༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སོག་པོའི་དགའ་ལྡན་ཐེག་ཆེན་གླིང་དགོན་པའི་གསར་བསྐོས་མཁན་པོ་བླ་མ་དགེ་བཤེས་རྗེ་བཙུན་རྡོ་རྗེ་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ་འདུག
ཁ་སང་ཕྱི་ཚེས་ ༦ ཉིན་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དགེ་བཤེས་རྗེ་བཙུན་རྡོ་རྗེ་མཆོག་སོག་པོའི་དགའ་ལྡན་ཐེག་ཆེན་གླིང་དགོན་པའི་མཁན་པོ་བླ་མ་གསར་པར་འདེམས་ཐོན་བྱུང་བར་འཚམས་འདྲི་མཛད་འདུག
༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཚམས་འཕྲིན་བསྩལ་བའི་ནང་། ནང་ཆོས་ (Dharma) ནི་འཚེ་བ་མེད་པ་དང་སྙིང་རྗེའི་རྩ་བ་ཡིན་པར་བརྟེན། འགྲོ་བ་མིའི་རིགས་ཀྱི་བདེ་དོན་ལ་ཕན་ཐོགས་པའི་ནུས་པ་ལྡན་གྱི་ཡོད། འོན་ཀྱང་། ང་ཚོ་ཆོས་ཀྱི་ཐོག་ལ་སློབ་གཉེར་དང་ཉམས་ལེན་བྱེད་པའི་གོ་སྐབས་ཡོད་མཁན་ཁོ་ནར་དེ་ལྟར་ཡོང་རྒྱུ་ཡིན་པ་རེད། ནང་ཆོས་འཆད་འཁྲིད་གནང་སྐབས། ཆོས་ཞུ་ཡུལ་གྱི་རྒྱུད་ཚོད་དང་མོས་པ་སེམས་སུ་ངེས་པར་བྱ་དགོས་གལ་ཆེན་པོ་རེད། ཅེས་གསུངས་འདུག
ཡང་གསུང་འཕྲིན་དེའི་ནང་དུ་བགྲེས་ཡོལ་དུ་ཕེབས་པའི་ཁམས་པ་བླ་མ་ག་བུར་རྡོར་ཤུལ་ཆོས་རྗེ་ (Gabju Demberel Choijamts) མཆོག་གིས་ཐོས་བསམ་སྒོམ་གསུམ་གྱི་སྒོ་ནས་ནང་པ་སངས་རྒྱས་པའི་ཆོས་གོང་འཕེལ་གཏོང་བར་ཡི་རངས་བསྔགས་བརྗོད་ཡོད་པ་དང་། མཁན་པོ་ཁོང་གིས་མི་ཚེ་དོན་དང་ལྡན་པ་བསྐྱལ་ཡོད་པ་མ་ཟད། མགོན་པོ་གང་ཉིད་ཀྱི་ལོ་མང་པོའི་རིང་གི་གྲོགས་པོར་ངོས་འཛིན་གནང་གི་ཡོད་སྐོར་གསུངས་འདུག
མཁན་པོ་གསར་པ་དགེ་བཤེས་རྗེ་བཙུན་རྡོ་རྗེ་མཆོག་ནི་ཕྱི་ལོ་ ༡༩༨༠ ལོར་སོག་པོའི་མངའ་སྡེ་སུག་པ་ཐར་ (Sükhbaatar) ནང་སྐུ་འཁྲུངས་ཤིང་། ས་གནས་ཀྱི་སློབ་གྲྭར་འཛིན་རིམ་
ཕྱི་ལོ་ ༢༠༡༨ ལོར་དྷ་རམ་ས་ལའི་རྒྱུད་སྟོད་གྲྭ
གསར་འགོད་པ། བསྟན་འཛིན་ཕུར་བུ།
རྩོམ་སྒྲིག་པ། པདྨ་མཚོ།
སོག་ཡུལ་དགའ་ལྡན་དགོན་པའི་མཁན་པོ་གསར་པ་དགེ་བཤེས་ལྷ་རམས་པ་རྗེ་བཙུན་རྡོ་རྗེ་ལགས་ཀྱི་མཛད་རྣམ་སྙིང་བསྡུས་རེ་འགོད་ཐུབ་ཚེ་དགེ་མཚན་ཆེ་བར་མཐོང་། ཁོང་ནི་གདན་ས་འབྲས་སྤུངས་སུ་སློབ་གཉེར་ཚུལ་བཞིན་གནང་སྟེ་དགེ་བཤེས་ལྷ་རམས་རྩེ་ཕུད་དང་བོ་ལེན་མཁན་གྱི་དཔལ་ལྡན་འབྲས་སྤུངས་བཀྲ་ཤིས་སྒོ་མང་གྲྭ་ཚང་གི་སོག་རིགས་གྲྭ་རྒྱུན་ཐོག་མའི་གྲས་རེད།