མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆོས་རྗེ་ས་པཎ་གྱི་མཛད་རྗེས་ཐོག་མཁས་པའི་བགྲོ་གླེང་གནང་།

བོད་ཀྱི་དུས་བབ།
༢༠༢༣/༡༢/༢༧
Share on FacebookShare on TwitterShare on EmailShare on Whatsapp

འཇམ་མགོན་ས་སྐྱ་པཎྜིཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་མཆོག་གི་དགོངས་རྫོགས་རྗེས་དྲན་ཐེངས་ ༧༧༢ པ་བསྟུན་ནས་༧དཔལ་ས་སྐྱའི་ཁྲི་འཛིན་ཞེ་གཉིས་པ་རཏྣ་བཛྲ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག མཁས་དབང་གསུམ་གྱིས་ས་པཎ་མཆོག་གི་མཛད་རྗེས་དང་ཤུགས་རྐྱེན་སྐོར་ལ་བགྲོ་གླེང་གནང་འདུག

༧དཔལ་ས་སྐྱའི་ཁྲི་འཛིན་ཞེ་གཉིས་པ་རཏྣ་བཛྲ་རིན་པོ་ཆེ་མཆོག་ས་པཎ་མཆོག་གི་མཛད་རྗེས་བགྲོ་གླེང་ཐོག་དབུ་བཞུགས། གངས་ལྗོངས་ཆོས་ལྡན་གླིང་གི་བརྙན་པར་ལས་བླངས། ༢༠༢༣།༡༢།༡༧

དེ་རིང་ཁེ་ན་ཌའི་ཊོ་རོན་ཊོ་གངས་ལྗོངས་ཆོས་ལྡན་གླིང་ཚོགས་ཁང་དུ། དཔལ་ས་སྐྱ་ཆོས་འཁོར་གླིང་དང་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པ་གཉིས་ཀྱི་གོ་སྒྲིག་འོག འཇམ་མགོན་ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་མཆོག་གི་དགོངས་རྫོགས་རྗེས་དྲན་ཐེངས་ ༧༧༢ པ་དང་བསྟུན། ཆོས་རྗེ་ས་པཎ་མཆོག་གི་མཛད་རྣམ་ཐོག་མཁས་པའི་བགྲོ་གླེང་ཞིག་འཚོགས་ཡོད་ཅིང་། ཚོགས་ཐོག་ཏུ་༧དཔལ་ས་སྐྱའི་ཁྲི་འཛིན་ཞེ་གཉིས་པ་རཏྣ་བཛྲ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག ༧སྐུའི་གསུང་བསྒྱུར་བ་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་དང་། ཁ་ལི་ཧྥོར་ནི་ཡ་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་མཱ་ཐོ་ཝི་ལིམ་ཀིན་(Matthew William king)ལགས། ཊོ་རོན་ཊོ་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་སཱ་རཱ་ཧཱ་རི་ཆར་ཌི་སོན་(Sarah Richardson)བཅས་ས་གནས་བོད་རིགས་སེར་སྐྱ་མི་མང་རྣམས་མཉམ་ཞུགས་གནང་ཡོད་འདུག

ཐེངས་འདིའི་བགྲོ་གླེང་གི་སྐོར་ལ་དཔལ་ས་སྐྱ་ཆོས་འཁོར་གླིང་གི་མཁན་པོ་ཀུན་དགའ་ཤེས་རབ་ལགས་ཀྱིས། འཇམ་མགོན་ས་སྐྱ་པཎྜིཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་མཆོག་གིས་སངས་རྒྱས་བསྟན་པ་སྤྱི་དང་། ལྷག་དོན་བོད་བརྒྱུད་ནང་བསྟན་གྱི་མདོ་སྔགས་རིག་གནས་དང་བཅས་པར་མཛད་རྗེས་བླ་མེད་བཞག་ཡོད་ཅིང་། བགྲོ་གླེང་ཐོག་ས་པཎ་མཆོག་གིས་བོད་སྔ་རབས་པས་བོད་བསྒྱུར་བྱས་མེད་པའི་མདོ་སྔགས་ཀྱི་ཆོས་དང་། བོད་བསྒྱུར་ཟིན་པ་རྣམས་ལ་དག་བཅོས། བོད་དུ་ཡོད་པའི་ཆོས་ནོར་བ་རྣམས་ལ་སྡོམ་གསུམ་རབ་དབྱེ་སོགས་ཀྱི་གཞུང་བརྩམས་ཏེ་བཀའ་ཆོས་བསྩལ་བའི་རླབས་ཆེན་གྱི་མཛད་རྗེས་བཞག་པར་མི་མང་གི་ཤེས་རྟོགས་ཡོང་རྒྱུ་དམིགས་ཡུལ་དང་པོ་ཡིན། ཁོང་གིས་རྒྱ་གར་གྱི་རིག་གཞུང་ལྟར་རིག་གནས་ཆེ་ཆུང་དང་སྒྲའི་བསྟན་བཅོས། རོལ་མོའི་བསྟན་བཅོས་སོགས་བོད་ཀྱི་ཤེས་ཡོན་གྱི་བང་མཛོད་ཞིག་བསྐྲུན་པར་གསལ་སྟོན་བྱ་རྒྱུ་དམིགས་ཡུལ་གཉིས་པ་ཡིན། དེ་བཞིན་ས་པཎ་མཆོག་ནས་དངོས་ཤུགས་བརྒྱུད་གསུམ་གྱིས་བོད་པ་རྣམས་ཞི་བའི་ཐོག་སོག་པོའི་འཇིགས་པ་ལས་བསྐྱབས་ཡོད་པ་དང་། ཁོང་གི་ཚ་བོ་འགྲོ་མགོན་ཆོས་རྒྱལ་འཕགས་པས་སོག་པོའི་རྒྱལ་བོ་རྣམས་ཆོས་ཀྱིས་འདུལ་བ་མ་ཟད། འཛམ་གླིང་ཡོངས་སུ་ཞི་བདེ་སྐྲུན་པའི་མཁྱེན་རྟོགས་བཅས་དམིགས་ཡུལ་གསུམ་གྱི་ཆེད་དུ་གོ་སྒྲིག་ཞུས་ཡོད་ཅེས་བརྗོད་སོང་།

༧དཔལ་ས་སྐྱའི་ཁྲི་འཛིན་ཞེ་གཉིས་པ་རཏྣ་བཛྲ་རིན་པོ་ཆེ་མཆོག་གིས། དཔལ་ལྡན་ས་སྐྱ་བའི་ཆོས་རྒྱུད་ཀྱི་ནང་དུ་རྗེ་བཙུན་གོང་མ་རྣམ་ལྔ་ཡོད་པའི་ནང་ནས་གཅིག་ནི་ས་སྐྱ་པཎྜིཏ་ཆེན་པོ་མཆོག་རེད། ཁོང་གིས་སྐུ་ན་གཞོན་དུས་ནས་སློབ་གཉེར་གྱི་ཐོག་གསན་བསམ་རྒྱ་ཆེར་མཛད་ཡོད་ཅིང་། རྒྱ་གར་གྱི་ལེགས་སྦྱར་སྐད་ཀྱང་གཏིང་ཟབ་མཁྱེན་གྱི་ཡོད་པ་མ་ཟད། རྒྱ་གར་འཕགས་པའི་ཡུལ་ནས་དར་བའི་དམ་པའི་ཆོས་དང་།བོད་གངས་ཅན་གྱི་ཆོས་རྒྱུད་ཁག་ལ་རིས་མེད་ཐོག་ནས་དད་པ་དག་སྣང་བྱེད་མཁན་ཡིན་པ་མ་ཟད། རིས་སུ་མ་ཆེད་པའི་ཆོས་ལུགས་ཚང་མ་སློབ་གཉེར་གཏིང་ཟབ་བྱས་ཏེ། ཕྱོགས་རིས་མི་འགྲོ་བའི་ཉམས་མྱོང་ཐོག་གྲུབ་མཐའ་ཀུན་འདུས་ལ་སོགས་བརྩམས་ཏེ་མིག་དཔེ་ཡག་པོ་བསྟན་ཡོད་སྐོར་གསུངས་སོང་།

ཁ་ལི་ཧྥོར་ནི་ཡ་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་མཱ་ཐོ་ཝི་ལིམ་ཀིན་(Matthew William king)ལགས། ཕྱི་ལོ་ ༡༢༤༧ ལོར་ལན་ཀྲུའུ་དུ་ས་པཎ་མཆོག་དང་སོག་པོའི་རྒྱལ་བོ་གོ་དན་མཇལ་འཕྲད་གནང་ཡོད་ཅིང་། བོད་དང་སོག་པོའི་ཆོས་འབྱུང་ཁག་ཏུ་རྒྱལ་བོ་གོ་དན་གྱིས་ས་པཎ་མཆོག་ལ་རྫུ་འཕྲུལ་དང་མངོན་ཤེས་ཡོད་མེད་སྐོར་འཁོད་ཡོད་པ་དང་། ཁོང་གཉིས་བར་གྱི་འབྲེལ་བ་གལ་ཆེན་ཞིག་ནི་ས་པཎ་མཆོག་གིས་འཕགས་པ་སེང་གེ་དགྲ་ཡི་ཆོས་འཁོར་ལ་བརྟེན་ཏེ། རྒྱལ་བོ་གོ་དོན་ནད་ལས་བསྐྱབས་པ་དེ་རེད། དེའི་སྐོར་སོག་པོའི་ལོ་རྒྱུས་དང་ཆོས་འབྱུང་མང་པོར་གསལ་སྟོན་རྒྱས་བཤད་བྱས་ཡོད། ས་པཎ་མཆོག་གིས་ཐབས་མཁས་ཐུགས་རྗེ་ཐོག་རྒྱལ་བོ་གོ་དན་ནད་ལས་སྐྱབས་པར་བརྟེན། སོག་པོའི་བློན་ཆེན་དང་སྐུ་དྲག་མང་པོས་ནང་བསྟན་དུ་ཞུགས་པའི་ཐོག་མའི་རྨང་གཞི་རུ་གྱུར་བ་རེད། བོད་ཀྱི་ཆོས་འབྱུང་ཁག་ཏུ་རྒྱལ་བོ་གོ་དན་ནད་ལས་སྐྱབས་པ་དེ་ནི་བོད་ནང་ཐོག་མར་སློབ་དཔོན་པདྨ་འབྱུང་གནས་ཀྱིས་ནང་ཆོས་ཐོག་མར་སྤེལ་སྐབས་ལྷ་འདྲེ་དམ་ལ་བཏགས་པ་སྤྱི་མཚུངས་བཞིན་བཤད་ཀྱི་ཡོད་ལ། སོག་པོའི་ལོ་རྒྱུས་སུ་དེ་ནི་བོད་སོག་གི་མཆོད་ཡོན་གྱི་འབྲེལ་བ་དང་ནང་ཆོས་ཐོག་མར་སོག་ཡུལ་དར་བར་ངོས་འཛིན་བྱེད་ཀྱི་ཡོད།

༧སྐུའི་གསུང་བསྒྱུར་བ་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་དང་སློབ་དཔོན་ཆེན་མཱ་ཐོ་ཝི་ལིམ་ཀིན་ལགས་གཉིས་ཀྱིས་ས་པཎ་གྱི་མཛད་རྗེས་ཐོག་བགྲོ་གླེང་། གངས་ལྗོངས་ཆོས་ལྡན་གླིང་གི་བརྙན་པར་ལས་བླངས། ༢༠༢༣།༡༢།

ས་པཎ་མཆོག་གིས་རྒྱལ་བོ་གོ་དན་ནད་ལས་སྐྱབས་པ་ནི་ཕྱོགས་གཞན་ཞིག་ནས་བཤད་ན་སོག་ཡུལ་དུ་ཆོས་སྲིད་ཟུང་འབྲེལ་བྱེད་པའི་རྒྱུ་རྐྱེན་གཙོ་བོ་ཆགས་ཡོད། རྗེས་སུ་འགྲོ་མགོན་ཆོས་རྒྱལ་འཕགས་པས་རྒྱལ་བོ་ཀུབ་ལི་ཁན་དང་བཙན་མོ་སོགས་དབང་བསྐུར་པས། སོག་ཡུལ་ནང་ཆོས་སྲིད་ཟུང་འབྲེལ་སྲ་བརྟན་དང་རྒྱུན་གནས་ཐུབ་ཡོད། འགྲོ་མགོན་ཆོས་རྒྱལ་འཕགས་པའི་རྗེས་སུ། རྒྱལ་དབང་སྐུ་ཕྲེང་གསུམ་པ་དང་ལྔ་བ་སོགས་བོད་ཀྱི་བླ་སྤྲུལ་མང་པོ་དང་སོག་པོའི་རྒྱལ་བོ་བར་དུ་ཆོས་སྲིད་ཀྱི་འབྲེལ་བ་བྱུང་ཡོད། སོག་པོའི་ལོ་རྒྱུས་སྨྲ་བ་ཚོས་ས་པཎ་མཆོག་གིས་སོག་ཡིག་གསར་བཟོ་དང་བསྒྱུར་བཅོས་བྱས་པར་བརྟེན། སོག་ཡིག་ཏུ་བཀའ་འགྱུར་དང་བསྟན་འགྱུར་སྒྱུར་ཐུབ་པ་ངོས་འཛིན་བྱེད་ཀྱི་ཡོད། ས་པཎ་མཆོག་གིས་གསང་སྔགས་རྡོ་རྗེ་ཐེག་པ་དང་། ཆོས་སྲིད་ཟུང་འབྲེལ་གྱི་མཛད་རྗེས་ལ་བརྟེན་ཏེ། རིམ་བཞིན་སོག་ཡུལ་དུ་ཚད་མ་རིག་པའི་གཞུང་སོགས་ནང་བསྟན་དར་ཁྱབ་ཤུགས་ཆེན་བྱུང་།  ས་སྐྱ་ལེགས་བཤད་ནི་སོག་ཡུལ་ནང་དུ་ཤུགས་རྐྱེན་ཆེས་ཆེར་ཐེབས་ཡོད་པའི་ཕྱག་དཔེ་ཞིག་ཡིན་ལ། སོག་ཡུལ་ནང་དུ་ནང་བསྟན་དར་ཁྱབ་ཆེན་པོ་བྱུང་བའང་ས་པཎ་མཆོག་གི་མཛད་འཕྲིན་དང་ཁ་བྲལ་ཐབས་མེད་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། ཅེས་བརྗོད་སོང་།

དེ་བཞིན་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་ནས་ས་པཎ་མཆོག་གིས་བོད་བརྒྱུད་ནང་བསྟན་གྱི་ཐུན་མོང་རིག་གནས་ལ་བཞག་པའི་རླབས་ཆེན་གྱི་མཛད་རྗེས་དང་ཤུགས་རྐྱེན་གྱི་བརྗོད་གཞི་ཐོག་གཏམ་བཤད་དང་དྲི་བ་དྲིས་ལན་གནང་ཡོད་པ་དང་། སློབ་དཔོན་སཱ་རཱ་ཧཱ་རི་ཆར་ཌི་སོན་ལགས་གཉིས་ཀྱིས་ས་སྐྱ་པཎྜི་ཏས་བོད་བརྒྱུད་ནང་བསྟན་གྱི་མདོ་སྔགས་རིག་གནས་ལ་བཞག་པའི་མཛད་རྗེས་དང་དེའི་ཤུགས་རྐྱེན་སྐོར་ལ་གཏམ་བཤད་དང་དྲི་བ་དྲིས་ལན་གནང་ཡོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་།

རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་
Mobile App

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས།

ཆུ་ཚོད་ ༢༢ སྔོན་ལ།
Mobile App

ཨ་རིས་བོད་མི་རྣམས་ལ་ཨ་སྒོར་ས་ཡ་ ༢༣ རོགས་དངུལ་བཀའ་འཁྲོལ་གཏན་འབེབས་བྱས།

ཆུ་ཚོད་ ༢༣ སྔོན་ལ།
Mobile App

དྷ་ས་ནས་རྒྱ་མི་ཞིག་གསང་ཉུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག

༢༠༢༦/༠༢/༠༣
Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠

མཆན། 1

  1. བློ་བཟང་དགའ་ལྡན says:
    ལོ་ 2 སྔོན།

    མཁས་དབང་ཐུབ་བསྟན་སྦྱིན་པ་ལགས་ནི་ བློ་ཟུར་གནས་ཀྱི་མཁས་དབང་རེད་་་བཟམ་གདོང་ནི་བློ་ཡོར་བའི་མཁས་དབང་རེད

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese