མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་གློག་བརྙན་གཅིག་དང་བཞི་རྒྱ་ནག་རྒྱལ་ཡོངས་སུ་བསྟན་རྒྱུ་ཡིན་འདུག 

བོད་ཀྱི་དུས་བབ།
༢༠༢༣/༡༠/༡༩
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཕྱི་ཚེས་ ༢༧ ཉིན་ནས་འཇིགས་མེད་འཕྲིན་ལས་ལགས་ཀྱིས་བཟོ་བསྐྲུན་བྱས་པའི་བོད་ཀྱི་གློག་བརྙན་གཅིག་དང་བཞི་(one and Four) ཞེས་པ་དེ་རྒྱ་ནག་རྒྱལ་ཡོངས་སུ་སྟོན་འཆར་ཡོད་འདུག

བོད་ཀྱི་གློག་བརྙན་གཅིག་དང་བཞི་རྒྱ་ནག་རྒྱལ་ཡོངས་སུ་བསྟན་རྒྱུའི་ཁྱབ་བསྒྲགས། དྲ་ལམ་ནས་བླངས།

ཉེ་ལམ་བོད་ནང་གི་དྲ་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༢༧ ཉིན་ནས་བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་རྒན་པདྨ་ཚེ་བརྟན་ལགས་ཀྱི་བུ་འཇིགས་མེད་འཕྲིན་ལས་ལགས་ཀྱིས་བཟོ་བསྐྲུན་བྱས་པའི་བོད་ཀྱི་གློག་བརྙན་གཅིག་དང་བཞི་(one and Four) ཞེས་པ་རྒྱ་ནག་རྒྱལ་ཡོངས་སུ་བསྟན་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་ཡོད་འདུག

གློག་བརྙན་དེའི་ནང་བོད་ནས་བྱུང་བའི་ཁུངས་མེད་དང་། དོགས་གཞི་རང་བཞིན་ཅན་གྱི་དོན་རྐྱེན་ཞིག་གཏམ་རྒྱུད་ཀྱི་ལམ་ནས་བརྗོད་ཐབས་བྱས་ཡོད་དེ། ནགས་ཚལ་སྤྱི་གླིང་ཞིག་གི་ནང་དུ་གར་ཡོང་མི་ཤེས་པའི་མི་གསུམ་བསླེབས་ཡོད་པ་དང་། ནགས་ཚལ་སྤྱི་གླིང་དེའི་ལྟ་སྲུང་བ་དེའང་ཅི་ཡིན་འདི་ཡིན་མེད་པར་ཇག་པའི་ལས་ལ་ཞུགས་པའི་འཇིགས་རུང་གི་གཏམ་རྒྱུད་ཅིག་ཡིན་འདུག་ལ།  གཅིག་དང་བཞི་ཞེས་པའི་གློག་བརྙན་དེ་ཕྱི་ལོ་ ༢༠༢༡ ཟླ་ ༡༠ ཚེས་ ༣༠ ནས་ཟླ་ ༡༡ ཚེས་ ༨ བར་ཉི་ཧོང་དུ་འཚོགས་པའི་ཊོག་ཡོའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐེངས་སོ་བཞི་པའི་( 34th  Tokyo International Film Festival ) སྟེང་དང་།  འདས་ལོའི་ཕྱི་ཟླ་ ༧ ཚེས་ ༡༦ ཉིན་གྱི་དགོང་མོར་ ༢༠༢༢ ལོའི་ཨ་རིའི་ནེའུ་ཡོག་གློག་བརྙན་དུས་སྟོན་ཐེངས་ཉི་ཤུ་པའི་ ( 20th Anniversary New York Film Festival) ཐོག་ཏུའང་བསྟན་ཡོད་པ་རེད།

ཉེ་ལམ་བོད་ཀྱི་གློག་བརྙན་གཅིག་དང་བཞི་ཡི་སྐར་མ་གཅིག་དང་སྐར་ཆ་ཞེ་གཅིག་ཅན་གྱི་ཁྱབ་བསྒྲགས་ཤིག་དྲ་ལམ་དུ་སྤེལ་ཡོད་ཅིང་། དེར་གསར་འགོད་པས་རྒྱུས་ལོན་བྱས་པ་བརྒྱུད། གློག་བརྙན་དེའི་རྒྱབ་ལྗོངས་ཀྱི་སྒྲ་སྒྲིག་སྦྱོར་དང་བརྙན་ལེན་སྟངས། དེ་བཞིན་འཁྲབ་སྟོན་བྱེད་སྟངས། ལྷག་པར་དུ་གློག་བརྙན་གྱི་ཚོན་མདངས་ལ་དམིགས་བསལ་གྱིས་ཁྱད་ཆོས་ཤིག་འཛོམས་ཡོད་པ་མ་ཟད།  ཁྱབ་བསྒྲགས་དེའི་ཁྲོད་ཀྱི་གློག་བརྙན་སྒྲིག་སྦྱོར་དང་གཏམ་རྒྱུད་ཀྱི་ཀྱོག་མཚམས་གསལ་སྟོན་བྱེད་སྟངས་སོགས་ལ་བལྟས་ཚེ། གློག་བརྙན་དེའི་ཁྲོད་ནས་བོད་ཀྱི་དེང་རབས་གློག་བརྙན་བཟོ་བསྐྲུན་གྱི་ཐད་ཐོད་བརྒལ་ཆེན་པོ་ཞིག་ཕྱིན་པ་གསལ་སྟོན་བྱ་ཐུབ་པའི་སྣང་བ་ཞིག་བྱུང་།

འདས་ལོར་གནའ་མཁར་ཟི་ལིང་དུ་འཚོགས་པའི་རྒྱ་ནག་རྒྱལ་ཡོངས་རང་བཞིན་གྱི་ཧྥར་སི་ན་གཞོན་གློག་བརྙན་དུས་སྟོན་སྐབས་ ༡༦ (16th FIRST Youth Film Festival) པའི་མཇུག་སྡོམ་མཛད་སྒོའི་ཐོག ཕྱི་ལོ་ ༢༠༢༢ ལོའི་ཧྥ་སི་ན་གཞོན་གློག་བརྙན་དུས་སྟོན་སྐབས་ ༡༦ པའི་བོད་ཀྱི་གློག་བརྙན་གཅིག་དང་བཞི་ཡི་འཁྲབ་ཁྲིད་པ་འཇིགས་མེད་འཕྲིན་ལས་ལགས་སུ་འཁྲབ་ཁྲིད་པ་ཡག་ཤོས་དང་།  སྦྱིན་པ་ལགས་སུ་འཁྲབ་སྟོན་པ་ཡག་ཤོས་ཀྱི་གཟེངས་བསྟོད་བྱ་དགའ། དེ་བཞིན་བོད་ཀྱི་གློག་བརྙན་གཅིག་དང་བཞི་ལ་འཁྲབ་གཞུང་གི་འགྲེལ་བརྗོད་ཡག་ཤོས་དང་། གློག་བརྙན་ཡག་ཤོས་བཅས་ཀྱི་བྱ་དགའ་ཡང་ཐོབ་ཡོད་འདུག

བོད་ཀྱི་གློག་བརྙན་གཅིག་དང་བཞི་ནི་རྩོམ་པ་པོ་འཇམ་དབྱངས་ཚེ་རིང་ལགས་ཀྱིས་བརྩམས་པའི་གཅིག་དང་བཞི་ཞེས་པའི་བརྩམས་སྒྲུང་དེར་གཞི་བཅོལ་ནས་ཕབ་སྐྲུན་བྱས་པ་ཞིག་ཡིན་ཞིང་། གློག་བརྙན་དེ་ཕྱི་ལོ་  ༢༠༡༩ ལོའི་ཟླ་ ༡༢ ནས་ཕབ་སྐྲུན་བྱེད་མགོ་བཙུགས་ཡོད་པ་དང་། ནད་ཡམས་ཀྱི་རྐྱེན་གྱིས་བརྙན་ལེན་ཕབ་སྒྲིག་བྱེད་ཐུབ་མེད་ཀྱང་། ཕྱི་ལོ་ ༢༠༢༠ ལོའི་ལོ་མཇུག་ཏུ་ཡང་བསྐྱར་གློག་བརྙན་ཕབ་སྐྲུན་གྱི་ལས་གཞི་མགོ་བཙུགས་ཏེ། ལོ་དེའི་མཇུག་ཏུ་གློག་བརྙན་ཕབ་སྒྲིག་གི་ལས་གཞི་ཚང་མ་གྲུབ་ཡོད་འདུག་ལ། གློག་བརྙན་དེར་བོད་ཀྱི་གློག་བརྙན་འཁྲབ་འཁྲིད་པ་གྲགས་ཅན་པདྨ་ཚེ་བརྟན་གྱིས་ལམ་སྟོན་གནང་ཡོད་ཅིང་། གློག་བརྙན་དེའི་བརྙན་ལེན་པའང་པདྨ་ཚེ་བརྟན་གྱི་བརྙན་ལེན་པ་ལིས་སུང་ཡེ་ཟེར་བ་དེ་ཡིན་འདུག

གསར་འགོད་པ། དཔལ་ལྡན།

རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Tibet Trade. Photo: Kathmandu Post
Mobile App

ཕྱི་ཟླ་ ༨ པར་རྒྱ་གར་གྱི་ཚོང་པ་རྣམས་བོད་ནང་དངོས་སུ་ཤར་གཏོང་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༢ སྔོན་ལ།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གིས་ལ་དྭགས་ཀྱི་གཞོན་སྐྱེས་ཚོར་དམིགས་བསལ་གསུང་འཕྲིན་བསྩལ།

ཆུ་ཚོད་ ༣ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དབྱིན་ཇིའི་སྲིད་བློན་གསར་བར་འཚམས་འདྲི་མཛད།

ཆུ་ཚོད་ ༢༣ སྔོན་ལ།
ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

གསེར་རྟ་བླ་རུང་སྒར་གྱི་གྲྭ་ཤག་གཅིག་སྟོང་ལྷག་གཏོར་བཤིག་གཏང་རྒྱུ་ཡིན་འདུག

ཆུ་ཚོད་ ༢༤ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

སངས་རྒྱས་པའི་ཆོས་ཀྱི་སེམས་བཟང་པོ་བྱེད་པ་ནི་འཛམ་གླིང་འདིར་ཕན་ཐོགས་ཡོད་པ་ཞིག་ཡིན།

༢༠༢༦/༠༧/༢༠
ཕྱི་ལོ་ ༢༠༢༦  ལོའི་འཛམ་གླིང་རྐང་སྤོལ་འགྲན་ཚོགས་ཀྱི་རྟིང་རྩོད་འགྲན་སྡུར་ཁྲོད་སི་པེན་རྒྱལ་ཁབ་ཀྱིས་གསེར་གྱི་བུམ་པ་དེ་བཀྱགས་སོང་།
Mobile App

སི་པེན་གྱིས་ཕྱི་ལོ་ ༢༠༢༦ ལོའི་འཛམ་གླིང་རྐང་སྤོལ་གྱི་གསེར་བུམ་བཀྱགས་སོང་།

༢༠༢༦/༠༧/༢༠

མཆན། 1

  1. བསྟན་པའི་དངོས་གྲུབ། says:
    ལོ་ 3 སྔོན།

    ཁྱབ་བསྒྲགས་འདི་ན་གདའ།
    https://www.youtube.com/watch?v=GtQSqGh6ubw

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese