མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་ཡེ་ཤེས་རྡོ་རྗེ་ལ་ཞིབ་བཤེར་བྱེད་ཀྱི་འདུག 

བོད་ཀྱི་དུས་བབ།
༢༠༢༤/༠༢/༠༣
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་དཀར་མཛེས་ཁུལ་རྟའུ་རྫོང་ཉེན་རྟོག་ལས་ཁུངས་ཀྱི་ཉེན་རྟོག་དཔོན་གཞོན་པ་ཟུར་བ་ཡེ་ཤེས་རྡོ་རྗེས་རྒྱ་ནག་དམར་ཤོག་ཚོགས་པའི་ཁྲིམས་སྒྲིག་ལ་འགལ་བ་དང་ལྐོག་རྔན་བླངས་པའི་ཉེས་མིང་འོག་ནས་ཞིབ་བཤེར་བྱེད་ཀྱི་ཡོད་འདུག 

དཀར་མཛེས་ཁུལ་རྟེའུ་རྫོང་གི་ཉེན་རྟོག་ལས་ཁུངས་ཀྱི་ཉེན་རྟོག་དཔོན་གཞོན་པ་ཟུར་བ་ཡེ་ཤེས་རྡོ་རྗེ། དྲ་ལམ་གྱི་པར།

དེ་རིང་ཕྱི་ཚེས་ ༣ ཉིན་བོད་ནང་གི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ལམ་རྒྱ་ནག་གཞུང་གིས་དཀར་མཛེས་ཁུལ་རྟའུ་རྫོང་གི་ཉེན་རྟོག་ལས་ཁུངས་ཀྱི་ཉེན་རྟོག་དཔོན་གཞོན་པ་ཟུར་བ་དང་། ལི་ཐང་རྫོང་གི་ཉེན་རྟོག་ལས་ཁུངས་ཀྱི་ཉེན་རྟོག་དཔོན་དང་ལི་ཐང་རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ་བྱས་མྱོང་མཁན་བོད་མི་ཡེ་ཤེས་རྡོ་རྗེ་ཟེར་བ་ཞིག་གིས། རྒྱ་ནག་དམར་ཤོག་ཚོགས་པའི་ཐོག་མའི་བསམ་འདུན་ཟེར་བར་སྣང་མེད་བཞག་ནས་སྒྲིག་འགལ་བྱས་པ་དང་། རྒྱ་སྒོར་ཁྲི་ ༡༥༥ ལྐོག་བཟའ་བྱས་ཡོད་ལུགས་བཤད་ནས་ཞིབས་བཤེར་དང་བརྟག་དཔྱད་བྱེད་མུས་ཡིན་པའི་གནས་ཚུལ་ཐོན་འདུག 

རྒྱ་ནག་གཞུང་ཕྱོགས་ཀྱི་གསར་འགྱུར་ནང་། ཡེ་ཤེས་རྡོ་རྗེས་གཞུང་གི་གླ་ཕོགས་ལེན་དུ་བཅུག་ཡོད་པ་དང་། གཞན་གྱི་ལག་ནས་ཀོ་སྟོད་དང་། ཁ་པར་སོགས་ལྐོག་རྔན་བླངས་ཡོད་པའི་མ་ཚད། ཕྱི་ལོ་ ༢༠༢༠ ལོར་ཁོས་རྒྱ་སྒོར་ཁྲི་ ༡༥༥ ལྷག་ལྐོག་རྔན་བླངས་ནས། དེའི་ ༡༤༠ ལྷག་གིས་དངུལ་བུན་བླངས་ཡོད་ལུགས་དང་། དུས་ཡུན་རིང་པོའི་ནང་རྒྱ་ནག་དམར་ཤོག་ཚོགས་པའི་ནང་ཞུགས་པའི་ཐོག་མའི་བསམ་འདུན་དང་རྒྱ་ནག་གཞུང་གི་ལས་བྱེད་ཀྱི་ཐོབ་ཐང་ཟེར་བ་ཞིག་བརྗེད་དེ། སྒྲིག་ལམ་དང་ཁྲིམས་ཀྱི་འདུ་ཤེས་ཟེར་བ་ཉམས་ཡོད་ལུགས་སོགས་བཤད་འདུག 

ཡེ་ཤེས་རྡོ་རྗེ་ནི་ཕྱི་ལོ་ ༡༩༧༣ ལོའི་ཟླ་ ༥ ནང་བོད་རྟའུ་རུ་སྐྱེས་ཤིང་། ཕྱི་ལོ་ ༢༠༠༦ ལོར་རྒྱ་ནག་དམར་ཤོག་ཚོགས་པར་ཞུགས། ཁོང་གིས་དཀར་མཛེས་ཁུལ་རྟའུ་རྫོང་གི་ཉེན་རྟོག་དཔོན་གཞོན་པ་དང་། ལི་ཐང་རྫོང་གི་ཉེན་རྟོག་ལས་ཁུངས་ཀྱི་ཉེན་རྟོག་དཔོན་དང་ལི་ཐང་རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ་སོགས་ཀྱི་ལས་ཀ་གཉེར་མྱོང་། ཕྱི་ལོ་ ༢༠༢༡ ལོའི་ཟླ ༤ ནང་དཀར་མཛེས་ཁུལ་སྒྲིག་ཨུད་ཀྱི་སྒྲིག་བཤེར་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་ཐོག་མ་བྱེད་མགོ་བཙུགས། ༢༠༢༡ ལོའི་ཟླ་ ༩ པར། ཡེ་ཤེས་རྡོ་རྗེས་ཏང་གི་སྒྲིག་ཁྲིམས་ལས་ཚབས་ཆེན་འགལ་བ་དང་སྒྲིག་འགལ་ཁྲིམས་འགལ་གྱི་ཉེས་གསོག་གི་དོགས་གཞི་ཡོད་པས། རྒྱ་ནག་དམར་ཤོག་ཚོགས་པའི་སྐྱིད་སྡུག་དང་གཞུང་གི་ལས་གནས་ནས་ཕྱིར་འབུད་བྱས་འདུག 

ཕྱི་ལོ་ ༢༠༡༢ ལོ་ནས་རྒྱ་ནག་དམར་ཤོག་ལས་བྱེད་ (ཏང་ཡོན) ཀྱིས་བྱ་མི་ཆོག་པའི་དོན་ཚན་ ༨ ཅེས་པ་གཏན་འབེབས་བྱས་ཡོད་ཅིང་། གཅིག སྒྲིག་སྲོལ་ལས་འགལ་ཏེ་གཞུང་དངུལ་སྤྱད་ནས་བཟའ་བཏུང་དང་། ཡུལ་སྐོར། མཐོ་རིམ་འཛད་སྤྱོད་རོལ་རྩེད་ལུས་སྦྱོང་བྱེད་སྒོར་ཞུགས་གཏན་ནས་མི་ཆོག་པ་དང་། གཉིས། གཞུང་དངུལ་སྤྱད་ནས་ལོ་གསར་རྟེན་འབྲེལ་ཁུག་དམར་དང་ཤོག་སྦག་སོགས་གཏན་ནས་ཉོ་མི་ཆོག གསུམ། གཞུང་དངུལ་སྤྱད་ནས་སྣེ་ལེན་འཚམས་འདྲི་དང་ཡུལ་སྐོར་སོགས་གཞུང་དོན་མ་ཡིན་པའི་བྱེད་སྒོ་གཏན་ནས་སྤེལ་མི་ཆོག བཞི། གཞུང་འཁོར་སྒེར་སྤྱོད་དམ་སྒེར་འཁོར་གཞུང་གསོའི་རིགས་གཏན་ནས་བྱེད་མི་ཆོག ལྔ།  སྒྲིག་སྲོལ་ལས་འགལ་ནས་ལག་རྟགས་དངོས་པོ་དང་། དངུལ། འཛད་སྤྱོད་ཁུག་དམར་སོགས་གཏན་ནས་ལེན་མི་ཆོག དྲུག སྒེར་གྱི་སྤྲོ་རྩེད་འདུ་ཁང་ནང་གཏན་ནས་འཛུལ་མི་ཆོག བདུན། སྒྲིག་སྲོལ་ལས་འགལ་བའི་ཐོག་ནས་གཉེན་སྟོན་དང་འདས་མཆོད་སོགས་ལ་ཁ་གཡར་ནས་རྒྱུ་ནོར་ལེན་ཐབས་གཏན་ནས་བྱས་མི་ཆོག བརྒྱད། ཡུལ་གྲོགས་འདུ་ཚོགས་དང་། སློབ་གྲོགས་འདུ་ཚོགས། འཐབ་གྲོགས་འདུ་ཚོགས་ལ་གཏན་ནས་ཞུགས་མི་ཆོག་པ་བཅས་རེད་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

ཆུ་ཚོད་ ༡༦ སྔོན་ལ།
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡
སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བོད་དོན་ཞུ་སྐུལ་གནང་མུས་ཡིན་འདུག

༢༠༢༦/༠༧/༣༠

མཆན། 1

  1. Tsering choephel says:
    ལོ་ 3 སྔོན།

    བཀྲ་ཤིས་བདེ་ལེགས་གྲངས་མེད་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese