མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་གིས་སྒང་ཏོག་ཏུ་རྒྱལ་སྲས་ལག་ལེན་སོ་བདུན་མའི་བཀའ་ཆོས་བསྩལ།

བོད་ཀྱི་དུས་བབ།
༢༠༢༣/༡༢/༡༢
Share on FacebookShare on TwitterShare on EmailShare on Whatsapp

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་གསུང་ཆོས་དང་བསྟུན་ནས། ཉེ་ཆར་འབྲས་ལྗོངས་ནང་ཆུ་ལོག་གི་གནོད་རྐྱེན་ཁྲོད་འདས་གྲོངས་སོང་བ་དང་ད་ལྟ་དཀའ་ངལ་འཕྲད་བཞིན་པའི་མི་མང་གི་ཆེད་དུ་དམིགས་བསལ་ཐུགས་སྨོན་མཛད་སོང་།

༧གོང་ས་མཆོག་ནས་སྒང་ཏོག་ཏུ་གསུང་ཆོས་བསྩལ། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༣།༡༢།༡༢

འབྲས་ལྗོངས་མངའ་སྡེ་གཞུང་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར། དེ་རིང་སྔ་དྲོའི་ཆུ་ཚོད་༨།༠༠ ཐོག་འབྲས་ལྗོངས་ཀྱི་རྒྱལ་ས་སྒང་ཏོག་དཔལ་འབྱོར་རྩེད་ཐང་དུ། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མའི་གསུང་ཆོས་སྩལ་སྐབས། དེ་རིང་འདིར་འབྲས་ལྗོངས་ཀྱི་ཡུལ་མི་གཙོས་ཕྱོགས་མཐའ་ཁག་ནས་ངོས་དང་ནང་ཆོས་ལ་དགའ་བོ་བྱེད་མཁན་ཚང་མར་འཚམས་འདྲི་ཞུ་བཞིན་ཡོད། ངོས་ཀྱིས་ཁྱེད་ཚོས་ཆོས་ལུགས་སྤྱི་དང་སངས་རྒྱས་བའི་ཆོས་ལ་དོ་སྣང་བྱེད་བཞིན་ཡོད་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ང་ཚོ་མི་ཚང་མ་སྐྱེས་ནས་བཟུང་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་རང་བཞིན་གྱི་ཡོང་གི་ཡོད། སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ནི་བྱ་བྱིའུ་སོགས་སེམས་ཅན་ཚང་མར་འདུག སྲོག་ཆགས་ཚང་མས་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་ཤ་སྟག་ཆགས་ཡོད་ཀྱང་། ང་ཚོ་མིས་སྤྱི་ཚོགས་ནང་དུ་སྡུག་བསྔལ་ཡོང་བའི་ཆ་ཤས་མང་པོ་སྤེལ་བཞིན་ཡོད། ཐབས་སྐྱོ་བ་ཞིག་ལ་ཆོས་ལུགས་མི་འདྲ་བའི་ནང་ཕན་ཚུན་བར་ཕྱོགས་ཞེན་བྱེད་པ་ཡོང་གི་འདུག འཛམ་གླིང་སྟེང་མི་གྲངས་དུང་ཕྱུར་ཁ་ཤས་ཡོད་པ་ཚང་མས་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ་གཅིག་མཚུངས་ཡོད་ཀྱང་། རྙོག་གྲྭ་མང་པོ་ང་ཚོ་མི་རང་ཉིད་ཀྱིས་བཟོ་བཞིན་འདུག

ངོས་ཀྱིས་ཆོས་ལུགས་ཚང་མར་གུས་ཞབས་བྱེད་བཞིན་ཡོད་པ་མ་ཟད། ཡི་ཤུ་ལྷ་ཁང་དང་ཧིན་རྡུ་ལྷ་ཁང་སོགས་སུ་འགྲོ་བཞིན་ཡོད། ཡིན་ནའང་ཆོས་ལུགས་ཀྱི་ཕྱོགས་ཞེན་གྱི་རྙོག་གྲྭ་ཞིག་ཡོང་གི་འདུག ཆོས་ལུགས་མི་འདྲ་བ་ཕན་ཚུན་བར་འཆམ་པོ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། རྒྱ་གར་ནང་དུ་ཁ་ཆེ་དང་། ཧིན་རྡུ། འཇིའུ་སོགས་ཕལ་ཆེར་འཛམ་གླིང་ཐོག་གི་ཆོས་ལུགས་ཚང་མ་ཡོད་པའི་ལུང་པ་ཞིག་རེད་དེ། ཆོས་ལུགས་ཁག་ཕན་ཚུན་མཐུན་པོ་འདུག  ཆོས་ལུགས་ཀྱི་ལྟ་གྲུབ་ཀྱི་ཐོག་ནས་འདྲ་མིན་ཡོད་ཀྱང་། ཆོས་ལུགས་ཚང་མས་སེམས་བཟང་པོ་བྱེད་དགོས་པའི་བསླབ་བྱ་གསུང་གི་ཡོད་དུས། ང་ཚོ་ཚང་མས་སེམས་པ་བཟང་པོ་དང་། ཆོས་ལུགས་བར་དུ་གུས་ཞབས་བྱེད་དགོས་པ་ཧ་ཅང་གལ་ཆེན་པོ་རེད། ཅེས་གསུངས་སོང་།

ཡང་༧གོང་ས་མཆོག་གིས། སྤྱིར་ཆོས་ལུགས་ཀྱི་ཐོག་ནས་རྙོག་གྲྭ་སེལ་དགོས་པ་ཞིག་ཡིན་མོད། སྐབས་རེར་ཆོས་ལུགས་ཀྱི་ཐོག་ནས་རྙོག་གྲྭ་ཡོང་གི་ཡོད་པའི་ཟོལ་ཞིག་འདུག ལྟ་གྲུབ་ཀྱི་ཐོག་ནས་ནང་པར་ཆ་བཞག་ཀྱང་དབུ་མ་པ་དང་། མདོ་སྡེ་བ། སེམས་ཙམ་པ། བྱེ་བྲག་སྨྲ་བ་བཅས་ཡོད་པ་དང་། དེ་དག་གི་ནང་གསེས་སུའང་མང་པོ་ཡོད། ཁམས་དང་མོས་པར་བསྟུན་ཏེ་ཆོས་ལུགས་ཀྱི་ཐོག་ནས་བསམ་བློ་འདྲ་མིན་ཡོད། སེམས་པ་བཟང་པོ་དང་ཕན་སེམས་བྱེད་དགོས་པ་ཆོས་ལུགས་ཚང་མས་གསུངས་ཡོད། ཆོས་ལུགས་མི་འདྲ་བ་རྒྱུ་མཚན་བྱས་ཏེ་ཕན་ཚུན་འཐེན་འཁྱེར་མི་བྱེད་པ་དང་། ཐུགས་འདུན་ཁྲིམས་གཙང་བྱ་རྒྱུ་གལ་ཆེན་པོ་འདུག ངོས་རང་ལ་ཆ་བཞག་ན་བཅོམ་ལྡན་འདས་བཅས་ཀྱི་དགེ་སློང་ཕམ་ལྷག་བཅུ་བདུན་གྱི་མ་གོས་པ་ཞིག་ཆགས་ཡོད། ཆོས་ལུགས་ཚང་མར་ལྟ་གྲུབ་ཀྱི་ཐོག་ནས་མ་འདྲ་བ་ཡོད་ཀྱང་། སེམས་བཟང་པོ་དང་དྲང་བདེན་བྱ་དགོས་པ་གསུངས་ཀྱི་འདུག  ངོས་ཀྱིས་ཆོས་ལུགས་ཚང་མར་གུས་ཞབས་བྱེད་བཞིན་ཡོད། ཆོས་དད་བྱེད་པ་སོ་སོའི་སྒེར་གྱི་དོན་དག་རེད། མི་སྤྱི་བའི་ཐོག་ནས་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་(secular ethics) ཧ་ཅང་གལ་ཆེན་པོ་མཐོང་གི་འདུག འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་ལ་བལྟས་ན་ཆོས་ལུགས་མ་འདྲ་བ་རྒྱུ་མཚན་དུ་བྱས་ཏེ་སྐབས་རེར་ཕན་ཚུན་འཁྲུག་པ་བརྒྱབ་འདུག དེ་སྐབས་ཀྱི་དུས་ཚོད་དེ་རྫོགས་པ་རེད། འཛམ་གླིང་གི་མི་གྲངས་ཐེར་འབུམ་ ༨ ཙམ་ཡོད་པའི་ནང་དུ་མི་ཚང་མས་ཕན་ཚུན་བར་འཆམ་མཐུན་དང་ཕན་སེམས། ཞི་བདེ་ལྡན་པ་ཞིག་ཡོང་བར་འབད་བརྩོན་བྱ་རྒྱུ་ལས་འགན་རེད། ཅེས་གསུངས་སོང་།

༧མགོན་པོ་གང་ཉིད་མཆོག་གིས། ང་ཚོ་སྐྱེས་པའི་དུས་ནས་བཟུང་ཆོས་ལུགས་ཀྱི་སྐོར་བཤད་ཀྱི་མེད། ཚང་མ་ཨ་མའི་འོ་མའི་གསོས་བ་གཅིག་པ་རེད། སྐྱེ་བ་ནས་མ་ཤི་བར་དུ་མི་གཅིག་གྱུར་གྱི་འདུ་ཤེས་ཀྱི་ཐོག་ནས་ཕན་ཚུན་ལ་བརྩེ་བ་དང་ཕན་སེམས་ཀྱི་རོགས་རམ་བྱེད་དགོས། ཆོས་ལུགས་ཀྱི་ཐོག་ནས་བཤད་ན་ཉམས་ལེན་ཡང་རེད། ཆོས་དད་མེད་མཁན་ཚོའང་མིའི་སྤྱི་ཚོགས་ནང་བདེ་སྐྱིད་ཡོང་བར་ཕན་ཐོགས་ལྡན་པ་ཞིག་རེད། སྔོན་མ་འཛམ་གླིང་དུ་ཕན་ཚུན་དབྱེ་འབྱེད་ཀྱི་ཐོག་ནས་འཁྲུག་པ་མང་པོ་བྱུང་བ་རེད། ང་ཚོས་བསམ་བློ་ཡག་པོ་བཏང་ཚེ་རང་རྒྱལ་གཞན་ཕམ་དོན་དུ་གོ་མཚོན་འདྲ་མིན་བཟོས་ཏེ་འཁྲུག་པ་བརྒྱབ་པ་དང་འགྲོ་སོང་འབོར་ཆེན་བཏང་བ་ཞེད་སྣང་སྐྱེ་དགོས་པ་ཞིག་རེད། ངོས་རང་ས་ཆ་གང་དུ་སླེབས་ཀྱང་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ། མི་ཚང་མ་གཅིག་གྱུར་ཡིན་པས་ཕན་ཚུན་བར་རོགས་རམ་བྱེད་དགོས་པ་བཤད་ཀྱི་ཡོད། ཆོས་ལུགས་ལ་དད་མོས་ཡོད་མེད་སོ་སོའི་སྒེར་གྱི་དོན་དག་རེད།

ཉེ་ཆར་འདིར་ཆུ་ལོག་སོགས་ཀྱིས་རྐྱེན་ངན་མང་པོ་བྱུང་སྟེ་མི་མང་པོ་འདས་གྲོངས་བྱུང་བ་རེད། འདས་གསོན་ཚང་མའི་ལུས་ཀྱི་འཕྲོད་བསྟེན་དང་སེམས་ཀྱི་ཞི་བདེའི་ཆེད་དུ་མ་ཎི་ཕྲེང་སྐོར་གཅིག་འདྲེན་རྒྱུ་ཡིན། ང་ཚོ་བོད་གངས་ཅན་དང་ཧི་མ་ལ་ཡའི་རི་རྒྱུད་རྣམས་འཕགས་པ་སྤྱན་རས་གཟིགས་ཀྱི་འདུལ་ཞིང་དུ་གྱུར་ཡོད་ཅིང་དམིགས་བསལ་གྱི་འབྲེལ་བ་ཡོད། བོད་རིགས་ཚང་མར་ཆུང་དུས་ནས་མ་ཎི་བགྲང་བའི་གོམས་གཤིས་ཡོད། དེ་རིང་འདིར་ཆུ་ལོག་རྐྱེན་ངན་སྐབས་སུ་འདས་གྲོངས་སུ་ཕྱིན་པ་དང་། ད་ལྟ་གསོན་པོ་གནས་ཡོད་པ་ཚང་མར་དམིགས་ཏེ་མ་ཎི་ཕྲེང་སྐོར་གཅིག་ཚང་མས་མཉམ་དུ་བགྲང་རོགས། ཞེས་གསུངས་སོང་།

ཡང་༧མགོན་པ་གང་ཉིད་ཀྱིས། སེམས་ཀྱི་ཞི་བདེ་ཡོང་བར་སེམས་བསྐྱེད་ཧ་ཅང་ཡག་པོ་རེད། ལྷག་པར་དུ་སོ་སོར་གནོད་པ་གཏོང་མཁན་རྣམས་ལ་བརྩེ་བའི་བློ་བསྐྱེད་དུས་ཕན་ཐོགས་པ་ཞིག་རེད། ངོས་རང་ལ་ཆ་བཞག་ན་བོད་ནང་དུ་དཀའ་ངལ་མང་པོ་འཕྲད་དུས། ལྷག་པར་དུ་རྒྱ་ནག་ལ་བརྩེ་བའི་བློ་བསྐྱེད་པ་མ་གཏོགས་དེར་ཁོང་ཁྲོ་ཟ་བ་སོགས་ཁྱོན་ནས་མེད། མི་ཚེ་དོན་དང་ལྡན་པ་ཞིག་ཡོང་བར་བྱང་ཆུབ་ཀྱི་སེམས་ཀྱིས་ཧ་ཅང་ཕན་ཐོགས་ཀྱི་འདུག བློ་ལྷོད་ལྷོད་བྱས་ནས་བསྡད་ཚེ་འཕྲོད་བསྟེན་ཡག་ཤོས་དེ་རེད། སེམས་ལ་དངངས་སྐྲག་དང་། ཕྲག་དོག་སོགས་ཁྱོན་ནས་ཡོང་གི་མི་འདུག སེམས་ཀྱི་ཞི་བདེ་ཡོང་བར་བྱང་ཆུབ་ཀྱི་སེམས་བསྒོམ་ན་ཕན་ཐོགས་ཞེ་དྲགས་འདུག ངོས་རང་ཨ་མའི་བྱམས་བརྩེའི་འོག་ནས་འཚར་ལོངས་བྱུང་བ་རེད། བོད་ནང་དུ་དཀའ་ངལ་མང་པོ་ཞིག་འཕྲད་ཡོད་ཀྱང་། བྱང་ཆུབ་ཀྱི་སེམས་ལ་བསམ་བློ་བཏང་དུས་སེམས་ཀྱི་ཞི་བདེ་དང་ཁ་བྲལ་གྱི་མི་འདུག ད་ལྟ་ངོས་རང་ལོ་ ༩༠ སླེབས་ཀྱི་ཡོད་ཀྱང་། སོ་གཅིག་ཕུད་མེད། བློ་ལྷོད་ལྷོད་བྱས་ཏེ་སྡོད་དུས་ཁྱད་པར་ཆེན་པོ་འདུག བྱང་ཆུབ་སེམས་སྒོམ་སྐབས་བསོད་ནམས་ཀྱི་ཚོགས་བསགས་པ་དང་། བྱང་ཆུབ་སེམས་ཀྱིས་ཟིན་པའི་ཐོག་ནས་སྟོང་ཉིད་ཀྱི་ལྟ་བ་སྒོམ་ཡོང་དུས། ཡེ་ཤེས་ཀྱི་ཚོགས་བསགས་པ་དང་ས་ལམ་བགྲོད་པར་ཕན་ཐོགས་ཡོད་ཅིང་། འཕྲལ་དུའང་གཟུགས་པོར་ཕན་ཐོགས་འདུག ངོས་རང་གིས་ཞོགས་པར་ཡར་ལངས་པ་དང་བྱང་ཆུབ་ཀྱི་སེམས་ལ་བསམ་བློ་ཤུགས་ཆེན་པོ་གཏོང་བཞིན་ཡོད། ཆོས་གྲོགས་ཚོས་ཀྱང་བྱང་ཆུབ་ཀྱི་སེམས་ལ་བསམ་བློ་གཏང་ན་ཉིན་རེ་བཞིན་མི་ཚེ་དོན་དང་ལྡན་པ་ཞིག་ཡོང་གི་རེད། དེ་ཚང་མས་སེམས་སུ་ངེས་པར་བྱོས། ཞེས་གསུངས་སོང་།

གསར་འགོད་པ། བྱམས་པ་ཚེ་རིང་།

རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

ཨ་མའི་དུས་ཆེན་ཉིན་མོར་ཨ་མར་ཕྱིར་དྲན་གསོན་པོ་ཞིག

ཆུ་ཚོད་ ༡༨ སྔོན་ལ།
Mobile App

འདི་ལོ་བོད་པའི་སློབ་གྲྭ་ཁག་གི་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༩༨།༥༨ རེད་འདུག

༢༠༢༦/༠༥/༡༥
ttt
Mobile App

རྩོད་རྙོག་ཟེར་བ་དེ་བཟང་ཕྱོགས་སུ་བསྒྱུར་རྒྱུའི་ཐབས་ལམ་ཡོད།

༢༠༢༦/༠༥/༡༥
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་གིས་ཌ་སི་མོན་ཊུ་ཊུ་དམ་པ་དེ་ཉིད་སྙིང་ནས་བརྩེ་བའི་གྲོགས་པོ་ཞིག་ཡིན་གསུངས།

༢༠༢༦/༠༥/༡༥
Donald Trump and Xi Jinping at a bilateral meeting. Photograph: Alex Wong/Getty Images
Mobile App

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གཉིས་ཐུག་འཕྲད་གནང་།

༢༠༢༦/༠༥/༡༤
ཕྱག་འཁྱེར་གནང་བ།
Mobile App

ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་ཐོན་པ་ ༢༢ ལ་ཕྱག་འཁྱེར་གནང་།

༢༠༢༦/༠༥/༡༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese