མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་ཉེན་རྟོག་པས་བོད་རིགས་བུ་མོ་ཞིག་བཙན་འཁྲིད་བྱས་རྗེས་འདས་གྲོངས་སུ་ཕྱིན།

བོད་ཀྱི་དུས་བབ།
༢༠༢༤/༠༡/༡༧
Share on FacebookShare on TwitterShare on EmailShare on Whatsapp

བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོའི་ལོ་རིམ་གཉིས་པའི་སློབ་མ་ཚེ་སྒྲོན་ཞེས་པ་ཞིག་སྙེ་མོ་རྫོང་དང་རི་ཚོ་གྲོང་ཚོའི་ཉེན་རྟོག་པས་བཙན་འཁྲིད་བྱས་ཏེ་ཟླ་ཕྱེད་ལྷག་གི་རྗེས་སུ་ཁྱིམ་མི་ཚོར་བུ་མོ་འདས་གྲོངས་སུ་གྱུར་ཡོད་པའི་གནས་ཚུལ་འབྱོར་ཡོད་ཀྱང་ཕུང་པོ་སྤྲད་མི་འདུག

བོད་སྙེ་མོ་རྫོང་རི་ཚོ་གྲོང་ནས་ཡིན་པའི་བུ་མོ་ཚེ་སྒྲོན་ལགས་མ་གྲོངས་གོང་། པར་བོད་ནས་འདི་གར་མཁོ་སྤྲོད་གནང་།

འདས་ལོའི་ཕྱི་ཟླ ༡༢ ཚེས་ ༢༦ ཉིན་བོད་སྙེ་མོ་རྫོང་རི་ཚོ་གྲོང་ཚོའི་བུ་མོ་ཚེ་སྒྲོན་ཞེས་པ་ཞིག་སྙེ་མོ་རྫོང་དང་ས་གནས་ཉེན་རྟོག་པས་བཙན་འཁྲིད་བྱས་རྗེས་ཉིན་གྲངས་མང་པོར་གོ་ཐོས་མེད་པར་གྱུར་ཡོད་ཀྱང་། ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་བུ་མོའི་ཁྱིམ་མི་ཚོར་ཚེ་སྒྲོན་ལགས་སྙེ་མོ་རྫོང་མི་མང་སྨན་ཁང་དུ་འདས་གྲོངས་སུ་གྱུར་ཡོད་ཚུལ་གྱི་གནས་ཚུལ་འབྱོར་ཡོད་འདུག

འབྲེལ་ཡོད་བོད་མི་ཞིག་གིས་འདི་གའི་གསར་འགོད་པར། ཚེ་སྒྲོན་འཛིན་བཟུང་བྱས་རྗེས་ཁོང་མོའི་ཕ་མ་དང་སྤུན་མཆེད་རྣམས་ས་གནས་ཉེན་རྟོག་ཁང་དུ་ཕྱིན་ཏེ། གནས་ཚུལ་ག་རེ་བྱུང་ཡོད་མེད་གསལ་བཤད་ཡག་པོ་དགོས་པའི་རེ་བ་བཏོན་ཡོད་ཀྱང་། ས་གནས་ཉེན་རྟོག་པས་ཁོ་ཚོས་ཚེ་སྒྲོན་ལགས་སུ་འདས་པའི་ལོ་གཅིག་རིང་ཞིབ་འཇུག་བྱས་ནས་འཛིན་བཟུང་བྱས་པ་ཞིག་ཡིན་ལ། གནད་དོན་མང་པོ་ཞིག་གི་ཐད་ནས་ཐག་གཅོད་བྱས་པ་ཞིག་རེད་ཅེས་ཁ་གསལ་གང་ཡང་མ་བཤད་པར་ཕྱིར་སློག་བཏང་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།

ཡང་ཁོང་གིས། ཁྱིམ་མི་ཚོས་ཐེངས་མང་པོར་ཕུང་པོ་སྤྲད་དགོས་པའི་རེ་སྐུལ་ཞུས་ཡོད་ཀྱང་། སྣེ་མོ་རྫོང་དང་རི་ཚོ་གྲོང་ཚོའི་ཉེན་རྟོག་པས་ཞིབ་འཇུག་བྱེད་བཞིན་ཡོད་པས་ཕུང་པོ་སྤྲད་ཆོག་གི་མ་རེད་ཅེས་ལབ་ཡོད་སྐོར་དང་། ཕྱིས་སུ་ས་གནས་ཉེན་རྟོག་པས་ཚེ་སྒྲོན་ཧོབ་ཏུ་ས་ལ་འགྱེལ་ནས་ཡར་ལངས་ཐུབ་མེད་པ་དང་། དེ་ནས་ཁོ་ཚོས་མགྱོགས་པོར་སྨན་ཁང་དུ་བསྐྱལ་ཡོད་ནའང་ཕན་ཐོགས་བྱུང་མེད་ལུགས་བཤད་ཡོད་ཀྱང་། དུས་རྒྱུན་ཚེ་སྒྲོན་ལགས་ལ་ནད་མནར་གང་ཡང་མེད་པས་གཅར་རྡུང་ཚད་མེད་བཏང་ནས་བསད་པའི་དོགས་པ་ཆེན་པོ་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།

བུ་མོ་ཚེ་སྒྲོན་ལགས་ནི་བོད་ལྗོངས་མི་རིགས་སློབ་གྲྭ་ཆེན་མོའི་ལོ་རིམ་གཉིས་པའི་སློབ་མ་ཞིག་ཡིན་འདུག་ལ། དུས་རྒྱུན་སློབ་སྦྱོང་ཡག་པོ་ཡོད་པས་སྔོན་མ་སློབ་གྲྭའི་དབྱར་དགུན་གྱི་གུང་སེང་སྐབས་སུ་སློབ་ཕྲུག་མང་པོར་གསབ་འཁྲིད་བྱས་ཡོད་པ་མ་ཟད། ཀློག་དེབ་རིན་མེད་དུ་སྤྲད་པ་སོགས་སློབ་སྦྱོང་ཐོག་རོགས་རམ་གང་ཐུབ་གནང་འདུག་མཁན་ཞིག་ཡིན་འདུག

འབྲེལ་ཡོད་གསར་འགྱུར།

Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

ཆུ་ཚོད་ ༩ སྔོན་ལ།
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

ཆུ་ཚོད་ ༡༣ སྔོན་ལ།
Mobile App

ཞི་ཅིན་ཕིན་ལ་བསུ་སྐྱེལ་བྱེད་མཁན་ཚོར་གླ་ཆ་སྤྲད་རྒྱུ་ཡིན་ཟེར།

ཆུ་ཚོད་ ༡༤ སྔོན་ལ།
Mobile App

རང་བཙན་གོམ་བགྲོད་གནང་མཁན་ཚེ་རིང་མཐར་ཕྱིན་ལགས་ཅན་དྷི་སྒར་དུ་འབྱོར་འདུག

༢༠༢༦/༠༩/༠༩
བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་འདུ་ཐེངས་ ༢༤ པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

 བྱང་ཨ་རིའི་བོད་རིགས་ཚོགས་པ་ཁག་གིས་ཚོགས་ཆེན་འཚོགས།

༢༠༢༦/༠༩/༠༩
Mobile App

རྒྱ་ནག་གི་དྲ་ལམ་དུ་མངོན་པའི་གཞོན་སྐྱེས་ལས་ཤོར་བའི་དཀའ་ངལ།

༢༠༢༦/༠༩/༠༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese