མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ངོ་དེབ་ཀྱིས་རྒྱ་ནག་ཏུ་བཀོལ་སྤྱོད་བྱེད་བཞིན་པའི་ངོ་དེབ་ཁ་བྱང་ ༤༧༠༠ ལྷག་སྒོ་བརྒྱབ་འདུག

བོད་ཀྱི་དུས་བབ།
༢༠༢༣/༡༢/༠༢
Share on FacebookShare on TwitterShare on EmailShare on Whatsapp

ངོ་དེབ་ཀྱིས་རྒྱ་ནག་ཏུ་བཀོལ་སྤྱོད་བྱེད་བཞིན་པའི་ངོ་དེབ་ཁ་བྱང་ ༤༧༠༠ ལྷག་སྒོ་བརྒྱབ་ནས་ཕྱི་ལོ་ ༢༠༢༤ ལོའི་ཨ་རིའི་སྲིད་འཛིན་གྱི་འོས་བསྡུར་འགོག་རྐྱེན་མི་ཡོང་བའི་སྔོན་འགོག་བྱེད་ཀྱི་ཡོད་འདུག

ངོ་དེབ་ཀྱིས་རྒྱ་ནག་ཏུ་བཀོལ་སྤྱོད་བྱེད་བཞིན་པའི་ངོ་དེབ་ཁ་བྱང་དག་སྒོ་བརྒྱབ་འདུག པར། GETTY

རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་སྤྱི་ཚོགས་དྲ་ལམ་ཁག་ཏུ་རྒྱ་ནག་གི་སྐར་ལྔའི་དྲ་དམག་མང་དག་ཅིག་མངག་གཏོང་བྱས་ནས། སྤྱི་ཚོགས་དང་གཞུང་སྒེར་སོགས་ཀྱི་བར་དོན་མེད་རྙོག་གྲ་སློང་ཐབས་ཡང་ཡང་བྱེད་ཀྱི་ཡོད་པ་ལྟར། ད་ལྟ་རྒྱ་ནག་ཏུ་བཀོལ་སྤྱོད་བྱེད་བཞིན་ཡོད་ཅིང་། པར་དང་མིང་སོགས་ཁ་གསལ་མེད་པའི་ངོ་དེབ་ཁ་བྱང་  ༤༧༠༠ ལྷག་གིས་ཨ་རིའི་མི་སེར་ཡིན་ཁུལ་གྱིས། ཨ་རིའི་ཆབ་སྲིད་ཀྱི་གནད་དོན་དང་། ལོ་རྗེས་མའི་ཨ་རིའི་སྲིད་འཛིན་གྱི་འོས་བསྡུ། ཨ་རྒྱའི་འབྲེལ་ལམ་སོགས་ཀྱི་སྐོར་ལ་འཁྱོག་བརྗོད་དང་ལོག་འགྲེལ་བྱེད་བཞིན་ཡོད་སྟབས། རྒྱལ་སྤྱིའི་སྤྱི་ཚོགས་བརྒྱུད་ལམ་ཆེ་ཤོས་ཀྱི་གྲས་ངོ་དེབ་ལས་ཁུངས་(facebook) ཀྱིས་རྒྱ་ནག་གི་ངོ་དེབ་ཁ་བྱང་དེ་དག་སྒོ་བརྒྱབ་ཡོད་པའི་གནས་ཚུལ་སྤེལ་འདུག

དེའི་ཐད་ངོ་དེབ་ཏུ་ཚུལ་མཐུན་མིན་པའི་བྱ་སྤྱོད་ཞིབ་འཇུག་ཚན་པའི་སྣེ་ཁྲིད་བྷིན་ནིམ་མོ་(Ben Nimmo) ཡིས། ལོ་རྗེས་མའི་འོས་བསྡུ་བསླེབ་ལ་ཉེ་བའི་དུས་འདིར། ཕྱི་ཕྱོགས་ཀྱི་མིས་དྲ་ལམ་བརྒྱུད་ཨ་རིའི་མི་མང་ལ་འཇབ་རྒོལ་ཞིག་བྱེད་ཀྱིན་འདུག་པས། ང་ཚོས་སྔོན་ཚོད་ནས་དོགས་གཟོན་བྱ་དགོས། ཞེས་བརྗོད་འདུག་ལ། རྒྱ་ནག་ཏུ་ཡོད་པའི་ངོ་དེབ་ཀྱི་ཁ་བྱང་གཉེར་མཁན་དེ་དག་གིས་བུད་མེད་ཀྱི་མངལ་ཤོར་བ་དང་། འགལ་ཟླ་ཆེ་བའི་རིག་གཞུང་ཕན་ཚུན་གྱི་དཀའ་ཁག དེ་བཞིན་ཡོ་ཁུ་རེན་གྱི་དམག་འཁྲུག་དང་འབྲེལ་ནས་རོགས་སྐྱོར་གྱི་གནད་དོན་སོགས་གླེང་སློང་བྱས་ཏེ། ཨ་རིའི་མི་མང་ནང་ཁུལ་དུ་རྩོད་རྙོག་སློང་གི་ཡོད་འདུག

སྤྱིར་རྒྱ་ནག་གཞུང་གིས་རྒྱ་ནག་ནང་ངོ་དེབ་ཚུད་པའི་རྒྱལ་སྤྱིའི་སྤྱི་ཚོགས་དྲ་ལམ་ཕལ་མོ་ཆེ་གཏན་འགོག་བྱས་ཡོད་ཀྱང་།  ད་ལྟ་ཕྱི་ལོ་ ༢༠༢༤ ལོའི་ཨ་རིའི་སྲིད་འཛིན་གྱི་འོས་བསྡུ་བསླེབ་ལ་ཉེ་བའི་སྐབས་འདིར། རྒྱ་ནག་ནང་ངོ་དེབ་བཀོལ་སྤྱོད་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པའི་ཁར། ད་ལྟ་རྒྱ་ནག་གི་ངོ་དེབ་ཀྱི་ཁ་བྱང་ ༤༧༠༠ ལྷག་གིས་འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་མི་གཞན་གྱི་མིང་དང་། པར་རིས་སོགས་བཞག་ནས་ངོ་དེབ་བེད་སྤྱོད་གཏོང་གི་ཡོད་པ་མ་ཟད། ངོ་ཐག་མི་ཆོད་པའི་ཁ་བྱང་དེ་དག་གིས་ཕན་ཚུན་གྱི་པར་རིས་དང་འགྲེམས་སྤེལ་བྱས་པའི་གནས་ཚུལ་སོགས་ལ་དགའ་རྟགས་སྤྲོད་རེས་བྱེད་ཀྱི་ཡོད་ཅིང་། དེ་དག་གི་གནས་ཚུལ་ཁ་ཤས་ཤིག་ཨེ་སི་(X) འམ་ཊི་ཝེ་ཊར་ནས་ཁུར་ཡོང་གི་ཡོད་པ་ཤེས་རྟོགས་བྱུང་འདུག

འདས་པའི་ལོ་ཤས་རིང་ངོ་ཐག་མི་ཆོད་པའི་ངོ་དེབ་ཁ་བྱང་དག་གིས་མི་གཞན་དང་དྲ་ལམ་སོགས་ནས་གནས་ཚུལ་རྫུན་བཟོ་དང་རྐུ་བཤུས་བྱས་ནས་གང་བྱུང་དྲ་ལམ་དུ་སྤེལ་བའི་ཁྲོད། ཨ་རིའི་མང་གཙོ་དང་སྤྱི་མཐུན་ཚོགས་པ་གཉིས་དང་འབྲེལ་བའི་ཨ་རིའི་ཆབ་སྲིད་ཀྱི་གནད་དོན་ཚུད་པའི་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་བ་ལྕམ་སྐུ་པེ་ལོ་སི་(Nancy Pelosi) མཆོག་དང་། ཨ་རིའི་ཁྲིམས་རྩོད་པ་དང་ཆབ་སྲིད་པ་གྷི་རི་ཆིན་ཝ་ཡའེ་མིར་ (Gretchen Whitmer) ཨ་རིའི་གྲོས་ཚོགས་འོག་མའི་ཇིམ་རྗོ་ཌིན་ (Jim Jordan) སོགས་ཀྱི་སྐོར་ལ་གནས་ཚུལ་རྫུན་སྤེལ་དང་འཁྱོག་བརྗོད་མང་དག་ཅིག་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

ཡང་གནས་ཚུལ་ནང་། ད་ལྟ་རྒྱ་ནག་ནང་བཀོལ་སྤྱོད་བྱེད་བཞིན་པའི་ངོ་དེབ་ཁ་བྱང་དེ་དག་གིས་གསང་བའི་ངང་རྒྱ་གར་དང་བོད་ཐོག་རྟོག་ཞིབ་བྱས་ཏེ་ནང་ཁུལ་དུ་དབྱེ་དཀྲུག་འཕེན་གྱི་ཡོད་པ་མ་ཟད། རྒྱ་གར་དང་བོད་གཉིས་ནས་རྒྱ་ནག་ལ་དགའ་ཞེན་ཡོད་པའི་གནས་ཚུལ་མང་དག་ཅིག་བརྒྱུད་སྤེལ་བྱེད་བཞིན་ཡོད་པ་རེད། དེ་བཞིན་ཊི་ལི་གྷི་རམ་ (Telegram channels) གྱི་བརྒྱུད་ལམ་ཞིག་ནས་དབྱིན་ཡིག་གི་ཐོག་ནས་ཡོ་ཁུ་རེན་ལ་བཙན་འཛུལ་བྱེད་པའི་གནས་ཚུལ་འཁྱོག་བརྗོད་བྱེད་ཀྱི་ཡོད་པའི་གནས་ཚུལ་ཞིག་ཀྱང་ཤེས་རྟོགས་བྱུང་འདུག་ལ།  ངོ་དེབ་ཁ་བྱང་དེ་དག་གིས་རྒྱ་ནག་དམར་ཤོག་སྲིད་གཞུང་གི་དྲིལ་བསྒྲགས་མང་པོ་ཞིག་ཁྱབ་སྤེལ་དང་ཨ་རིའི་ནང་གི་ཕྱོགས་ཞེན་གྱི་སྐད་ཆར་འུར་སྒྲོག་དང་། ལྟ་ཚུལ་མི་འདྲ་བའི་བར་དཀྲུག་ཤིང་སློང་བའི་གནས་ཚུལ་བཀྲམ་གྱི་ཡོད་འདུག

གཞན་ཡང་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་དུ་རྟེན་གཞི་བྱས་པའི་དྷི་གྷ་ཌེན་ (The Guardian) གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ད་ལྟ་རྒྱ་ནག་གི་ངོ་དེབ་དེ་དག་གིས་ངོ་དེབ་ཁོ་ན་མ་ཡིན་པར་ཊི་ཝེ་ཊར་རམ་ཨེག་སི་(X) སོགས་ཀྱི་གནས་ཚུལ་རྫུན་བཟོ་བྱས་ཏེ་ངོ་དེབ་སྟེང་བརྒྱུད་སྤེལ་དང་། འཛམ་གླིང་ནང་ཤུགས་རྐྱེན་ཆེ་བའི་ཆབ་སྲིད་པ་དང་ཕྱུག་བདག་སོགས་སུ་བརྫུས་ནས། གནས་ཚུལ་མང་པོ་ཞིག་བརྒྱུད་སྤེལ་བྱེད་ཀྱིན་ཡོད་པ་ཤེས་རྟོགས་བྱུང་འདུག་ལ། དེའི་ཁྲོད་ཀྱི་དཔེ་མཚོན་ཞིག་ནི་འཛམ་གླིང་གི་ཕྱུག་བདག་ཆེན་པོ་ཨེ་ལོན་མེག་སི་(Elon Musk) ཡིས་ཁྱབ་བསྒྲགས་བྱས་པ་དག་ཡང་བསྐྱར་བརྒྱུད་སྐུར་(retweeted ) བྱེད་ཀྱི་ཡོད་འདུག

འདི་ལོའི་ཕྱི་ཟླ་ ༥ ཚེས་ ༣ ཉིན་ངོ་དེབ་སྤྱི་ཚོགས་དྲ་ལམ་ཚན་པས་དྲ་ལམ་ནས་འཇབ་རྒོལ་བྱས་པའི་སྙན་ཐོ་ཞིག་བཏོན་པའི་ནང་། འདས་པའི་ལོ་ཤས་རིང་ངོ་ཐག་མ་ཆོད་པའི་ཁ་བྱང་དེ་དག་གིས་འཛམ་གླིང་ཁྱོན་ཡོངས་ཀྱི་ཆབ་སྲིད་ཀྱི་འགྱུར་འགྲོས་དང་ཁེ་ཕན་སོགས་ལ་དམིགས་ནས་གནས་ཚུལ་མང་དག་ཅིག་རྫུན་སྤེལ་བྱས་ཏེ། ངོ་དེབ། ཊི་ཝེ་ཊར། ཡུ་ཊུབ་ (YouTube)།  ཊིག་ཊོག་སོགས་སུ་སྤེལ་བའི་མ་ཟད། གཞུང་སྒེར་མང་པོ་ཞིག་གི་སྤྱི་ཚོགས་དྲ་ལམ་ཁག་ཚུད་པའི་དྲ་རྒྱ་མང་པོ་ཞིག་ལ་འཇབ་རྒོལ་བྱས་ཡོད་སྐོར་དང་། ཕྱི་ལོ་ ༢༠༡༦ ཙམ་ནས་ངོ་དེབ་ལས་ཁུངས་ཀྱིས་རྒྱ་ནག་གཞུང་གི་དྲ་ལམ་འཇབ་རྒོལ་བའམ་སྐར་ལྔའི་དྲ་དམག་གི་ཁ་བྱང་རྣམས་སྒོ་བརྒྱབ་ཡོད་ཀྱང་། ཉེ་བའི་ལོ་ཤས་ནང་རྒྱ་ནག་གིས་ངོ་དེབ་དང་། ཨིན་སི་ཊི་ར་གྷི་རམ་ཚུད་པའི་རྒྱ་ནག་ནང་བཀག་སྡོམ་བྱས་པའི་སྤྱི་ཚོགས་དྲ་ལམ་ཁག་བཀོལ་མཁན་ཇེ་མང་དུ་ཕྱིན་པ་དང་། དེ་དག་གིས་རྒྱ་ནག་དམར་ཤོག་སྲིད་གཞུང་གི་ལྟ་བ་དང་ལངས་ཕྱོགས་སོགས་དྲ་ལམ་དུ་སྤེལ་གྱི་ཡོད་སྐོར་སོགས་གསལ་འདུག

ཕྱི་ལོ་ ༢༠༡༦ ལོའི་ཨ་རིའི་སྲིད་འཛིན་གྱི་འོས་བསྡུའི་སྐབས། ཨུ་རུ་སུས་ངོ་དེབ་ཚུད་པའི་སྤྱི་ཚོགས་དྲ་ལམ་མང་དག་ཅིག་ནས་ཨ་རིའི་འོས་བསྡུའི་ལས་དོན་ལ་བཀག་འགོག་དང་འགོག་རྐྱེན་ཆེན་པོ་བཟོས་ཡོད་ལ། སྤྱི་ཚོགས་དྲ་ལམ་དེ་དག་ནས་གནས་ཚུལ་མང་དག་ཅིག་རྫུན་སྤེལ་བྱས་ནས། ཨ་རིའི་གཞུང་མང་གཉིས་ཀྱི་བར་འགལ་ཟླ་བཟོ་ཐབས་དང་སྤྱི་ཚོགས་ནང་གི་རྙོག་འཛིང་མང་པོ་ཞིག་བསྐྱར་དུ་སློང་ཐབས་བྱས་འདུག་པས། ཨ་རིའི་ཆེད་མཁས་པ་མང་དག་ཅིག་གིས། རྒྱ་ནག་དང་ཨུ་རུ་སུས་ཕྱི་ལོ་ ༢༠༢༤ ལོའི་ཨ་རིའི་སྲིད་འཛིན་གྱི་འོས་བསྡུར་འགོག་རྐྱེན་ཆེན་པོ་བཟོ་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་འདུག

གསར་འགོད་པ། དཔལ་ལྡན།

རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Some Chinese students celebrate graduation in New York. Photo: IC
Mobile App

རྒྱ་ནག་དང་འབྲེལ་འདྲིས་ཡོད་པའི་ཨ་རིའི་སློབ་ཆེན་ཁག་ལ་རོགས་དངུལ་སྤྲོད་ལེན་མི་ཆོག་པའི་ཁྲིམས་འཆར་བཏོན།

ཆུ་ཚོད་ ༡༠ སྔོན་ལ།
Volker Türk, High Commissioner for Human Rights, welcomes the journalist at the Palais Wilson. 17 October 2022. UN photo by Violaine Martin
Mobile App

གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་རྩིས་མེད་གཏོང་བའི་སྲིད་ཇུས་རྣམས་མཚམས་འཇོག་དགོས་པ་ནན་བརྗོད་གནང་།

ཆུ་ཚོད་ ༡༣ སྔོན་ལ།
མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་རིང་མཚམས་འཇོག་བྱ་རྒྱུའི་གསལ་བསྒྲགས། དྲ་ལམ་གྱི་པར། ༢༠༢༦།༦།༡༨
Mobile App

མཚོ་སྔོན་བོད་སྐད་རླུང་འཕྲིན་ཟླ་གཅིག་ལྷག་མཚམས་འཇོག་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༦/༢༢
རྒྱ་ནག་གིས་བཀག་སྡོམ་བྱས་པའི་ཨ་རིའི་དམག་དོན་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ ཡི་ལས་རྟགས། ༢༠༢༦།༦།༢༢ པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

རྒྱ་ནག་གིས་ཨ་རིའི་རྒྱལ་སྲུང་དང་འབྲེལ་བའི་བཟོ་ཚོང་ཁང་ ༡༠ བཀག་སྡོམ་བྱས།

༢༠༢༦/༠༦/༢༢
Mobile App

ཁྲིམས་ཞིབ་པ་ཆེ་བ་ཟུར་པ་ངག་དབང་འཕེལ་རྒྱལ་ལགས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༦/༢༢
ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese