མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ནང་གི་དཔེ་སྐྲུན་ཁང་དག་ལ་སྔར་ལས་ལྷག་པའི་དམ་དྲག་བྱེད་ཀྱི་འདུག 

བོད་ཀྱི་དུས་བབ།
༢༠༢༣/༡༡/༡༣
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བ་དང་མདོ་སྟོད་སྨད་གཉིས་ཀྱི་ས་གནས་ཁག་གི་བོད་ཡིག་གི་དཔར་སྐྲུན་མང་དག་ཅིག་ལ་དམ་དྲག་ཤུགས་ཆེན་བྱེད་མུས་ཡིན་པ་མ་ཟད་ལྷག་པར་མི་སྒེར་གྱི་དཔེ་དེབ་པར་སྐྲུན་བྱེད་པར་དམ་དྲག་ཤུགས་ཆེན་བྱེད་མུས་ཡིན་འདུག

རྒྱ་ནག་གཞུང་གིས་ལག་བསྟར་བྱེད་བཞིན་པར་སྐྲུན་གྱི་སྲོལ་ཡིག་སྤེལ་བའི་དྲ་ངོས།

ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་རྒྱ་ནག་གཞུང་གིས་བོད་སྐོར་གྱི་རྒྱབ་ཤ་དཀར་པོའི་དེབ་ཅིག་བཏོན་ཏེ། བོད་ལྗོངས་སུ་བོད་ཡིག་དེབ་གྲངས་ཁྲི་ ༤ དང་ཕྱེད་ཀ་ལྷག་བཏོན་དུ་བཅུག་ཡོད་པ་དང་། བོད་ཡིག་དུས་དེབ་དང་བོད་ཡིག་ཚགས་པར་མི་འདྲ་བ་ ༣༠ མ་ཟིན་ཙམ་ཡོངས་ཁྱབ་ཏུ་འདོན་གྱི་ཡོད་སྐོར་བསྒྲགས་ཡོད་ཀྱང་།  ཉེ་བའི་ལོ་ཤས་ནང་བོད་ནང་གི་པར་བསྐྲུན་ཁང་དག་ལ་སྔར་ལྷག་སྟངས་འཛིན་དང་ཞིབ་བཤེར་ནན་པོ་བྱེད་ཀྱི་ཡོད་པ་མ་ཟད། མི་སྒེར་གྱི་དཔེ་དེབ་དང་ལྷག་པར་དུ་སྐད་གྲགས་ཅན་གྱི་བོད་རིགས་རྩོམ་པ་པོ་རྣམས་ཀྱི་དེབ་ཀྱི་ནང་དོན་ཐད་ཧ་ཅང་དམ་དྲག་དང་དོགས་ཟོན་ཆེན་པོ་བྱེད་བཞིན་འདུག 

དེའི་ཐད་བོད་ནང་གི་རྩོམ་པ་པོ་གྲགས་ཅན་ཞིག་གིས་འདི་གའི་གསར་འགོད་པར། ཉེ་ལམ་བོད་ནང་གི་རྩོམ་པ་པོ་གྲགས་ཆེན་དང་ལྷག་པར་དུ་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་མྱོང་བའི་རྩོམ་པ་པོ་དག་ལ་འབྲེལ་བ་ཡོད་པའི་དཔེ་སྐྲུན་ཁང་དག་ལ་དམ་དྲག་ཧ་ཅང་ཆེན་པོ་བྱེད་མུས་ཡིན་པ་མ་ཟད། རྒྱ་ནག་གཞུང་གི་བཀའ་འཁྲོལ་མེད་པར་དཔེ་དེབ་པར་སྐྲུན་གཏན་ནས་བྱ་མི་ཆོག་པའི་ཁར།  དཔེ་དེབ་ཀྱི་ནང་དོན་ལ་བཀག་རྒྱ་ཆེན་པོ་ཡོད་སྐོར་དང་། དེ་བཞིན་པར་སྐྲུན་ཁང་དེ་དག་གིས་མི་སྒེར་གྱི་དཔེ་དེབ་པར་སྐྲུན་དང་འགྲེམས་སྤེལ་སོགས་བྱེད་པར་དམ་དྲག་ཆེན་པོ་ཡོད་སྐོར་སོགས་བརྗོད་བྱུང་། 

བོད་རང་སྐྱོང་ལྗོངས་ཟེར་བའི་ནང་བོད་ཡིག་དཔེ་དེབ་པར་སྐྲུན་ཁང་དག་ལ་དམ་དྲག་ཡོད་པའི་ཐད་འབྲེལ་ཡོད་བོད་མི་གཞན་ཞིག་གིས་འདི་གའི་གསར་འགོད་པར། དེང་གི་ཆར་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་གི་དཔེ་སྐྲུན་ཁང་མང་དག་ཅིག་ལ་གཞུང་གིས་མ་དངུལ་ཉུང་དུ་བཏང་ཡོད་པ་མ་ཟད། བོད་ཀྱི་སྐད་ཡིག་དང་ལོ་རྒྱུས་སོགས་དང་འབྲེལ་བའི་དཔེ་དེབ་རིགས་པར་སྐྲུན་བྱེད་པར་དམ་དྲག་དང་། བོད་བསྒྱུར་བྱས་ཡོད་པའི་རྒྱ་ནག་དམར་ཤོག་གི་ལོ་རྒྱུས་དང་རྒྱ་ནག་གི་མགོ་ཁྲིད་ཚོས་འཇོན་ཡོད་ལུགས་ཀྱི་ལོ་རྒྱུས་སོགས་པར་སྐྲུན་བྱེད་བཅུག་གི་ཡོད་སྐོར་དང་། བོད་ཀྱི་སྐད་ཡིག་གཙོས་དམིགས་བསལ་ནང་ཆོས་དང་འབྲེལ་བའི་དཔེ་དེབ་པར་སྐྲུན་བྱེད་པར་དམ་དྲག་ཤུགས་ཆེན་བྱེད་ཀྱི་ཡོད་སྐོར་བརྗོད་བྱུང་། 

ཡང་ཁོང་གིས། རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་བོད་ཀྱི་སྐད་ཡིག་དང་འབྲེལ་བའི་དཔེ་དེབ་མང་པོ་ཞིག་འགྲེམས་སྤེལ་བྱེད་ཀྱི་ཡོད་ལུགས་བཤད་ཀྱི་ཡོད་ཀྱང་། དོན་དངོས་ཐོག་དཔེ་དེབ་དེ་དག་རྒྱ་ནག་གི་ལྟ་བ་དང་ལངས་ཕྱོགས་སོགས་དང་མཐུན་པ་ཤ་སྟག་ཅིག་ཡིན་པ་ལས། བོད་ཀྱི་ཆོས་རིག་དང་འབྲེལ་བ་ཡོད་པ་ཁག་པོ་རེད། དཔེར་ན། “རྒྱ་ནག་གཞུང་ལ་བསྟོད་གླུ་” དང་”གུང་ཁྲན་ཏང་མེད་ན་ཀྲུང་ཀོ་གསར་པ་མེད་པ། “ མི་མང་གིས་རྒྱ་ནག་གི་ཁྲིམས་ལ་བརྩི་བཀུར་བྱ་དགོས་པ་”ཡིན་སྐོར་སོགས་བརྗོད་བྱུང་། 

རྒྱབ་ཤ་དཀར་པོའི་ནང་དུ་བཀོད་པའི་བོད་ཡིག་གི་ཚགས་པར་དང་དཔེ་དེབ་དེ་དག་གི་བརྗོད་བྱ་ནི། ཞི་ཅིན་ཕིན་གྱི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དང་ཚོགས་ཆེན་བཅོ་བརྒྱད་བཅུ་དགུ། ཉི་ཤུ་བཅས་ཀྱི་དགོངས་དོན་ཟེར་བ། དེ་བཞིན་རྒྱལ་གཅེས་ཆོས་གཅེས་ཀྱི་བསམ་བློ་ཡར་སྐུལ་ཟེར་བ་སོགས་ཆབ་སྲིད་ཀྱི་ལྟ་བ་ལངས་ཕྱོགས་དྲིལ་བསྒྲགས་ཁོ་ན་ཡི་དུས་དེབ་དང་ཚགས་པར་རྐྱང་རྐྱང་ཡིན་ལ། བོད་ཡིག་གི་གསར་འགྱུར་དྲ་བ་རྣམས་ཀྱང་ཆབ་སྲིད་དྲིལ་བསྒྲགས་དང་ཡུལ་སྐོར་བའི་དང་བ་འདྲེན་པའི་མཐོ་སྒང་གི་མཛེས་ལྗོངས་དང་དྭངས་གཙང་གི་ཞིང་འབྲོག་ཐོན་རྫས་དྲིལ་བསྒྲགས་སོགས་ཀྱིས་ཁེངས་བསྡད་ཡོད་པ་རེད་ལ། མང་ཚོགས་རང་བཞིན་གྱི་ཐོག་ནས་ལྟ་ཉན་བྱེད་མཁན་དང་བེད་སྤྱོད་བྱེད་མཁན་ཆེས་མང་བའི་མགྱོགས་འཕྲིན་སོགས་ཀྱི་ནང་དུའང་བོད་ཡིག་བོད་སྐད་བེད་སྤྱོད་བཏང་བ་ཡིན་ན་སྒོ་བརྒྱབ་འགྲོ་བ་སོགས་ཀྱི་དཀའ་ངལ་འཕྲད་མུས་ཡིན་པ་རེད། 

འདི་གའི་གསར་འགོད་པས་རྒྱ་ནག་གཞུང་གི་འབྲེལ་ཡོད་ལས་ཁུངས་ནས་གསང་བའི་ཐོག་ནས་བོད་ཡིག་དཔེ་དེབ་ལ་ཆབ་སྲིད་ཀྱི་གནད་དོན་ཡོད་མེད་ལྟ་ཞིབ་བྱེད་དུ་བཅུག་མྱོང་བའི་རྩོམ་པ་པོ་ཞིག་ལ་སྐད་ཆ་དྲིས་ཏེ་རྒྱུས་ལོན་བྱུང་བ་ལྟར་ན། སྒེར་གྱི་དཔེ་དེབ་སོགས་གང་ཡིན་ཡང་ཐོག་མར་རྩོམ་པ་པོས་དཔེ་སྐྲུན་ཁང་ལ་དེབ་ཀྱི་ནང་དོན་དང་འགྲོ་གྲོན། ཚོང་འགྲེམས་བྱ་ཡུལ་སོགས་ཞིབ་ཕྲའི་གནས་ཚུལ་སྤྲད་རྗེས། དཔེ་སྐྲུན་ཁང་གིས་ཞིང་ཆེན་གསར་འགྱུར་འགོད་སྤེལ་རླུང་བརྙན་འཕྲིན་ལྟེ་གནས་ཁང་དུ་དཔེ་དེབ་དེ་པར་སྐྲུན་བྱེད་ཆོག་པའི་སྙན་ཞུ་འབུལ་དགོས་པ་དང་། ལྟེ་གནས་དེས་གསང་བའི་ཐོག་ནས་བོད་ཡིག་ཡག་པོ་ཡོད་མཁན་ཞིག་ལ་དེབ་དེའི་ནང་དོན་ཐད་ཆབ་སྲིད་ཀྱི་གནད་དོན་ཡོད་མེད་ལྟ་ཞིབ་བྱ་དགོས་པའི་བཀོད་མངག་གཏོང་བ་མ་ཟད། ཆབ་སྲིད་ཀྱི་གནད་དོན་ཡོད་ཚེ་རྟགས་བརྒྱབ་ནས་ཡར་སྤྲོད་པ་མ་གཏོགས་བཟོ་བཅོས་སོགས་བྱེད་པའི་ཐོབ་ཐང་མེད་པ་རེད། ལས་དོན་དེའི་མགོ་མཇུག་བར་གསུམ་ཚང་མ་གསང་བ་ཡིན་པར་བརྟེན། ལྟ་ཞིབ་ཀྱི་ལས་འགན་དེ་མི་གཅིག་ལ་སྤྲོད་ཀྱི་ཡོད་དང་ཡང་ན་མི་ཁ་ཤས་ཤིག་ལ་སྤྲོད་ཀྱི་ཡོད་གསལ་ཆ་མེད་ཀྱང་། གང་ལྟར་ལྟ་ཞིབ་བྱས་ཏེ་ཆབ་སྲིད་ཀྱི་གནད་དོན་མེད་པ་ཞིག་ཏུ་ངོས་འཛིན་བྱུང་ཚེ་གཞི་ནས་པར་སྐྲུན་གྱི་ཆོག་མཆན་ཐོབ་ཀྱི་ཡོད་པ་ཞིག་ཡིན་འདུག

རྒྱ་ནག་རྒྱལ་ཁབ་གསར་འགྱུར་འགོད་སྤེལ་རླུང་བརྙན་འཕྲིན་སྤྱི་གཉེར་ཁང་གིས་པར་སྐྲུན་དངོས་པོའི་ཁྲོམ་ར་དོ་དམ་གྱི་སྲོལ་ཡིག་ཟེར་བ་ཞིག་ཕྱི་ལོ་ ༢༠༡༦ ཟླ་ ༦ ཚེས་ ༡ ནས་བཟུང་ལག་བསྟར་བྱས་ཏེ། ལས་ཁུངས་དང་མི་སྒེར་སུ་ཞིག་ཡིན་ཡང་ཞིང་ཆེན་དང་རྫོང་། ས་གནས་བཅས་ཀྱི་འབྲེལ་ཡོད་ལས་ཁུངས་ནས་པར་སྐྲུན་དངོས་པོ་ག་རེ་ཡིན་ནའང་ཆོག་མཆན་ངེས་པར་དུ་ཐོབ་དགོས་ལ། རྒྱལ་ཁབ་ཀྱིས་བཀག་སྡོམ་བྱས་པའི་ནང་དོན་ཅན་དང་། ནང་ཁུལ་གྱི་གསང་བའི་ཡིག་ཆ། ཆོག་མཆན་མེད་པའི་ཕྱི་ཕྱོགས་ཀྱི་ཡིག་ཆ་སོགས་ལ་ཆོག་མཆན་གཏན་ནས་སྤྲད་རྒྱུ་མིན་པ་སོགས་གསལ་འདུག

གསར་འགོད་པ། དཔལ་ལྡན།

རྩོམ་སྒྲིག་པ། པདྨ་མཚོ། 

འབྲེལ་ཡོད་གསར་འགྱུར།

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་
Mobile App

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས།

ཆུ་ཚོད་ ༡༩ སྔོན་ལ།
Mobile App

ཨ་རིས་བོད་མི་རྣམས་ལ་ཨ་སྒོར་ས་ཡ་ ༢༣ རོགས་དངུལ་བཀའ་འཁྲོལ་གཏན་འབེབས་བྱས།

ཆུ་ཚོད་ ༢༠ སྔོན་ལ།
Mobile App

དྷ་ས་ནས་རྒྱ་མི་ཞིག་གསང་ཉུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག

༢༠༢༦/༠༢/༠༣
Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese