མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སུད་སི་རུ་ཉིན་གྲངས་བཅུའི་རིང་བོད་དོན་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་སྤེལ་བཞིན་འདུག

བོད་ཀྱི་དུས་བབ།
༢༠༢༤/༠༣/༠༢
Share on FacebookShare on TwitterShare on EmailShare on Whatsapp

བོད་དོན་ལས་འགུལ་བ་ཚེ་རིང་དབང་འདུས་ལགས་ཀྱིས་སུད་སི་གྲོང་ཁྱེར་ཛུ་རིག་ནས་ཇི་ནི་ཝ་བར་དུ་བོད་དོན་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་སྤེལ་མགོ་འཛུགས་ཡོད་འདུག

སུད་སི་གྲོང་ཁྱེར་ཛུ་རིག་ནས་ཇི་ནི་ཝ་བར་དུ་བོད་དོན་ཞུ་གཏུག་གི་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་སྤེལ་བཞིན་པ། པར་འབྲེལ་ཡོད་ནས་མཁོ་སྤྲོད་གནང་། ༢༠༢༤།༣།༢

ཁ་སང་ཕྱི་ཚེས་ ༡ ནས་ ༡༠ བར་ཉིན་གྲངས་བཅུའི་རིང་སུད་སི་གྲོང་ཁྱེར་ཛུ་རིག་ (Zürich) ནས་ཇི་ནི་ཝ་ (Geneva) བར་ཀི་ལོ་མི་ཊར་ ༢༨༠ ཙམ་གྱི་ལམ་ཐག་བརྒྱུད་བོད་དོན་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་ཞིག་སྤེལ་བཞིན་འདུག

དེ་རིང་འདི་གའི་གསར་འགོད་པར་ཁ་པར་བརྒྱུད་བོད་དོན་ལས་འགུལ་བ་ཚེ་རིང་དབང་འདུས་ལགས་སུ་ལས་འགུལ་འདི་སྤེལ་བའི་དགོས་དམིགས་གང་ཡིན་སྐོར་དྲིས་པར། ཁོང་གིས། ངས་ཉིན་གྲངས་བཅུའི་རིང་བོད་དོན་ཞུ་གཏུག་གི་ཞི་བའི་གོམ་བགྲོད་ལས་འགུལ་སྤེལ་བཞིན་ཡོད་པ་མ་ཟད། ཐེངས་འདིའི་ལས་འགུལ་གྱི་དགོས་དམིགས་གཙོ་བོ་ནི། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གང་མགྱོགས་བོད་ལ་གདན་འདྲེན་ཞུ་རྒྱུ་དང་། གཉིས་པ། ༧པཎ་ཆེན་རིན་པོ་ཆེ་མཆོག་དང་ཁོང་གི་ནང་མི་རྣམས་གང་མགྱོགས་ཀློད་གྲོལ་གཏོང་དགོས་པ། གསུམ་པ། བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཛ་དྲག་ཏུ་གྱུར་ཡོད་པས། བོད་ནང་དུ་འགྲོ་བ་མིའི་ཐོབ་ཐང་སྤྲོད་དགོས་པ། བཞི་པ། རྒྱ་ནག་གི་བཟོ་སྐྲུན་བྱས་པའི་ཅ་དངོས་རིགས་ཉོ་འཚོང་མཚམས་འཇོག་བྱ་དགོས་པ། ལྔ་པ། ཏོག་དབྱིབས་གཉན་རིམས་ཀྱི་འབྱུང་ཁུངས་རྒྱ་ནག་ཡིན་པས་རྒྱ་ནག་གིས་འགན་འཁུར་དགོས་པ། དྲུག་པ། བོད་ནང་གི་བོད་མི་རྣམས་ལ་བཙོན་འཇུག་དང་དམ་དྲག་ཤུགས་ཆེན་བྱེད་བཞིན་པའི་གནས་སྟངས་སོགས་མང་ཚོགས་ལ་གོ་རྟོགས་སྤེལ་རྒྱུ་ཡིན། ཞེས་བརྗོད་བྱུང་།

ད་དུང་ཁོང་གིས། ད་ལན་གྱི་ལས་འགུལ་ནང་ཇི་ནི་ཝར་བསྐྱོད་པའི་དམིགས་ཡུལ་གཙོ་བོ་ནི། དེ་སྔ་ངས་བོད་དོན་ལས་འགུལ་མ་སྤེལ་གོང་། ངས་བོད་མི་ཡོངས་ཀྱི་ཚབ་བྱས་ཏེ་སུད་སི་དོན་གཅོད་ལས་ཁུངས་ལ་ཁ་པར་བརྒྱུད་འབྲེལ་བ་བྱེད་སྐབས། ཁོང་ཚོས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལ་བོད་དོན་སྐོར་གླེང་སློང་དང་རྒྱབ་སྐྱོར་གནང་གི་ཡིན་སྐོར་གསུངས་བར་བརྟེན། ང་རང་སེམས་པ་ཧ་ཅང་གི་དགའ་པོ་བྱུང་། ད་དུང་བོད་ནང་གི་གནས་སྟངས་དང་འབྲེལ་བའི་པར་དང་ཡི་གེ་སོགས་འགྲེམ་སྤེལ་བྱེད་དེ་མི་མང་ལ་གོ་རྟོགས་གང་མང་སྤེལ་གྱི་ཡིན། ཞེས་བརྗོད་བྱུང་།

ལས་འགུལ་དང་འབྲེལ་ནས་ཚེ་རིང་དབང་འདུས་ལགས་ཀྱིས་མུ་མཐུད་དུ། ཁ་སང་ཕྱི་ཚེས་ ༡ ཉིན་ང་དངརྫ་ཆུ་བཀྲ་ཤིས་ལགས་གཉིས་མཉམ་དུ་སུད་སི་གྲོང་ཁྱེར་ཛུ་རིག་ནས་ཨ་རོའོ་ (Aarau) གྲོང་སྡེ་བར་དུ་བོད་དོན་ཞུ་གཏུག་གི་ཞི་བའི་གོམ་བགྲོད་ལས་འགུལ་སྤེལ་བ་ཡིན། དེ་རིང་སུད་སིའི་གྲོང་སྡེ་ཨ་རོའོ་ནས་གྲོང་ཁྱེར་བྷར་ (Bern) བར་དུ་འགྲོ་བཞིན་ཡོད། ཅེས་དང་། ལས་འགུལ་འདིའི་བརྒྱུད་བོད་མི་རྣམས་རྡོག་རྩ་གཅིག་སྒྲིལ་བྱ་རྒྱུའི་དུས་ལ་བསླེབས་ཡོད་པ་དང་། བོད་མི་རྣམས་ཀྱིས་བོད་དོན་ཞུ་གཏུག་གི་ལས་འགུལ་གང་མང་སྤེལ་དགོས་པའི་ཐོག ངོ་རྒོལ་དང་སྐད་འབོད་ཀྱི་ལས་འགུལ་ཇི་འདྲ་ཞིག་སྤེལ་རུང་བོད་མི་གང་མང་མང་འཛོམས་དགོས་ཀྱི་ཡོད་པའི་རེ་སྐུལ་ཞུ་ཡི་ཡོད་སྐོར་སོགས་བརྗོད་བྱུང་།

ཚེ་རིང་དབང་འདུས་ལགས་ཀྱིས་མ་སྐུལ་དང་བླངས་ཀྱིས་བོད་དོན་ལས་འགུལ་མང་པོ་སྤེལ་མྱོང་འདུག་ལ། དེ་སྔ་ཕྱི་ལོ་ ༢༠༢༡ ཟླ་ ༥ ཚེས་ ༨ ཉིན་སུད་སི་གྲོང་ཁྱེར་ཝིན་ཊར་ཐུར་ (Winterthur) ནས་བོད་དོན་ཆེད་རྐང་འཁོར་སྐོར་སྐྱོད་ཀྱི་ལས་འགུལ་སྤེལ་ཏེ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བོད་དུ་གང་མགྱོགས་གདན་འདྲེན་ཞུ་དགོས་པ་དང། རྒྱ་གཞུང་ནས་བཙན་འཁྲིད་བྱས་པའི་༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གང་མགྱོགས་ཀློད་གྲོལ་གཏོང་དགོས་པ། རྒྱ་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་རྡོག་རོལ་མཚམས་འཇོག་དགོས་པ། ཕྱི་ལོ་ ༢༠༢༢ ལོའི་དགུན་དུས་པེ་ཅིང་ཨོ་རྩལ་འགྲན་རྩོད་ཕྱིར་འཐེན་དགོས་པ་སོགས་དགོས་འདུན་དོན་ཚན་ལྔ་ཆེད་བཏོན་གནང་ཡོད་པ་རེད། ད་དུང་ཕྱི་ལོ་ ༢༠༠༠ ལོར་ཝིན་ཊར་ཐུར་ (Winterthur) ནས་ཇི་ནི་ཝ་ (Geneva) བར་དུ་ཞི་བའི་གོམ་བགྲོད་ཀྱིས་བོད་དོན་ལས་འགུལ་སྤེལ་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་བློ་འཚབ་ཡོད།

༢༠༢༣/༠༣/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese