མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ས་ཡོམ་གྱིས་ཀན་སུའུ་ཡི་རིག་དངོས་རྩ་ཆེན་ལའང་གནོད་སྐྱོན་ཐེབས་འདུག

བོད་ཀྱི་དུས་བབ།
༢༠༢༣/༡༢/༢༦
Share on FacebookShare on TwitterShare on EmailShare on Whatsapp

ཐེངས་འདིའི་ས་ཡོམ་གྱིས་མཚོ་སྔོན་གྱི་ཡ་རྫི་རྫོང་གི་རྡོ་སྦིས་ཕྱོགས་དང་བཀའ་མ་ལོག་གི་ཁྭ་ཏི་ཁ་དགོན་པའི་ཕྱོགས་ཀྱི་སྡེ་བ་ཁག་གི་ནང་དུ་གནོད་སྐྱོན་ཚབས་ཆེན་ཐེབས་འདུག

ཡ་རྫི་རྡོ་སྦིས་དགོན་པ་དང་བཀའ་མ་ལོག་གི་རི་རྩ་སྡེ་བ་གཉིས་སུ་ས་ཡོམ་གནོད་སྐྱོན་ཐེབས་པ། པར་འབྲེལ་ཡོད་ཀྱི་བརྙན་ཐུང་ནས་བླངས།

ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་ཀན་སུའུ་ཀ་ཆུའི་སྟག་ལུང་རྫོང་དུ་ཚད་རིམ་ ༦།༢ ཅན་གྱི་ས་ཡོམ་བརྒྱབ་སྟེ། འདབས་འབྲེལ་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་གྱི་བཀའ་མ་ལོག་དང་།  བ་ཡན། ཡ་རྫི་སོགས་ཀྱི་གྲོང་སྡེ་ ༤༦ གི་སྡེ་བ་ ༤༡༩ ལྷག་གི་ཁང་ཁྱིམ་ལ་གཏོར་བཤིག་ཚབས་ཆེན་ཐེབས་ཡོད་པ་མ་ཟད། མཚོ་ཤར་ནས་མི་གྲངས་ ༣༢ རྐྱེན་འདས་དང་། མི་གྲངས་ ༡༩༨ ལྷག་ལ་རྨས་སྐྱོན་བྱུང་། ཀན་སུའུ་ཀ་ཆུ་ཁུལ་ནས་མི་གྲངས་ ༡༡༧ རྐྱེན་འདས་དང་། མི་གྲངས་ ༧༨༡ ལྷག་ལ་རྨས་སྐྱོན་ཕོག་ཡོད་འདུག་ལ། ཐེངས་འདིའི་ས་ཡོམ་ཁྲོད་འཛམ་གླིང་ནང་སྙན་གྲགས་ཆེ་བའི་རིག་དངོས་བང་མཛོད་ཏུན་ཧོང་བྲག་ཕུག་སོགས་ཡོད་སའི་ཀན་སུའུ་ཞིང་ཆེན་ཁོངས་ཀྱི་གནའ་ཤུལ་རིག་དངོས་མང་པོ་ཞིག་ལའང་གནོད་སྐྱོན་ཐེབས་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༢༤ ཉིན་རྒྱ་ནག་གཞུང་འབྲེལ་གྱི་དྲ་ལམ་དུ་བྲག་ཕུག་གང་ཡིན་ཁ་གསལ་མ་བྲིས་པའི་གནས་སྤོ་མི་ཐུབ་པའི་རིག་དངོས་མང་པོར་ཚད་གཞི་མི་འདྲ་བའི་གནོད་སྐྱོན་ཕོག་ཡོད་སྐོར་གྱི་གནས་ཚུལ་ཞིག་སྤེལ་བའི་ནང་དུ། ཀན་སུའུ་ཡི་གནས་སྤོ་མི་ཐུབ་པའི་རིག་དངོས་ ༢༤ ལ་ཚད་གཞི་མི་འདྲ་བའི་གནོད་འཚེ་ཕོག་ཅིང་། གཙོ་བོ་གནའ་བོའི་རྩིག་བཟོས་ཀྱི་གྱང་གས་པ་དང་། སོ་ཕག་ལྷུང་བ། རྫ་ལེབ་ཆག་ལྷུང་སོགས་ཀྱི་གནས་ཚུལ་ཐོན་པ་ལས། འཐོར་ཞིག་ཏུ་སོང་བའི་གནས་ཚུལ་ཐོན་མེད། ཅི་ཧྲི་ཧྲན་རྫོང་རྟེན་རྫས་བཤམས་མཛོད་ཁང་དུ་ཉར་ཚགས་བྱས་པའི་རྫ་ཆས་ཚོན་ཁྲ་ཅན་ ༡༡ ལ་ཆག་གྲུམ་ཤོར་ཡོད་སྐོར་དང་། རིག་དངོས་སྲུང་སྐྱོབ་བེད་སྤྱོད་ཀྱི་དོ་དམ་སྒྲིག་བཀོད་ཁག་ ༦ གི་གྱང་གས་པ་སོགས་ཀྱི་གནོད་འཚེ་ཕོག་ཡོད་སྐོར་དང་། ཛ་དྲག་གི་མ་དངུལ་བཏང་སྟེ་ཉེན་ཆེའི་གནས་ཚུལ་ལ་ལྟ་ཞིབ་དམ་ཟབ་དང་གནས་ཚུལ་ཤེས་རྟོགས་བྱས་ནས་ཞོར་ཐོན་གནོད་འཚེ་ཐོན་རྒྱུར་ནན་འགོག་བྱེད་དགོས་སྐོར་བཀོད་མངགས་བྱས་ཡོད་སྐོར་བསྒྲགས་འདུག་ལ། འདི་ལོའི་ཕྱི་ཟླ་ ༧ ཚེས་ ༡༧ ཉིན་རྒྱ་ནག་པེ་ཅིན་དུ་ཏུན་ཧོང་ཉམས་ཞིབ་གཙུག་ལག་སློབ་གཉེར་ཁང་གི་མཁས་པ་དང་ཤར་ཨེ་ཤ་ཡའི་ (Greenpeace) ཚོགས་པའི་གནམ་གཤིས་བརྟག་དཔྱད་ཀྱི་ཚན་རིག་པ་ཁག་ཅིག་གིས། ཉེ་བའི་ལོ་ཤས་ནས་བཟུང་ཀན་སུའུ་ཁུལ་དུ་ཆར་པ་ཤུགས་ཆེན་བབས་བ་དེས་ཏུན་ཧོང་བྲག་ཕུག་གི་གནའ་རྫས་ལ་ཤུགས་རྐྱེན་གང་འདྲ་ཐེབས་ཀྱི་ཡོད་མེད་དང་གནམ་གཤིས་འགྱུར་ལྡོག་གི་སྐོར་ལ་བགྲོ་གླེང་བྱེད་སྐབས། ཤར་ཨེ་ཤ་ཡའི་ (Greenpeace) ཚོགས་པའི་ཉམས་ཞིབ་པ་རྒན་པ་ལི་ཀྲའོ་ (Li Zhao) ཡིས། གནམ་གཤིས་འགྱུར་ལྡོག་ཕྱིན་པའི་རྐྱེན་གྱིས་བྱེ་ཐང་ཁུལ་དུ་དྲག་ཆར་བབས་པ་དང་། ཞིང་ལས་ས་ཁུལ་དུ་ཐན་པ་འབྱུང་གི་ཡོད་པ། ས་ཡོམ་གོད་ཆག་སོགས་ཀྱི་རྐྱེན་གྱིས་ལོ་ངོ་ ༢༠༠༠ ལྷག་གི་ལོ་རྒྱུས་ཡོད་པའི་ལྷ་སྐུ་སྟོང་གི་བྲག་ཕུག་གམ་ཏུན་ཧོང་བྲག་ཕུག་གི་རིག་དངོས་རྩ་ཆེན་རྣམས་ལའང་གནོད་སྐྱོན་ཆེན་པོ་ཐེབས་ཉེན་ཡོད་སྐོར་བསྒྲགས་ཡོད་པ་རེད།

རྡོ་སྦིས་ཉ་མོ་སྡེ་བའི་ནང་ས་ཡོམ་གནོད་སྐྱོན་ཐེབས་པ། པར་འབྲེལ་ཡོད་ཀྱི་བརྙན་ཐུང་ནས་བླངས།

འདི་གའི་གསར་འགོད་པར་ས་ཡོམ་རྒྱུག་སའི་ས་གནས་སྐོར་ལ་འབྲེལ་ཡོད་བོད་མི་ཞིག་གིས། ད་ལྟའི་ས་ཡོམ་ལ་ཡོངས་གྲགས་སུ་ཀན་སུའུ་ས་ཡོམ་ཞེས་མིང་བཏགས་ཡོད་ཅིང་། ས་ཡོམ་གྱི་རིམ་པ་ཡང་ས་ཁུལ་འདྲ་མིན་ནང་ཆེ་ཆུང་ཅུང་ཙམ་འདུག ས་ཡོམ་རྒྱུག་ས་ཡ་རྫི་དང་ས་འབྲེལ་ཡིན་ལ། སྔོན་མ་བོད་པ་རྣམས་ཀྱིས་སྟག་ལུང་ཞེས་འབོད་ཀྱི་ཡོད། སྟག་ལུང་ཉག་ག་ནས་ཕར་ཕྱིན་ཚེ་རྒྱ་ཁ་ཆེ་ལུང་པ་སླེབས་ཀྱི་ཡོད། དེང་སང་ས་ཁུལ་དེར་རྒྱ་ཁ་ཆེ་རྣམས་གནས་སྡོད་བྱེད་བཞིན་ཡོད་པས། བོད་པ་མང་ཤོས་ཀྱིས་ས་ཁུལ་དེའི་བོད་མིང་ནས་འབོད་ཀྱི་མེད་པ་རེད། ཅེས་བརྗོད་བྱུང་།

ཐེངས་འདིར་ཡ་རྫིའི་ས་ཡོམ་སྐོར་ལ་ཁོང་གིས། ཡ་རྫི་རྫོང་ཁོངས་ཀྱི་རྡོ་སྦིས་ཡོངས་སུ་ས་ཡོམ་བརྒྱབ་འདུག རྡོ་སྦིས་ཕྱོགས་ཀྱི་སྡེ་བ་རྣམས་ཉིན་སྲིབ་གཉིས་སུ་དབྱེ་སྲོལ་ཡོད་པའི་ཉིན་ཕྱོགས་ཀྱི་སྡེ་བ་ཁག་གི་ནང་དུ་ས་ཡོམ་ཤུགས་ཆེན་བརྒྱབ་འདུག དེ་ཡང་སྟོང་རི་ལྷ་མཚོའི་རི་རྒྱུད་ཀྱི་གཏེར་ཁ་ལུང་དང་། ཉ་མོ། འོད་སྨད། རྡོ་སྦིས་གྲྭ་ཚང་། སེར་གྲོང་། ཁིས་སྨད། སྟོད་ར། ལྕང་ཤར་སོགས་ཀྱི་སྡེ་བ་ཁག་ཏུ་གནོད་སྐྱོན་ཤུགས་ཆེན་ཐེབས་འདུག སྡེ་བ་དེ་དག་གི་ཁྲོད་ནས་མི་གཉིས་ལ་རྨས་སྐྱོན་ཆེན་པོ་ཕོག་སྟེ་ད་ལྟ་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་ཡོད་པ་དང་། དེའི་ནང་མི་གཅིག་ནི་ལོ་གྲངས་ ༨༣ ཡིན་པའི་རྨོ་ལགས་ཤིག་ཡིན་འདུག དེ་བཞིན་སྡེ་བ་དེ་དག་གི་ཁྲོད་ནས་སྡོད་ཁང་ ༣༠ ལྷག་ལ་གཏོར་སྐྱོན་ཚབས་ཆེན་ཐེབས་ཡོད་པ་དང་། སྒོ་ཕྱུགས་ཀྱང་ཁག་ཅིག་ལ་འཆི་སྐྱོན་བྱུང་འདུག ཅེས་བརྗོད་བྱུང་།

ཡང་ཁོང་གིས། སྤྱིར་ཡ་རྫི་རྫོང་ནང་དུ་རྡོ་སྦིས་དང་། བིས་མདོ། ཀ་རིང་། རྐང་ཚ་བཅས་བོད་རིགས་ཀྱི་གྲོང་སྡེ་བཞི་མ་གཏོགས་མེད་པས་གྲངས་ཉུང་མི་རིགས་ཆགས་ཡོད་ལ།  བོད་ཀྱི་གྲོང་སྡེ་དེ་དག་ནང་དུ་སྲིད་གཞུང་གི་རོགས་སྐྱོར་ཐོབ་རྒྱུ་ཧ་ཅང་ཁག་པོ་རེད། ཐེངས་འདིར་ས་ཡོམ་རྒྱུག་སའི་སྡེ་བ་དེ་དག་ཆེས་ཛ་དྲག་གི་གནས་སྟངས་ནང་ལྷུང་མེད་ཀྱང་། མྱུར་སྐྱོབ་བྱ་རྒྱུ་ཧ་ཅང་དགོས་མཁོ་ཆེན་པོ་ཡིན་ཡང་། རྒྱ་གཞུང་གིས་ས་ཡོམ་རྒྱུག་རྗེས་ཀྱི་ཉིན་གསུམ་གྱི་རྗེས་སུ་གུར་ཁ་ཤས་ཕུབ་པ་ལས་རོགས་རམ་ཅི་ཡང་བྱས་མི་འདུག ཐེངས་འདིའི་ས་ཡོམ་གྱི་གནོད་སྐྱོན་གྱིས་རྡོ་སྦིས་ས་ཆའི་སྡོད་ཁང་ཕལ་མོ་ཆེ་བཟོ་བཅོས་དང་གསར་རྒྱག་བྱ་དགོས་ཀྱི་འདུག་ཅེས་བརྗོད་སོང་།

དེ་བཞིན་ཁོང་གིས། ཐེངས་འདིར་གློ་བུར་དུ་ས་ཡོམ་བརྒྱབ་སྟེ་སྡོད་ཁང་ཚང་མར་གཏོར་སྐྱོན་ཐེབས་ཡོད་རྐྱེན། ད་དུང་མི་མང་ཚང་མ་དངངས་སྐྲག་འོག་ཏུ་གནས་ཡོད་ལ། དེང་སྐབས་བོད་ནང་དགུན་ཁའི་གནམ་གཤིས་ཧ་ཅང་གྲང་ངར་ཆེ་བའི་སྐབས་ལ་ཕྱི་ལོག་ཏུ་ཉལ་དགོས་ཀྱི་ཡོད་པས། མི་མང་པོའི་སེམས་ཁམས་ལའང་དཀའ་ངལ་འཕྲད་མུས་ཡིན་འདུག ད་ལྟ་བོད་ཀྱི་དྲ་དཔོན་མང་པོས་གནོད་ཐེབས་ས་ཁུལ་དུ་རོགས་སྐྱོར་འབྱོར་བཞིན་ཡོད་འདུག ཅེས་བརྗོད་བྱུང་།

ཡང་འབྲེལ་ཡོད་བོད་མི་གཞན་ཞིག་གིས། དཔའ་ལུང་སྨད་ཕྱོགས་ཀྱི་ཐ་རྒྱ་གྲོང་སྡེ་ཁོངས་ཀྱི་གོང་སྐྱ་ཡར་ནང་དང་།མར་ནང་། ད་འདུག་སྡེ་བ། ཡང་འདུག་སྡེ་བའི་གཡས་གཡོན་གྱི་སྡེ་བ་ཚང་མར་ས་ཡོམ་བརྒྱབ་སྟེ་ཁྱིམ་གྱི་ཅ་ལག་དང་། ཁང་པ་སོགས་གས་གཏོར་མང་པོ་ཐེབས་ཡོད་ཀྱང་། མི་ལ་གནོད་སྐྱོན་ཆེན་པོ་ཐེབས་མི་འདུག དཔའ་ལུང་དང་ཐག་ཧ་ཅང་ཉེ་བའི་མན་ཧོ་རྫོང་གི་ཁོངས་གཏོགས་ཁྭ་ཏི་ཁ་བ་དགོན་པའི་ཕྱོགས་དང་། རི་རྩ་སྡེ་བ། སྒ་ནག་ལི། ནོར་ར། སེ་ཏན་ཡར་ནང་མར་ནང་སོགས་སུ་ས་ཡོམ་ཤུགས་ཆེན་བརྒྱབ་སྟེ་ཁང་པ་མང་པོ་གཏོར་བཤིག་བཏང་ཡོད་པས། སྡེ་བའི་ནང་གི་མི་མང་པོ་སྡོད་ས་མེད་པའི་དཀའ་ངལ་འཕྲད་བཞིན་ཡོད་འདུག དེང་སང་མི་མང་པོས་དྲ་ཐོག་ནས་རོགས་དངུལ་སོགས་བསྡུས་ཏེ་རོགས་སྐྱོབ་བྱེད་བཞིན་ཡོད་འདུག ཅེས་བརྗོད་བྱུང་།

གསར་འགོད་པ། བྱམས་པ་ཚེ་རིང་།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

ལས་འགུལ་བ་སྐལ་བཟང་མཐར་ཕྱིན་ལགས། པར་ཁོང་གི་ངོ་དེབ་ལས་བླངས།
Mobile App

ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཞི་བའི་གོམ་བགྲོད་མཚམས་འཇོག་བྱས། 

ཆུ་ཚོད་ ༡༩ སྔོན་ལ།
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་རང་ལུས་མེར་བསྲེགས་ཏེ་སྐུ་གྲོངས་ནས་ཞག་ཞེ་དགུའི་ཉིན་མོ་སྲུང་གཙི་ཞུས། 

༢༠༢༦/༠༨/༢༠
པར་འགྲེལ། དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

འཛམ་གླིང་ས་ཕྱོགས་གང་སར་ངོ་རྒོལ་གྱི་ལས་འགུལ་སྤེལ།

༢༠༢༦/༠༨/༢༠
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Editorials

ལེའུ་གསར་པ་འདིའི་མཇུག་སྐྱོང་མཁན་ནི་ང་ཚོ་ཡིན།

༢༠༢༦/༠༨/༢༠
Mobile App

རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཞིག་ལ་འདྲི་ཞིབ་བྱེད་ཀྱི་འདུག

༢༠༢༦/༠༨/༡༩
The expanded list bars Pentagon-funded researchers from collaborating with listed institutions or using their equipment under new rules. Photo: Handout
Mobile App

ཨ་རིས་རྒྱ་ནག་གི་མཉམ་འབྲེལ་ཞིབ་འཇུག་ལས་དོན་ལ་དོགས་ཟོན་བྱ་དགོས་པའི་བཀོད་ཁྱབ་བཏང་།

༢༠༢༦/༠༨/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese