི་བཀྲ་ཚེ་དང་དོན་ཁོ་གཉིས་རྫོང་ཐོག་ཏུ་ཉོ་བཅའ་རྒྱག་ཏུ་ཕྱིན་ནས་དགོང་མོར་མགྲོན་ཁང་དུ་བསྡད་ཡོད་སྐབས་ཉེན་རྟོག་པ་བཞིས་གློ་བུར་དུ་བཙན་འཁྲིད་བྱས་ཏེ་ཟླ་གསུམ་འགྲོ་བཞིན་འདུག

བོད་རྒྱལ་ཐང་རྫོང་གི་སྤྱིའི་རྣམ་པ་དང་དོན་ཁོ། པར་བོད་ནས་འདི་གར་མཁོ་སྤྲོད་གནང་།

ཟླ་འདིའི་ཕྱི་ཚེས་ ༢༩ ཉིན་འདི་ག་བོད་ཀྱི་དུས་བབ་གསར་ཁང་ལ་བོད་ནས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། འདི་ལོའི་ཕྱི་ཟླ་དང་པོའི་ཚེས་ ༡ ཡས་མས་ཤིག་ལ་བོད་ཡུན་ནན་ཞིང་ཆེན་རྒྱལ་ཐང་རྫོང་ཐོག་ཏུ་ཡོད་པའི་སྒྲོལ་མའི་ཁྱིམ་ཞེས་པའི་མགྲོན་ཁང་ཞིག་ཏུ། གློ་བུར་དུ་ཉེན་རྟོག་པ་བཞི་ཡོང་སྟེ་དེར་སྡོད་བོད་མི་ཚེ་བཀྲ་དང་དོན་ཁོ་ཞེས་པ་གཉིས་བཙན་འཁྲིད་བྱས་ཏེ་ཟླ་གསུམ་འགྲོ་བཞིན་ཡོད་ཀྱང་། ད་ལྟའང་ཁྱིམ་མི་ཚོར་རྒྱུ་མཚན་ཅི་ཡིན་སོགས་འགྲེལ་བཤད་གང་ཡང་མ་བྱས་པར་བཀག་ཉར་འོག་བཞག་འདུག

ཁོང་གཉིས་འཛིན་བཟུང་བྱས་ཏེ་ཉིན་གསུམ་ཙམ་གྱི་རྗེས་སུ། རྫོང་ཉེན་རྟོག་པས་ཁོང་གཉིས་ཀྱི་ཁྱིམ་མིར་ཁ་པར་ཡོང་ནས་ཉེན་རྟོག་ཁང་དུ་འབོད་འགུག་བྱས་ཏེ། ཁྱིམ་མི་ཚོའི་ལག་འཁྱེར་ཁ་པར་ནང་སྔོག་བཤེར་བྱས་ཡོད་པ་མ་ཟད། ། ཁྱིམ་ཚང་གི་དཔལ་འབྱོར་ཡོང་ཁུངས་སོགས་འདྲི་རྩད་ནན་པོ་བྱས་རྗེས་ཁྱིམ་དུ་ལོག་བཏང་ཡོད་འདུག ཚེ་བཀྲ་དང་དོན་ཁོ་གཉིས་རྒྱལ་ཐང་རྫོང་ཐོག་ཏུ་བཟའ་བཅའ་རེ་ཉོ་རུ་ཕྱིན་ཏེ་དགོང་མོར་སྒྲོལ་མའི་ཁྱིམ་དུ་ཞག་སྡོད་བྱེད་སྐབས་གློ་བུར་དུ་འཛིན་བཟུང་བྱས་ཡོད་པ་དང་། དོན་ཁོ་ནི་ཚེ་བཀྲ་ཚང་གི་མག་པ་ཡིན་འདུག

ཡང་གནས་ཚུལ་མཁོ་སྤྲོད་པས།  ཉེ་ལམ་ཞིག་ནས་བཟུང་ས་གནས་དེར་ཤིང་ནགས་གཅོད་འབྲེག་དང་ནག་འཚོང་བྱེད་ཀྱི་ཡོད་སྐོར་བརྗོད་དེ་མི་མང་པོ་ཞིག་འཛིན་བཟུང་བཙན་ཁྲིད་བྱས་དང་བྱེད་བཞིན་ཡོད་སྟབས། གོང་གི་བོད་མི་དེ་གཉིས་ལའང་ནག་ཉེས་དེ་འདྲ་བཙུགས་ཡོད་སྲིད་ཀྱང་། དོན་དངོས་ཐོག་ཁ་གཡར་ས་བཙལ་བ་ཙམ་ལས་ཤིང་ནགས་གཅོད་འབྲེག་སོགས་ལ་འབྲེལ་བ་མེད་སྐོར་བརྗོད་བྱུང་། སྤྱིར་བཏང་རྒྱལ་ཐང་ཕྱོགས་ཀྱི་ཡུལ་མིའི་སྡོད་ཁང་མང་ཆེ་ཤོས་ཤིང་ཁང་ཡིན་ལ། དེ་ཡང་བོད་ཀྱི་ཁང་པའི་མཛེས་ཉམས་འབུར་དུ་ཐོན་ཞིང་། ཁང་རྙིང་མང་པོ་རང་སོར་བཞག་སྟེ་ཡུལ་སྐོར་སྤྲོ་འཆམ་པའི་ས་ཆ་ཞིག་ཏུ་གྱུར་ཡོད་པ་རེད།

རང་ལོ་ ༤༦ ཡིན་པའི་ཚེ་བཀྲ་དང་རང་ལོ་ ༢༦ ཡིན་པའི་དོན་ཁོ་གཉིས་རྒྱལ་ཐང་རྫོང་ཚེ་ཐར་སྡེ་བ་ནས་ཡིན་ཞིང་། ཁོང་གཉིས་ནམ་རྒྱུན་ཁང་བཟོ་དང་ལམ་ལས་སོགས་ཞོར་ལས་ལ་ཕྱིན་ནས་དཔལ་འབྱོར་ཡོང་སྒོ་འཚོལ་གྱི་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

བདེན་པའི་འཐབ་རྩོད་པ་ཨ་ཅག་མགོན་པོ་སྐྱིད་ལགས་ཀྱིས་ཡང་བསྐྱར་ཞི་རྒོལ་བྱས་པར་བརྟེན་བཙན་འཁྲིད་བྱས་འདུག ༢༠༢༣།༠༥།༡༦
Mobile App

བདེན་པའི་འཐབ་རྩོད་པ་མགོན་པོ་སྐྱིད་ཡང་བསྐྱར་བཙན་འཁྲིད་བྱས་འདུག

༢༠༢༣/༠༥/༡༦
བོད་ཀྱི་ཕྱུག་བདག་རྡོ་རྗེ་བཀྲ་ཤིས་ཀྱི་གཅེན་མོ་མགོན་པོ་སྐྱིད་ལགས་ཀྱིས་ཞི་བའི་འབོད་སྐུལ་བྱེད་སྐབས། ༢༠༢༣།༠༥།༡༠
Mobile App

བདེན་པའི་འཐབ་རྩོད་པ་མགོན་པོ་སྐྱིད་ལཊ་ཀློད་ཡོད་ཀྱང་མ་འོངས་པར་འཛིན་བཟུང་བྱ་རྒྱུ་ཡིན་པའི་ཉེན་བརྡ་བཏང་འདུག

༢༠༢༣/༠༥/༡༢
Tourists Trekking around Mount Kailash
Mobile App

རྒྱ་ནག་གཞུང་གིས་གངས་རིན་པོ་ཆེའི་གནས་མཇལ་བར་སྔར་ལྷག་དམ་དྲག་བྱེད་ཀྱིན་འདུག 

༢༠༢༣/༠༥/༡༠
The Heishanxia section of the Yellow River in China’s Ningxia Hui autonomous region. Photo: Xinhua
Mobile App

རྨ་ཆུའི་རྒྱུད་དུ་ཆུ་མཛོད་ཆེན་པོ་ཞིག་གསར་དུ་བརྒྱག་རྒྱུ་ཡིན་འདུག

༢༠༢༣/༠༥/༠༨
བོད་ཀྱི་གློག་བརྙན་འཁྲབ་ཁྲིད་གྲགས་ཅན་པདྨ་ཚེ་བརྟན་ལགས།
Mobile App

གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་པདྨ་ཚེ་བརྟན་ལགས་སྐུ་གྲོངས། 

༢༠༢༣/༠༥/༠༨
Mobile App

རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པ་བཙུགས་ནས་མི་ལོ་ཉེར་ལྔ་འཁོར་བའི་མཛད་སྒོ་བཞུགས་སྒར་དྷ་རམ་ས་ལར་བསྡུས།

༢༠༢༣/༠༥/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist