མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡུ་རོབ་གྲོས་ཚོགས་སུ་བོད་ནང་གི་གཏན་འཇགས་སློབ་གྲྭ་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབ་གནང་།

བོད་ཀྱི་དུས་བབ།
༢༠༢༣/༡༢/༡༥
Share on FacebookShare on TwitterShare on EmailShare on Whatsapp

ཡུ་རོབ་གྲོས་ཚོགས་སུ་བོད་ནང་གི་གཏན་འཇགས་སློབ་གྲྭའི་སྲིད་ཇུས་ལག་བསྟར་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབ་གནང་འདུག

Tibetan Children at China’s Colonial Boarding School in Nagchu area, Tibet

ཁ་སང་ཕྱི་ཚེས་ ༡༤ ཉིན་ཧྥ་རན་སིའི་གྲོང་ཁྱེར་སི་ཊར་སི་སྦག་ (Strasbourg) ཏུ་ཚོགས་པའི་ཡུ་རོབ་གྲོས་ཚོགས་སྟེང་། རྒྱ་ནག་གཞུང་གིས་བོད་ནང་གི་བྱིས་པ་ས་ཡ་ ༡ ཙམ་རང་གི་ཕ་མ་དང་ཁ་བྲལ་དུ་བཏང་ནས་བཅའ་སྡོད་སློབ་གྲྭར་བཅུག་སྟེ། རྒྱ་སྒྱུར་སློབ་གསོ་སྤེལ་བའི་སྲིད་ཇུས་ལག་བསྟར་འཕྲལ་དུ་མཚམས་འཇོག་དགོས་པའི་གྲོས་ཆོད་ཅིག་གཏན་འབེབ་བྱུང་འདུག

ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་གྱི་དགོང་མོར་ཡུ་རོབ་གྲོས་ཚོགས་སུ་གྲོས་ཚོགས་འཐུས་མི་ཁག་ཅིག་གིས། རྒྱ་ནག་གཞུང་གིས་བོད་ནང་གི་བྱིས་པ་ས་ཡ་ ༡ ཙམ་བཅའ་སྡོད་སློབ་གྲྭར་བཅུག་སྟེ་རྒྱ་སྒྱུར་སློབ་གསོ་སྤྲོད་བཞིན་པར་སྐྱོན་འཛུགས་དང་། རྒྱ་ནག་གཞུང་གིས་སྲིད་ཇུས་དེ་འཕྲལ་དུ་མཚམས་འཇོག་དགོས་པའི་གྲོས་གཞི་གྲོས་འཆར་ཞིག་གི་ཐད་གླེང་སློང་ཤུགས་ཆེན་གནང་སྟེ། ཁ་སང་ཕྱི་ཚེས་ ༡༤ ཉིན་གྲོས་གཞི་བཏོན་པ་དེར་གྲོས་ཚོགས་འཐུས་མི་ ༤༧༧ གྱིས་རྒྱབ་སྐྱོར་དང་། འཐུས་མི་ ༡༤ ཡི་དགག་བྱ། གཞན་འཐུས་མི་ ༤༥ ཡིས་བར་ཞུགས་གནང་སྟེ། མང་མོས་ཀྱིས་རྒྱབ་སྐྱོར་གཏན་འབེབ་བྱུང་ཡོད་འདུག

དེ་འབྲེལ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས། ཡུ་རོབ་གྲོས་ཚོགས་ནས་བོད་ནང་གི་གཏན་འཇགས་སློབ་གྲྭའི་སྲིད་ཇུས་ལག་བསྟར་འོག བོད་ཕྲུག་དང་ཕ་མ་གཉིས་ཁ་བྲལ་དུ་བཅུག་པ་དང་། བོད་མིའི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བའི་ཛ་དྲག་གི་གནས་སྟངས་གསལ་སྟོན་ཐོག་བོད་དོན་ལངས་ཕྱོགས་བརྟན་པོ་བཟུང་བར་དགའ་བསུ་དང་། ཡུ་རོབ་མཐུན་ཚོགས་ནས་སྲིད་ཇུས་དེ་དང་འབྲེལ་ནས་རྒྱ་ནག་གཞུང་གིས་སྲིད་ཇུས་ངན་པ་ལག་བསྟར་བྱེད་པའི་རྐྱེན་གྱིས་རྒྱ་གཞུང་ལ་སྲིད་དོན་གྱི་བཀའ་བཅད་གཏོང་བ་སོགས་གནོན་ཤུགས་ངེས་པར་དུ་སྤྲོད་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག

ཡུ་རོབ་གྲོས་ཚོགས་ཀྱི་གྲོས་ཆོད་དེའི་ནང་དོན་ཚན་གསུམ་ཡོད་པ་ནི། རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གི་སྣེ་ཁྲིད་འོག་རྒྱ་གཞུང་གིས་བོད་ནང་དྲག་གནོན་དང་དམ་དྲག་ཤུགས་ཆེན་གྱི་ལམ་ལུགས་དང་སྲིད་ཇུས་ལག་བསྟར་འོག བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པས། ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་བར་གྱི་འབྲེལ་ལམ་ནང་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དང་། དམངས་གཙོ་དང་དེའི་ཁྲིམས་ལུགས་གཙོ་གནད་ངེས་པར་དུ་དགོས་པ་དང་། རྒྱ་ནག་གི་དཔོན་རིགས་ཀྱིས་དབང་ཆ་བེད་སྤྱད་དེ་བོད་ནང་གི་བྱིས་པ་ལོ་ན་ ༤ ནས་ ༡༨ བར་གྱི་ཕྲུ་གུ་རྣམས་ལ་བོད་ཀྱི་སྐད་ཡིག་དང་རིག་གཞུང་སོགས་གཞི་རྩའི་སློབ་སྦྱོང་མི་སྤྲོད་པར་བཙན་གྱིས་གཏན་འཇགས་སློབ་གྲྭར་བཅུག་སྟེ་རྒྱ་སྒྱུར་སློབ་གསོ་སྤེལ་བཞིན་པའི་ལམ་ལུགས་ལག་བསྟར་དང་། ལམ་ལུགས་དེའི་འོག་ནས་བོད་ཀྱི་སྐད་ཡིག་དང་རིག་གཞུང་། ལོ་རྒྱུས་སོགས་རྩ་མེད་གཏོང་སླད་བོད་ཕྲུག་བརྒྱ་ཆ་ ༨༠ ཙམ་དང་། ཡང་ན་བོད་ཕྲུག་ས་ཡ་ ༡ ཙམ་ཕ་མ་དང་ཁ་བྲལ་དུ་བཏང་ནས་རྒྱ་སྒྱུར་སློབ་གསོ་སྤྲོད་པའི་ཐོག རང་གི་སྐད་ཡིག་དང་རིག་གཞུང་སྲུང་སྐྱོབ་སླད་གཞུང་སྒེར་གཉིས་ཀྱི་སློབ་གྲྭ་འཛུགས་མི་ཆོག་པ་སོགས་དམ་དྲག་སྔར་ལྷག་བྱེད་པའི་སྐོར་དང་། དེ་སྔ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་ལས་པ་རྣམས་ཀྱིས་བོད་ནང་གི་བཅའ་སྡོད་སློབ་གྲྭའི་སྲིད་ཇུས་དང་། བོད་ཕྲུག་རྣམས་ཕ་མ་དང་ཁ་བྲལ་དུ་བཅུག་པ་སོགས་རང་གི་སྐད་ཡིག་དང་རིག་གཞུང་བཀོལ་སྤྱོད་བྱེད་མི་བཅུག་པ་སོགས་ལ་བློ་འཚབ་ཡོད་པ་དང་། གཏན་འཇགས་སློབ་གྲྭ་བཙུགས་པའི་སྲིད་ཇུས་དེ་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་ལུགས་དང་འགལ་གྱི་ཡོད་པ་དང་། བོད་ཀྱི་སྐད་ཡིག་དང་རིག་གཞུང་སོགས་རྩ་མེད་གཏོང་ཐབས་ཀྱི་སྲིད་ཇུས་སྐོར་སོགས་བཀོད་འདུག

དོན་ཚན་གསུམ་པའི་ནང་གསེས་དོན་གནད་བདུན་བཏོན་པའི་ནང་། དང་པོ། རྒྱ་ནག་གིས་བོད་ནང་གི་གཏན་འཇགས་སློབ་གྲྭའི་སྲིད་ཇུས་དང་མི་སེར་སྤེལ་ཡུལ་གྱི་སྲིད་ཇུས་སོགས་ལག་བསྟར་གྱིས་བོད་མི་དང་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་སོགས་རྩ་མེད་གཏོང་ཐབས་ཀྱི་ལམ་ལུགས་ལ་སྐྱོན་བརྗོད་ཤུགས་ཆེན་གནང་བ་དང་། གཉིས་པ། འདི་ལོའི་ཕྱི་ཟླ་ ༢ པའི་ནང་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་ལས་པས་ལམ་སྟོན་ལྟར། བོད་ནང་གི་བཅའ་སྡོད་སློབ་གྲྭའི་སྲིད་ཇུས་ལག་བསྟར་འཕྲལ་དུ་མཚམས་འཇོག་དགོས་པ་མ་ཟད། རྒྱ་ནག་དཔོན་རིགས་ཀྱིས་བོད་ཀྱི་སྒེར་གཉེར་སློབ་གྲྭ་འཛུགས་འཇུག་དགོས་པ་དང་། གསུམ་པ། བོད་ནང་གཏན་འཇགས་སློབ་གྲྭའི་སྲིད་ཇུས་ལག་བསྟར་དང་ཐད་ཀར་འབྲེལ་བ་ཡོད་པའི་རྒྱ་ནག་གི་དཔོན་རིགས་དེ་དག་ལ་ཨ་རིའི་གཞུང་གིས་ཐོངས་མཆན་ལག་ཁྱེར་མི་སྤྲོད་རྒྱུའི་ཉེས་ཆད་བཏང་བ་ལྟར། ཡུ་རོབ་ངོས་ནས་ཀྱང་དེ་ལྟར་ལག་བསྟར་གནང་དགོས་པའི་འབོད་སྐུལ་དང་། བཞི་པ། རྒྱ་ནག་གཞུང་གིས་ཡུ་རོབ་ཀྱི་ཕྱི་འབྲེལ་མི་སྣ་དང་། རྒྱལ་སྤྱིའི་ཉམས་ཞིབ་པ་དང་རང་དབང་ཅན་གྱི་གསར་འགོད་པ་རྣམས་ལ་བོད་ནང་གི་གཏན་འཇགས་སློབ་གྲྭའི་ནང་འགྲོ་སྐྱོད་ཆོག་པའི་ཐོངས་མཆན་ལག་ཁྱེར་སྤྲོད་དགོས་པ། ལྔ་པ། ཡུ་རོབ་མཐུན་ཚོགས་ནས་རྒྱ་ནག་ནང་དང་དམིགས་བསལ་གྱིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་གནད་དོན་ཐད་ལ་གླེང་སློང་ངེས་པར་དུ་དགོས་པ། དྲུག་པ། རྒྱ་ནག་གཞུང་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་། ཁོང་ཉིད་ཀྱི་སྐུ་ཚབ་བམ། བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་མཉམ་དུ་གྲོལ་མོལ་བསྐྱར་གསོ་བྱེད་དགོས་པ་དང་། རྒྱ་ནག་དཔོན་རིགས་ཀྱིས་༧པཎ་ཆེན་རིན་པོ་ཆེ་མཆོག་ཀློད་གྲོལ་དང་། ༧སྐུའི་ཡང་སྲིད་ངོས་འཛིན་གནང་ཕྱོགས་ཐད་ཐེ་གཏོགས་བྱེད་མཚམས་འཇོག་དགོས་པའི་ནན་སྐུལ་ཞུས་པ་དང་། བདུན་པ། ཡུ་རོབ་ཀྱི་སྲིད་འཛིན་གྱི་ངོས་ནས་གཏན་འཇགས་སློབ་གྲྭ་དང་འབྲེལ་བའི་གྲོས་ཆོད་འདི་ཡུ་རོབ་མཐུན་ཚོགས་ཀྱི་སྒྲིག་འཛུགས་དང་། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་སོགས་ལ་ངོ་སྤྲོད་བྱ་རྒྱུ་བཅས་འཁོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

སུའུ་ཏན་གྱི་དམག་དཔུང་གཉིས་ཀྱི་དམག་དཔོན།
Mobile App

སུའུ་ཏན་གྱི་དམག་དཔུང་བར་འཁྲུག་རྩོད་བྱུང་སྟེ་མི་མང་པོར་ཤི་རྨས་བྱུང་།

༢༠༢༣/༠༤/༡༧
Then-Myanmar State Counselor Aung San Suu Kyi in Beijing on August 18, 2016.
Mobile App

ལྕམ་ཨང་སན་སུའུ་སྐྱིད་ཀྱི་སྲིད་དོན་ཚོགས་པ་མེད་པར་བཟོས།

༢༠༢༣/༠༣/༢༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese