མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་སྐྱོང་མཆོག་གིས་ཨ་རིའི་མེ་ནེ་སོ་ཌར་ས་གནས་སུ་འཚམས་གཟིགས་གནང་།

བོད་ཀྱི་དུས་བབ།
༢༠༢༣/༡༡/༢༧
Share on FacebookShare on TwitterShare on EmailShare on Whatsapp

སྲིད་སྐྱོང་མཆོག་གིས་ཕ་མ་དང་ཕྲུ་གུ་རྣམས་ཀྱིས་རང་ཁྱིམ་དུ་ངེས་པར་བོད་སྐད་བཤད་པའི་གོམས་གཤིས་འཇགས་དགོས་གལ་གསུངས་འདུག

སྲིད་སྐྱོང་མཆོག་གིས་མེ་ནེ་སོར་ཌའི་བོད་རིགས་སྤྱི་མཐུན་ཚོགས་པའི་རིག་གཞུང་སློབ་གྲྭའི་དགེ་སློབ་ཡོངས་ལ་གསུང་བཤད་གནང་། པར་དབང་། ས་གནས་བོད་རིགས་ཚོགས་པ།

ཁ་སང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨ་རིའི་མེ་ནེ་སོར་ཌ་བོད་རིགས་སྤྱི་མཐུན་ཚོགས་པའི་རིག་གཞུང་སློབ་གྲྭར་འཚམས་གཟིགས་ཕེབས་ཡོད་ཅིང་། སྐབས་དེར་སྲིད་སྐྱོང་མཆོག་གིས། བོད་པ་རྣམས་ཐོག་མར་མེ་ནེ་སོར་ཌར་སླེབས་པ་ནས་བཟུང་བོད་རིགས་སྤྱི་མཐུན་ཚོགས་པའི་འགན་འཁུར་འོག་བོད་ཀྱི་རིག་གཞུང་སློབ་གྲྭ་འཛུགས་མཁན་དང་ཕྱག་ལས་གནང་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སློབ་གྲྭའི་ནང་དུ་དགེ་རྒན་གལ་ཆེན་པོ་ཆགས་ཡོད། དགེ་རྒན་མེད་ཚེ་སློབ་གྲྭ་ཁུངས་འཁྱོལ་རྒྱུ་ཁག་པོ་ཆགས་ཡོད། དགེ་རྒན་རྣམས་ཀྱིས་སྒེར་གྱི་ལས་ཀ་དང་ཡོང་སྒོ་སོགས་ལ་མ་བལྟས་པར་གཟའ་སྤེན་པ་དང་ཉི་མར་སློབ་གྲྭ་འཚོག་བཞིན་ཡོད། མི་རབས་གསར་བ་གསོ་སྐྱོང་ཞུ་བར་འདི་ལས་ལྷག་པའི་ཞབས་འདེགས་ཤིག་མེད་པས། དགེ་རྒན་རྣམ་པ་ཚོར་ཐུགས་རྗེ་ཆེ་ཞུ་སྙིང་འདོད་བྱུང་། ཕྲུ་གུ་ཚོས་བསམ་བློའི་ཐག་གཅོད་བྱེད་ཐུབ་ཀྱི་མེད་པར་བརྟེན། ཕ་མ་རྣམས་ཀྱིས་འགན་བཞེས་ཏེ་ཕྲུ་གུ་ངེས་པར་དུ་སློབ་གྲྭར་བསྐྱལ་དགོས། ཕྲུ་གུ་རྣམས་མཉམ་དུ་འཛོམས་ཏེ་བོད་སྐད་བཤད་པ་དང་། བོད་ཆས་གྱོན་པའི་གོམས་གཤིས་ཤིག་ཆགས་འདུག ཕྲུ་གུ་རྣམས་ཀྱིས་ཁྱིམ་དུ་ཕ་མ་དང་མཉམ་དུ་བོད་སྐད་བཤད་དགོས། ཕ་མ་རྣམས་ཀྱིས་ཀྱང་ངེས་པར་དུ་བོད་སྐད་བཤད་དགོས། བྱིས་པའི་སྐབས་ནས་བཟུང་བོད་སྐད་བཤད་པའི་གོམས་གཤིས་ཡོད་ཚེ། ལོ་ཆེན་པོ་སོན་ཡང་རང་བཞིན་གྱིས་བོད་སྐད་ཡག་པོ་བཤད་ཐུབ་ཀྱི་ཡོད། ཆུང་དུས་ཀྱི་སྐབས་ལ་བོད་སྐད་མ་བཤད་ཚེ། ཆེན་པོ་ཆགས་དུས་སློབ་གྲྭ་གཞན་དུ་འགྲོ་དགོས་པས། དབྱིན་སྐད་མ་གཏོགས་བོད་སྐད་བཤད་པའི་གོ་སྐབས་ཡོད་པ་མ་རེད། ཡུ་རོབ་ཕྱོགས་ཀྱི་བོད་པ་ཞིག་གིས། ཁོས་བོད་སྐད་ཤེས་ཀྱི་མེད་པ་དེ་ཕ་མའི་ཆུང་དུས་བོད་སྐད་མ་བཤད་པའི་སྐྱོན་རེད་ཅེས་བཤད་ཡོད་འདུག རྗེས་མར་ཕྲུ་གུས་ཆུང་དུས་བོད་སྐད་སྦྱངས་བའི་གོ་སྐབས་སྤྲད་མ་སོང་ཟེར་བ་ཞིག་མེད་པར་བཟོ་དགོས་པ་ཕ་མའི་འོས་འགན་རེད། ཕྲུ་གུ་ཚོས་ཁྱིམ་དུ་ཕ་མ་དང་མཉམ་དུ་ངེས་པར་དུ་བོད་སྐད་བཤད་དགོས། ཞེས་གསུངས་འདུག

ཡང་ཟླ་འདིའི་ཕྱི་ཚེས་ ༢༥ ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཨ་རིའི་མེ་ནེ་སོ་ཌའི་ས་གནས་བོད་རིགས་མི་མང་ལ་འཚམས་གཟིགས་གནང་ཡོད་ཅིང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུའི་འཕྲོད་བཞེས་སྐོར་ལ་སྲིད་སྐྱོང་མཆོག་གིས། ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་གྱི་ཞོགས་པར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་ཁ་ཞུས་ཏེ། བོད་མིའི་སྒྲིག་འཛུགས་ཀྱི་རྒྱུན་ལྡན་གྱི་ལས་དོན་བྱེད་ཕྱོགས་དང་། གནད་དོན་བྱེ་བྲག་ཁ་ཤས་ཀྱི་ཐོག་སྙན་སེང་ཞུ་རྒྱུ་བྱུང་། སྐབས་དེར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་ཁམས་གསལ་ཐང་ཡིན་པ་དང་། ཉིན་ལྔ་དྲུག་གི་མཚམས་སུ་མི་ལྔ་བརྒྱ་དྲུག་བརྒྱ་ལྷག་ལ་རྟག་ཏུ་མཇལ་ཁ་གནང་བཞིན་ཡོད་ཅིང་། ༧མགོན་པོ་གང་ཉིད་དགུང་ལོ་མཐོ་བོ་ཡིན་པར་བསྟུན་སྐུ་གཟུགས་ཀྱི་གནས་བབ་ཐོག་ནས་སྔོན་མ་ནང་བཞིན་འཛམ་གླིང་རྒྱལ་ཁབ་ཁག་ཏུ་ཆིབས་བསྒྱུར་གནང་ཐུབ་ཀྱི་མེད་ཀྱང་། གསུང་ཆོས་དང་བརྟན་བཞུགས་ཀྱི་སྐབས་སུ་ང་ཚོའི་སེམས་ཤུགས་མི་ཆག་པའི་ཆེད་དུ། དགུང་ལོ་བརྒྱ་དང་བཅུ་ལྷག་བཞུགས་པའི་དགོངས་བཞེས་གནང་ཡོད་པ་རེད། སྐུ་ཚེ་བརྟན་པར་བླ་སློབ་དམ་ཚིག་གཙང་མ་དགོས་པས། བླ་མའི་ཐུགས་བསྐྱེད་བཀའ་དགོངས་གཞིར་བཟུང་ཐོག་བསྐྱོད་ཐུབ་ཚེ། བོད་ཀྱི་བསྟན་སྲིད་གཉིས་ཀ་ཕན་ཐོགས་པ་ཞིག་རེད་ཅེས་གསུངས་འདུག

ཡང་བོད་རྒྱའི་དཀའ་རྙོག་གི་སྐོར་ལ་སྲིད་སྐྱོང་མཆོག་གིས། བཙན་བྱོལ་བོད་མིའི་སྒྲིག་འཛུགས་དབུ་མའི་ལམ་གྱི་སྲིད་ཇུས་ཀྱི་ཐོག་འཚེ་བ་མེད་པ་དང་ཞི་མོལ་ལམ་ཁར་འགྲོ་བཞིན་ཡོད་པ་དང་། བོད་རྒྱའི་དཀའ་རྙོག་མ་སེལ་བར་དུ། རྒྱལ་སྤྱིའི་སྤྱི་ཚོགས་སྟེང་དུ་བོད་དོན་དྲིལ་བསྒྲགས་བྱ་རྒྱུ་གལ་ཆེན་པོ་ཡིན་པས། ད་ལྟའི་བཀའ་ཤག་གིས་འཛམ་གླིང་གི་གསར་ལམ་ཆེ་ཤོས་དང་བརྒྱུད་ལམ་མང་པོ་ཞིག་ལ་བོད་དོན་སྐོར་གླེང་སློང་བྱེད་པར་གོ་སྐབས་ཡག་པོ་བྱུང་ཡོད་སྐོར་དང་། བོད་པ་རྣམས་འཛམ་གླིང་གི་རྒྱལ་ཁབ་ཉི་ཤུ་ལྷག་གི་ནང་དུ་ཐོར་ཏེ་རྒྱལ་ཁབ་དེ་དག་གི་མི་སེར་ཆགས་ཡོད་པ་དང་། རྒྱལ་ཁབ་དེའི་ནང་དུ་རང་ཉིད་ཀྱི་མགོ་ཁྲིད་ལ་འོས་ཤོག་བླུགས་པའི་ཐོབ་ཐང་ཡོད་པས། བོད་དོན་ཐོག་རྒྱབ་སྐྱོར་གནང་བར་འབོད་སྐུལ་ཞུ་ཐུབ་པའི་གོ་སྐབས་ཡོད་པ་མ་ཟད། ད་ལྟའི་བཀའ་ཤག་གིས་རྒྱལ་ཁབ་སོ་སོའི་ནང་དུ་དྭང་བླངས་བོད་དོན་ཞུ་གཏུགས་ཀྱི་ལས་འགུལ་ཤུགས་ཆེན་འགྲོ་བཞིན་ཡོད་པ་དེར་གཞོན་སྐྱེས་རྣམས་མཉམ་ཞུགས་གང་མང་བྱས་ཏེ། རྒྱལ་སྤྱིའི་ཐོག་བོད་དོན་དྲིལ་བསྒྲགས་གལ་ཆེན་ཡིན་སྐོར་སོགས་གསུངས་འདུག

གསར་འགོད་པ། བྱམས་པ་ཚེ་རིང་།

རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་
Mobile App

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས།

ཆུ་ཚོད་ ༡༦ སྔོན་ལ།
Mobile App

ཨ་རིས་བོད་མི་རྣམས་ལ་ཨ་སྒོར་ས་ཡ་ ༢༣ རོགས་དངུལ་བཀའ་འཁྲོལ་གཏན་འབེབས་བྱས།

ཆུ་ཚོད་ ༡༧ སྔོན་ལ།
Mobile App

དྷ་ས་ནས་རྒྱ་མི་ཞིག་གསང་ཉུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག

༢༠༢༦/༠༢/༠༣
Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese