མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་ནང་ངོ་རྟགས་མི་ཆོད་པའི་གློ་བའི་ནད་གཞི་ཞིག་ཁྱབ་གདལ་འགྲོ་བཞིན་འདུག

བོད་ཀྱི་དུས་བབ།
༢༠༢༣/༡༡/༢༤
Share on FacebookShare on TwitterShare on EmailShare on Whatsapp

འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་རྒྱ་ནག་ནང་ངོས་འཛིན་མི་ཐུབ་པའི་གློ་བའི་ནད་གཞི་ཞིག་ཁྱབ་གདལ་དུ་འགྲོ་བཞིན་ཡོད་པས་ཡུལ་མི་རྣམས་ནས་སྔོན་འགོག་གི་ཐབས་ལམ་རྣམས་ངེས་པར་དུ་ལག་བསྟར་བྱ་དགོས་པའི་རེ་སྐུལ་ཞུས་འདུག

ད་ལྟའི་ཆར་རྒྱ་ནག་ནང་ངོས་འཛིན་མི་ཐུབ་པའི་ནད་གཞི་ཞིག་ཁྱབ་གདལ་དུ་ཕྱིན་ཏེ། ཉིན་རེའི་ཆ་སྙོམས་ཐོག་རྒྱ་ནག་གི་བྱིས་པ་ ༧༠༠༠ ཙམ་ལ་ནད་གཞི་ཕོག་ནས་སྨན་ཁང་དུ་བསྟེན་གཏུག་བྱ་དགོས་པའི་ཛ་དྲག་གི་གནས་སྟངས་བྱུང་ཡོད་པ་མ་ཟད། ནད་གཞི་དེ་ཕོག་པའི་བྱིས་པའི་གྲངས་ཚད་ཇེ་མང་དུ་འགྲོ་བཞིན་ཡོད་པར་བརྟེན། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་རྒྱ་ནག་གཞུང་ལ་འགོས་ཁྱབ་ཆེ་བའི་ནད་གཞི་དེའི་རང་བཞིན་དང་འགོས་ཁྱབ་བྱུང་སྟངས། ཁྱབ་ཆེ་ལུགས་སོགས་ཞིབ་ཕྲའི་གནས་ཚུལ་མཁོ་སྤྲོད་བྱེད་དགོས་པའི་རེ་སྐུལ་ཞུས་ཡོད་འདུག

དེ་རིང་རྒྱ་གར་གྱི་གསར་ཁང་ (The Print) གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས། རྒྱ་ནག་གི་རྒྱལ་ས་པེ་ཅིན་དང་བྱང་ཤར་ཁུལ་གྱི་ལེའོ་ཉིང་ (Liaoning) ཞིང་ཆེན་ནང་བྱིས་པའི་གློ་ཚད་ནད་གཞི་ཞིག་ཁྱབ་གདལ་ཕྱིན་ཡོད་པ་ལས། ངོས་འཛིན་མི་ཐུབ་ཅིང་འགོས་ཁྱབ་སླ་ཞིང་ཉེན་ཁ་ཆེ་བའི་གློ་བའི་ནད་གཞི་ཞིག་ཁྱབ་གདལ་དུ་ཕྱིན་མེད་ལུགས་སྐོར་སོགས་བརྗོད་འདུག་ལ། ད་ལྟའི་ཆར་རྒྱ་ནག་གཞུང་ཕྱོགས་ནས་རྒྱ་ནག་ནང་འགྲིམ་འགྲུལ་དང་ཚོང་འབྲེལ་སོགས་བཀག་སྡོམ་བྱས་མེད་ནའང་། འབྲེལ་ཡོད་རྒྱ་ནག་གི་དཔོན་རིགས་ཚོས་བྱིས་པའི་ནད་གཞི་དེའི་ཛ་དྲག་གནས་སྟངས་དེ་དང་འབྲེལ་ནས་ཉེན་བརྡ་བཏང་ཡོད་པ་མ་ཟད། སྨན་ཁང་ཁག་ཏུ་ནད་གཞི་དེའི་ཐོག་ལ་ཞིབ་འཇུག་ནན་པོ་བྱེད་མུས་ཡིན་ཚུལ་སོགས་བསྒྲགས་འདུག

ད་ལྟའི་ཆར་རྒྱ་ནག་གི་བྱང་ཁུལ་དུ་བྱིས་པ་མང་པོར་ངོས་འཛིན་མི་ཐུབ་པའི་ནད་གཞི་ཕོག་མཁན་ཇེ་མང་དུ་ཕྱིན་པ་མ་ཟད་ནད་གཞི་དེའི་ཁྱབ་ཚད་ཤུགས་ཆེན་འགྲོ་བཞིན་ཡོད་པར་བརྟེན། རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་ཡོད་པའི་སྨན་ཁང་ནང་ནད་པའི་གྲངས་འབོར་ཇེ་མང་དུ་ཕྱིན་ཏེ་བྱིས་པའི་ཕ་མ་སྤུན་མཆེད་སོགས་སྨན་ཁང་དུ་བང་བསྒྲིགས་ཏེ་འཚང་ཁ་ཤིག་ཤིག་གིས་ཐོ་འགོད་བྱེད་བཞིན་ཡོད་པ་དང་། སྨན་པར་བསྟེན་གཏུག་བྱེད་བཞིན་པའི་གནས་སྟངས་ཛ་དྲག་ཅན་དུ་གྱུར་ཡོད་འདུག དེ་འབྲེལ་རྒྱ་ནག་གི་གྲོང་ཁྱེར་ཏ་ལི་ཡན་ (Dalian) དུ་ཡོད་པའི་སྨན་ཁང་ཞིག་གི་སྨན་པ་ཀྲང་ལི་ (Zhang Li) ཟེར་བ་ཞིག་གིས། བྱིས་པ་ཆུང་ཆུང་གི་འཕྲོད་བསྟེན་གྱི་ཐོག་ལ་སེམས་ཁྲལ་ཆེ་ཤོས་ཡོད་པ་དང་། གློ་བའི་ནད་གཞི་འདྲ་མིན་ཡོད་པར་བརྟེན། ནད་གཞི་ཁ་ཤས་ལ་བཅོས་ཐབས་ཡོད་ཀྱང་བྱིས་པའི་འཕྲོད་བསྟེན་ལ་གནོད་སྐྱོན་ཚབས་ཆེན་ཡོང་གི་ཡོད་སྐོར། གློ་བའི་ནད་གཞི་དེའི་ནང་ངོ་རྟགས་མི་འཕྲོད་པའི་ནད་འབུ་མང་པོ་ཡོད་པ་མ་ཟད། གློ་བའི་ནད་གཞི་ཁ་ཤས་བཅོས་ཐུབ་ཀྱི་ཡོད་ཀྱང་། ནད་གཞི་ཁ་ཤས་བཅོས་ཐུབ་ཀྱི་མེད་སྐོར། ཏོག་དབྱིབས་གཉན་རིམས་ཀྱི་རྗེས་ནས་འགོས་ཁྱབ་ཆེ་བའི་ནད་འབུའི་ནད་རིགས་མི་འདྲ་བ་མང་བའི་རྐྱེན་གྱིས། མིའི་སྲོག་ལའང་ཉེན་ཁ་ཆེ་སྐོར་སོགས་བརྗོད་འདུག

ཟླ་འདིའི་ཕྱི་ཚེས་ ༢༢ ཉིན་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས། རྒྱ་ནག་ནང་བྱིས་པར་ངོ་རྟགས་མི་འཕྲོད་པའི་ནད་གཞི་ཕོག་བཞིན་པ་དང་འབྲེལ་ནས་གཞུང་འབྲེལ་གསལ་བསྒྲགས་ཤིག་སྤེལ་བའི་ནང་། རྒྱ་ནག་གཞུང་གིས་བྱིས་པའི་གློ་ཚད་ནད་གཞི་དེར་བརྟག་དཔྱད་གཏོང་གི་ཡོད་ཁར། ནད་པ་རྣམས་ལ་ལྟ་རྟོག་ཡག་པོ་བྱེད་བཞིན་ཡོད་སྐོར་བརྗོད་འདུག་མོད། རྒྱ་ནག་བྱང་ཁུལ་དུ་ཡོད་པའི་ཕྲུ་གུའི་ནང་ལ་ངོ་རྟགས་མི་ཆོད་པའི་གློ་བའི་ནད་གཞི་ཕོག་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་དང་། ཁ་གསལ་མེད་པའི་གནས་ཚུལ་མང་པོ་བྱུང་གི་ཡོད་སྟབས། རྒྱ་ནག་གཞུང་གིས་ངོས་འཛིན་མི་ཐུབ་པའི་གློ་བའི་ནད་གཞི་དེའི་འབྱུང་རྐྱེན་སོགས་ཞིབ་ཕྲའི་གནས་ཚུལ་མཁོ་སྤྲོད་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག

འདི་ལོའི་ཕྱི་ཟླ་ ༡༠ པའི་ཟླ་དཀྱིལ་ནས་བཟུང་རྒྱ་ནག་བྱང་ཁུལ་དུ་ཡོད་པའི་བྱིས་པ་ཆུང་ཆུང་ཚོར་ངོས་འཛིན་མི་ཐུབ་པའི་གློ་བའི་ནད་གཞི་ཞིག་འགོས་ཁྱབ་ཤུགས་ཆེན་བྱུང་ཡོད་ཅིང་། དེ་ནི་འདས་པའི་ལོ་ངོ་གསུམ་གོང་གི་ཏོག་དབྱིབས་གཉན་རིམས་ཀྱི་ཁྱབ་ཚད་ལས་ཀྱང་རྒྱ་ནག་ནང་ཁྱབ་གདལ་ཆེ་བའི་ནད་གཞི་ཞིག་ཆགས་ཡོད་པར་བརྟེན། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་རྒྱ་ནག་ནང་ངོས་འཛིན་མི་ཐུབ་པའི་གློ་བའི་ནད་གཞི་དེ་འགོས་ཁྱབ་མི་ཡོང་བ་དང་སྔོན་འགོག་སླད། རྒྱ་ནག་གི་མི་མང་རྣམས་ནས་ཁ་རས་ངེས་པར་དུ་གྱོན་པ་དང་ཁྱིམ་དུ་སྡོད་དགོས་པ། འགོག་ཁབ་རྒྱག་དགོས་པ། དེ་བཞིན་བརྟག་དཔྱད་ངེས་པར་དུ་བྱ་དགོས་པ་དང་། རྒྱང་ཐག་འཇོག་དགོས་པ་སོགས་སྔོན་འགོག་གི་ཐབས་ལམ་དེ་དག་ངེས་པར་དུ་ལག་བསྟར་བྱེད་པའི་འབོད་སྐུལ་ཞུས་ཡོད་འདུག

ཁ་སང་ཕྱི་ཚེས་ ༢༣ ཉིན་འཛམ་གླིང་འཕྲོད་བསྟེན་འཛུགས་ཀྱིས། རྒྱལ་ཁབ་ཅིག་གིས་འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག་ཐོག་ལ་གདོང་ལེན་བྱེད་ཐུབ་པར་མི་མང་གི་འཕྲོད་བསྟེན་ལེགས་པོ་དགོས་པ་དེ་གལ་ཆེ་ཤོས་ཤིག་ཡིན་པའི་སྐོར་ལ་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ཉེ་བའི་ཆར་འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག་རྐྱེན་གྱིས་མིའི་འཕྲོད་བསྟེན་ལ་གནོད་སྐྱོན་ཚབས་ཆེན་གཏོང་བཞིན་ཡོད་པ་ལྟར། གནམ་གཤིས་འགྱུར་ལྡོག་གི་རྐྱེན་གྱིས་ནད་རིགས་འདྲ་མིན་བྱུང་སྟེ། མང་ཚོགས་ཁྲོད་ཁྱབ་གདལ་ཤུགས་ཆེན་འགྲོ་དང་འགྲོ་མུས་ཡིན་པ་མ་ཟད། འཛམ་གླིང་གི་ཚ་དྲོད་འཕེལ་རྐྱེན་གྱིས་ཤིང་ནགས་མེར་བསྲེགས་པ་དང་། མཁའ་རླུང་འབག་བཙོག་ཤུགས་ཆེར་ཕྱིན་ཏེ། དབུགས་འབྱིན་རྔུབ་ཀྱི་དཀའ་ངལ་དང་གློ་བའི་ནད་རིགས་འདྲ་མིན་བྱུང་གི་ཡོད་པར་བརྟེན། འགྲོ་བ་མི་སྤྱི་ཡོངས་ཀྱི་འཕྲོད་བསྟེན་ལ་དོ་ཕོག་ཤུགས་ཆེན་འགྲོ་བཞིན་ཡོད། དེར་བརྟེན། མི་མང་གི་འཕྲོད་བསྟེན་ནི་གལ་གནད་ཆེ་ཤོས་ཤིག་ཡིན་པ་མ་ཟད། འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག་ལ་གདོང་ལེན་བྱེད་ཐུབ་པར་མི་མང་གི་འཕྲོད་བསྟེན་ལེགས་པོ་དགོས་པ་དང་ལྟ་སྲུང་ལེགས་པོ་བྱ་དགོས་རྒྱུ་གལ་ཆེ་ཤོས་ཡིན་སྐོར་སོགས་བཀོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

ལས་འགུལ་བ་སྐལ་བཟང་མཐར་ཕྱིན་ལགས། པར་ཁོང་གི་ངོ་དེབ་ལས་བླངས།
Mobile App

ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཞི་བའི་གོམ་བགྲོད་མཚམས་འཇོག་བྱས། 

ཆུ་ཚོད་ ༢༠ སྔོན་ལ།
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་རང་ལུས་མེར་བསྲེགས་ཏེ་སྐུ་གྲོངས་ནས་ཞག་ཞེ་དགུའི་ཉིན་མོ་སྲུང་གཙི་ཞུས། 

༢༠༢༦/༠༨/༢༠
པར་འགྲེལ། དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

འཛམ་གླིང་ས་ཕྱོགས་གང་སར་ངོ་རྒོལ་གྱི་ལས་འགུལ་སྤེལ།

༢༠༢༦/༠༨/༢༠
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Editorials

ལེའུ་གསར་པ་འདིའི་མཇུག་སྐྱོང་མཁན་ནི་ང་ཚོ་ཡིན།

༢༠༢༦/༠༨/༢༠
Mobile App

རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཞིག་ལ་འདྲི་ཞིབ་བྱེད་ཀྱི་འདུག

༢༠༢༦/༠༨/༡༩
The expanded list bars Pentagon-funded researchers from collaborating with listed institutions or using their equipment under new rules. Photo: Handout
Mobile App

ཨ་རིས་རྒྱ་ནག་གི་མཉམ་འབྲེལ་ཞིབ་འཇུག་ལས་དོན་ལ་དོགས་ཟོན་བྱ་དགོས་པའི་བཀོད་ཁྱབ་བཏང་།

༢༠༢༦/༠༨/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese