མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ནང་གི་སློབ་མ་གསུམ་འབར་མའི་མི་ཚོང་རྒྱག་མཁན་གྱི་ལག་ཏུ་ཤོར་ནས་ད་ལྟའང་གར་སོང་ཆ་མེད་དུ་གྱུར་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༣/༡༡/༡༥
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་རིགས་ཚོང་པ་ཞིག་གི་མགོ་སྐོར་བསླུ་བྲིད་འོག བོད་རྔ་བ་ཁུལ་ཆུ་ཆེན་རྫོང་འབྲིང་རིམ་སློབ་གྲྭའི་བོད་པའི་སློབ་མ་གསུམ་འབར་མའི་མི་ཚོང་རྒྱག་མཁན་ནག་ཚོགས་ཤིག་གི་ལག་ཏུ་ལྷུང་ནས་ད་ལྟའང་གར་ཡོད་འདིར་ཡོད་ཤེས་རྟོགས་མ་ཐུབ་པར་ལྷག་ཡོད་འདུག

The students ran away from Jinchuan County Second Middle School in March 2023 in an attempt to reach India.

བོད་གནས་ལྟ་ཞིབ་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། འདི་ལོའི་ཕྱི་ཟླ་ ༣ ནང་ཟུང་ཆུ་རྫོང་ནས་ཡིན་པའི་རྒྱ་རིགས་ཚོང་པ་ཞིག་གིས། རྔ་བ་བོད་རིགས་དང་ཆང་རིགས་རང་སྐྱོང་ཁུལ་ཟེར་བའི་ནང་གི་ཆུ་ཆེན་རྫོང་གི་འབྲིང་རིམ་སློབ་གྲྭར་འགྲིམས་པའི་བོད་ཕྲུག་ ༨ རྒྱ་གར་དུ་འཁྲིད་ནས་ཟླ་གླ་མཐོ་བའི་ལས་ཀ་སྤྲོད་རྒྱུ་ཡིན་ལུགས་སོགས་བརྗོད་དེ་ལྷ་སར་འཁྲིད་རྗེས། ཚོང་པ་དེས་བོད་པའི་སློབ་མ་དེ་དག་གི་ལག་ཏུ་དངུལ་ཡོད་མེད་སོགས་ཀྱི་སྐད་ཆ་དྲིས་པར་བརྟེན། སློབ་མ་བརྒྱད་ཀྱི་ནང་ནས་བཞིས་རྒྱ་རིགས་ཚོང་པ་དེར་ཡིད་མ་ཆེས་པར་ལོགས་ཁར་ཕྱིན་ཡོད་ཅིང་། ཕྱིས་སུ་རྒྱ་ནག་གཞུང་གི་ཉེན་རྟོག་པས་ལོགས་ཁར་ཕྱིན་པའི་བོད་ཕྲུག་བཞི་རྒྱ་གར་དུ་འགྲོ་རྩིས་བྱས་པའི་ཉེས་མིང་འོག ལྷ་ས་རང་ནས་འཛིན་བཟུང་བཀག་ཉར་བྱས་ཏེ་འདྲི་བརྩད་དང་གཅར་རྡུང་བཏང་ཡོད་པ་མ་ཟད། ཕྱིར་ཆུ་ཆེན་རྫོང་ཉེན་རྟོག་པར་རྩིས་སྤྲོད་བྱས་ཏེ་སློབ་ཕྲུག་རེར་རྒྱ་སྒོར་ཁྲི་ ༢ ཀྱི་དངུལ་ཆད་བཏང་ཡོད་འདུག

ཡང་སློབ་ཕྲུག་གཞན་བཞི་དེ་རྒྱ་རིགས་ཚོང་པ་དེས་འཁྲིད་ནས་འབར་མའི་ས་མཚམས་ཤིག་ཏུ་འབྱོར་བ་དང་། མི་གཞན་ལ་རྩིས་སྤྲོད་བྱས་ཡོད་འདུག་ལ། སྤྱིར་རྒྱ་མི་དེས་ཁོ་ཚོ་མི་ཚོང་རྒྱག་མཁན་ནག་ཚོགས་ཀྱི་ལག་ཏུ་བཞག་ཡོད་ཅིང་། ཉེ་ལམ་སློབ་མ་དེ་དག་ལས་སློབ་མ་གཅིག་ཕྱིར་རང་ཡུལ་དུ་ལོག་ཐུབ་ཡོད་པ་དང་། སློབ་མ་གཞན་གསུམ་གྱི་གནས་སྟངས་ད་ལྟའང་གར་སོང་ཆ་མེད་དུ་གྱུར་ཡོད་འདུག

ཉེ་ལམ་རང་ཡུལ་དུ་ལོག་པའི་སློབ་མ་དེས་ཉམས་མྱོང་བརྗོད་པ་ལྟར་ན། ཁོ་ཚོ་འབར་མའི་ས་མཚམས་སུ་འབྱོར་བ་དང་འབར་མའི་ཕྱོགས་ཀྱི་མི་ཁག་ཅིག་གིས་མཚན་ལམ་རྐྱང་རྐྱང་བརྒྱུད་པའི་མཐར། ཁོ་ཚོ་བཞི་ལོགས་སུ་དབྱེ་ནས་འཁྲིད་ཡོད་ཅིང་། ཁོ་རང་ནགས་ཚལ་ཞིག་གི་དཀྱིལ་དུ་ཡོད་པའི་ཁང་བརྩེགས་ཤིག་གི་ནང་བཅུག་ཡོད་འདུག་ལ། ཐོག་མའི་ཉིན་འགའི་རིང་ཁོ་ལ་ངལ་གསོ་རྒྱག་པ་དང་ཟ་མ་སོགས་སྤྲད་ཡོད་ཀྱང་། དེ་ནས་མི་ཚོང་རྒྱག་མཁན་ཚོས་རྒྱ་སྒོར་འབུམ་མང་པོ་སྤྲོད་དགོས་པའི་བཙན་དབང་བྱེད་སྐབས། བོད་པའི་སློབ་མ་དེའི་ལག་ཏུ་དངུལ་མེད་པ་ཤེས་ནས། ལས་ཀ་བྱས་ནས་དངུལ་ཚབ་འཇལ་བའམ་ཡང་ན་ཕ་མ་ལ་ཁ་པར་བཏང་ནས་སྐྱིན་ཚབ་འཇལ་དགོས་པའི་འདེམས་ཀ་སྤྲད་ཡོད་འདུག

བོད་པའི་སློབ་མ་དེས་རང་གི་ཕ་མ་ལ་ཁ་པར་བརྒྱུད་འབྲེལ་བ་བྱེད་སྐབས། མི་ཚོང་རྒྱག་མཁན་ཚོས་སློབ་མ་དེ་ནི་ཁོ་ཚོས་མི་གཞན་གྱི་ལག་ནས་ཉོས་པ་ཡིན་ཚུལ་སོགས་བརྗོད་དེ་རྒྱ་སྒོར་འབུམ་ ༣༠ སྤྲོད་དགོས་པའི་བཙན་བཀའ་བཏང་ཡོད་པ་ལྟར། སློབ་མའི་ཕ་མ་སྤུན་མཆེད་སོགས་ཀྱིས་རྟའུ་རྫོང་ཉེན་རྟོག་ཁང་ལ་འབྲེལ་བ་བྱས་ཏེ་རོགས་རམ་བྱེད་པའི་རེ་སྐུལ་ཞུ་སྐབས། ཉེན་རྟོག་ཁང་གིས་གནད་དོན་དེ་ནི་ཕྱི་སྲིད་དང་འབྲེལ་བའི་མི་ཚོང་རྒྱག་མཁན་གྱི་ནག་ཚོགས་ཤིག་དང་འབྲེལ་བ་ཡོད་སྟབས། ཁོ་ཚོས་ལག་པ་འཆང་གི་མིན་པའི་ལན་འདེབས་བྱས་ཡོད་པ་དང་། མཐར་སློབ་མ་དེའི་ཕ་མས་ནག་ཚོགས་དེར་རྒྱ་སྒོར་འབུམ་ ༣༠ སྤྲད་རྗེས། ནག་ཚོགས་ཀྱིས་བསྐྱར་དུ་དངུལ་འབོར་མང་པོ་སྤྲོད་དགོས་སྐོར་བརྗོད་ཡོད་ཅིང་། སློབ་མའི་ཕ་མས་བསྐྱར་དུ་དངུལ་གོ་སྒྲིག་ཐུབ་ཀྱི་མེད་པས། མོ་བརྒྱབ་ནས་མཐར་བུ་ཕྲུག་ལ་བྲོས་དགོས་པའི་ལམ་སྟོན་བྱས་པ་ལྟར། མཚན་མོ་ཞིག་ལ་བུ་ཕྲུག་དེ་ཁང་ཐོག་ནས་མཆོངས་ཏེ་བྲོས་ཐུབ་ཡོད་པ་རེད་ལ། ཕྱི་ཉིན་དེར་བུ་ཕྲུག་གི་སྤུན་མཆེད་ཁག་ཅིག་གིས་རྒྱ་སྒོར་མང་པོ་སྤྲད་ནས་འབར་མའི་ནང་འཛུལ་ཏེ་བུ་ཕྲུག་དེ་ཕྱིར་རང་ཡུལ་དུ་འཁྲིད་ཐུབ་པ་བྱུང་ཡོད་འདུག

བོད་པའི་སློབ་མ་བཞི་གར་སོང་ཆ་མེད་དུ་གྱུར་བའི་གནད་དོན་དང་འབྲེལ་ནས། སློབ་ཕྲུག་གི་ཕ་མ་སོགས་ཀྱིས་འབྲེལ་ཡོད་རྒྱ་གཞུང་ཉེན་རྟོག་པར་ཞུ་བ་ཐེངས་མང་བྱས་ཡོད་ཅིང་། རྒྱ་གཞུང་ཉེན་རྟོག་པས་སློབ་ཕྲུག་དེ་དག་ས་མཚམས་བརྒལ་ནས་ཕྱིན་ཟིན་ཚུལ་དང་། ཕྱི་ཕྱོགས་ཀྱི་ཁྲིམས་འགལ་ཉེས་དོན་རུ་ཁག་གི་ལག་ཏུ་ཐེབས་ཡོད་ལུགས་སོགས་བརྗོད་ཡོད་པ་མ་ཟད། ཕ་མ་རྣམས་ཀྱིས་རང་གི་ཕྲུ་གུ་དང་ཐུག་འདོད་ཡོད་ཚེ་རྒྱ་སྒོར་ཁྲི་ ༨ རེ་སྤྲོད་དགོས་སྐོར་སོགས་བརྗོད་ཡོད་འདུག་ལ། སློབ་ཕྲུག་དེ་དག་གི་ཕ་མ་སྤུན་མཆེད་སོགས་ཀྱིས། སློབ་ཕྲུག་བཞི་པོ་བོད་ནང་དུ་ཡོད་པ་དང་། ཉེན་རྟོག་པས་ལྐོག་རྔན་ལེན་འདོད་ཡོད་པའི་དོགས་པའང་བྱས་ཡོད་འདུག ད་ལྟ་ད་དུང་བོད་ཕྲུག་གསུམ་གར་ཡོད་འདིར་ཡོད་ཀྱི་གནས་སྟངས་གང་ཡང་ཤེས་རྟོགས་མ་ཐུབ་པར་ལྷག་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

ལས་འགུལ་བ་སྐལ་བཟང་མཐར་ཕྱིན་ལགས། པར་ཁོང་གི་ངོ་དེབ་ལས་བླངས།
Mobile App

ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཞི་བའི་གོམ་བགྲོད་མཚམས་འཇོག་བྱས། 

ཆུ་ཚོད་ ༢༢ སྔོན་ལ།
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་རང་ལུས་མེར་བསྲེགས་ཏེ་སྐུ་གྲོངས་ནས་ཞག་ཞེ་དགུའི་ཉིན་མོ་སྲུང་གཙི་ཞུས། 

༢༠༢༦/༠༨/༢༠
པར་འགྲེལ། དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

འཛམ་གླིང་ས་ཕྱོགས་གང་སར་ངོ་རྒོལ་གྱི་ལས་འགུལ་སྤེལ།

༢༠༢༦/༠༨/༢༠
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Editorials

ལེའུ་གསར་པ་འདིའི་མཇུག་སྐྱོང་མཁན་ནི་ང་ཚོ་ཡིན།

༢༠༢༦/༠༨/༢༠
Mobile App

རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཞིག་ལ་འདྲི་ཞིབ་བྱེད་ཀྱི་འདུག

༢༠༢༦/༠༨/༡༩
The expanded list bars Pentagon-funded researchers from collaborating with listed institutions or using their equipment under new rules. Photo: Handout
Mobile App

ཨ་རིས་རྒྱ་ནག་གི་མཉམ་འབྲེལ་ཞིབ་འཇུག་ལས་དོན་ལ་དོགས་ཟོན་བྱ་དགོས་པའི་བཀོད་ཁྱབ་བཏང་།

༢༠༢༦/༠༨/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese