མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨེ་ཤ་ཡའི་གངས་ཤུད་འགྲན་བསྡུར་ཁྲོད་བོད་ཀྱི་ལུས་རྩལ་པར་གསེར་གྱི་རྟགས་མ་བཞི་ཐོབ།

བོད་ཀྱི་དུས་བབ།
༢༠༢༤/༠༣/༠༨
Share on FacebookShare on TwitterShare on EmailShare on Whatsapp

ཨེ་ཤ་ཡའི་གངས་ཤུད་འགྲན་བསྡུར་ཁྲོད་བོད་ཀྱི་ལུས་རྩལ་པར་གསེར་གྱི་རྟགས་མ་བཞི་དང་། དངུལ་གྱི་རྟགས་མ་གསུམ། ཟངས་ཀྱི་རྟགས་མ་གཉིས་ཐོབ་ཡོད་འདུག

ཨེ་ཤ་ཡ་གངས་ཤུད་འགྲན་བསྡུར་ཁྲོད་བོད་ཀྱི་ལུས་རྩལ་པ་ཚེ་བརྟན་གཡུ་སྒྲོན་སོགས་ལ་བྱ་དགའ་སྤྲོད་བཞིན་པ། དྲ་ལམ་གྱི་པར།

ཟླ་འདིའི་ཕྱི་ཚེས་ ༢  ནས་ ༦ བར་ཉིན་གྲངས་ལྔའི་རིང་རྒྱ་ནག་ཅིས་ལིས་སུང་ཧྭ་མཚེའུ་རུ། ཕྱི་ལོ་ ༢༠༢༤ ལོའི་ཨེ་ཤ་ཡའི་གངས་ཤུད་ལུས་རྩལ་འགྲན་བསྡུར་འཚོགས་ཡོད་ཅིང་། ཐེངས་འདིའི་འགྲན་བསྡུར་ནང་ཉི་ཧོང་དང་། ལྷོ་ཀོ་རི་ཡ། ཐའེ་ལན་ཌི། རྒྱ་ནག་བཅས་ཀྱི་རྒྱལ་ཁབ་བཞིའི་ལུས་རྩལ་པ་ ༦༦ མཉམ་ཞུགས་བྱས་ཏེ་གངས་ཤུད་འགྲན་བསྡུར་རིམ་པ་བདུན་བྱས་ཡོད་པའི་ཁྲོད། བོད་ཀྱི་ལུས་རྩལ་བ་ཚེ་བརྟན་གཡུ་སྒྲོན་ལགས་ལ་བུ་མོའི་ལམ་ཐག་ཐུང་བ་དང་། གྱེན་བསྡུར་མྱུར་ཚད། མི་སྒེར་གྱི་རྒྱང་བགྲོད། མཉམ་བསྲེས་མཐུད་རྒྱུག་གི་འགྲན་བསྡུར་བཅས་ལ་གསེར་གྱི་རྟགས་མ་བཞི་ཐོབ་ཡོད་འདུག

ཡང་བོད་ཀྱི་ལུས་རྩལ་བ་བཀྲ་ཤིས་བསྟན་སྒྲོལ་ལགས་ལ་ཐེངས་འདིའི་བུད་མེད་ཀྱི་གྱེན་བསྡུར་མྱུར་ཚད་འགྲན་བསྡུར་ཁྲོད་དངུལ་གྱི་རྟགས་མ་ཐོབ་ཡོད་ཅིང་། མི་སྒེར་གྱི་རྒྱང་བགྲོད་འགྲན་བསྡུར་ནང་ཟངས་ཀྱི་རྟགས་མ་དང་། མཉམ་བསྲེས་མཐུད་རྒྱུག་གི་ཨང་བཞི་པ་བཅས་ཐོབ་ཡོད་འདུག།  གཞན་ལུས་རྩལ་བ་བུ་མོ་ཨ་ཉི་ལགས་ལ་མི་སྒེར་གྱི་རྒྱང་བགྲོད་འགྲན་བསྡུར་གྱི་དངུལ་གྱི་རྟགས་མ་དང་། གྱེན་བསྡུར་མྱུར་ཚད་འགྲན་བསྡུར་གྱི་ཨང་བཞི་པ་ཐོབ་འདུག དེ་བཞིན་ཐེངས་འདིའི་སྐྱེས་པའི་གངས་ཤུད་འགྲན་བསྡུར་ཁྲོད་བོད་ཀྱི་ལུས་རྩལ་བ་ཀུན་བཟང་རྣམ་རྒྱལ་ལགས་ལ་མི་སྒེར་གྱི་རྒྱང་བགྲོད་གྱི་ཨང་གསུམ་པ་ཐོབ་པ་སོགས་བོད་ཀྱི་ལུས་རྩལ་བ་ཁག་ཅིག་ལ་ཨང་རིམ་ཐོབ་ཡོད་འདུག

ཕྱི་ལོ་ ༢༠༢༣ ལོར་ཡུ་རོབ་རྒྱལ་ཁབ་ཨི་ཊ་ལི་རུ་འཚོགས་པའི་འཛམ་གླིང་བུམ་པ་རྟགས་མའི་ན་གཞོན་གངས་ཤུད་འགྲན་བསྡུར་ཁྲོད། བོད་རིགས་རྩེད་འགྲན་པ་ཚེ་བརྟན་གཡུ་སྒྲོན་ལགས་ལ་ལོ་ ༡༨ མན་གྱི་བུ་མོའི་རྩེད་འགྲན་ནང་ཨང་དང་པོ་ཐོབ་ཡོད་པ་དང་། ལོ་ ༡༦ མན་གྱི་སྐྱེས་པའི་རྩེད་འགྲན་ནང་བོད་རིགས་རྩེད་འགྲན་པ་ཀུན་བཟང་རྣམ་རྒྱལ་ལགས་ལ་གསེར་གྱི་རྟགས་མ་ཐོབ་ཡོད་འདུག

ཕྱི་ལོ་ ༢༠༢༡ ལོར་རྒྱ་ནག་གི་རི་ཁུལ་རྒྱང་རྒྱུག་འགྲན་སྡུར་བསྡུས་ཏེ་སྤྱི་ལེ་ ༤༢ དང་སྤྱི་ལེ་ ༢༡ གི་མི་སྒེར་གྱི་ལུས་རྩལ་འགྲན་སྡུར་ཁྲོད་བུ་མོ་ཚེ་བརྟན་གཡུ་སྒྲོན་ལགས་ཀྱིས་རྒྱང་རྒྱུག་གི་ཨང་དང་པོ་བླངས།

གངས་ཤུད་རྩེད་འགྲན་ནི་ཕྱི་ལོ་ ༢༠༢༡ ལོའི་ཟླ་ ༧ པར་ཨོ་རྩལ་ལྷན་ཚོགས་ཀྱིས་གཏན་འབེབ་བྱས་ཤིང་། ཕྱི་ལོ་ ༢༠༢༦ ལོའི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ཀྱི་ལས་གཞི་གསར་པ་ཞིག་ཡིན་འདུག ཉེ་ཆར་རྒྱ་ནག་རྒྱལ་ཡོངས་སྐབས་བཅུ་བཞི་པའི་དགུན་དུས་ལུས་རྩལ་འགྲན་ཚོགས་ཀྱི་གངས་ཤུད་འགྲན་བསྡུར་ཁྲོད། བོད་ཀྱི་ལུས་རྩལ་བར་གསེར་གྱི་གཟེངས་རྟགས་བཞི་དང་དངུལ་གྱི་རྟགས་མ་གཅིག་ཐོབ་པའི་ནང་། ཕོ་མོ་མཉམ་བསྲེས་ཀྱི་རྟིང་རྩོད་གངས་ཤུད་འགྲན་བསྡུར་ཁྲོད་བོད་ཀྱི་ལུས་རྩལ་བ་བཀྲ་ཤིས་བསྟན་སྒྲོལ་དང་ཀུན་བཟང་རྣམ་རྒྱལ། གཡུ་སྒྲོན་ལྷ་མོ་བཅས་ལ་གསེར་གྱི་གཟེངས་རྟགས་ཐོབ་ཡོད་འདུག

 གསར་འགོད་པ། བྱམས་པ་ཚེ་རིང་།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་དམར་ཤོག་རིང་ལུགས་དེ་༸གོང་ས་མཆོག་ལས་དུས་ཡུན་རིང་བར་འཚོ་ཐུབ་མིན་ལྟ་རྒྱུ་ཞིག་ཡིན།

ཆུ་ཚོད་ ༡༠ སྔོན་ལ།
བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་བཅུའི་ལས་གནས་བརྗེ་བསྒྱུར་དང་ལས་སྤར་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས། ༢༠༢༦།༦།༡༡
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་དྲུང་ཆེ་བཅུའི་ལས་གནས་བརྗེ་བསྒྱུར་དང་ལས་སྤར་གནང་།

ཆུ་ཚོད་ ༡༠ སྔོན་ལ།
བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་སྐབས། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ངོ་དེབ་ནས་བླངས།
Mobile App

ཨ་རིར་ཉིན་གྲངས་གཉིས་རིང་བོད་དོན་ཞུ་གཏུག་བྱས། 

ཆུ་ཚོད་ ༡༡ སྔོན་ལ།
Advertisement for App

རྩོམ་སྒྲིག་པའི་ས་མིག་གསལ་བསྒྲགས།

༢༠༢༦/༠༦/༡༠
Xi Jinping, left, and Kim Jong Un, right, pictured shaking hands in this photo released by Xinhua. Xie Huanchi/Xinhua/AP
Mobile App

ཞི་ཅིན་ཕིན་མི་ལོ་བདུན་གྱི་རྗེས་བྱང་ཀོ་རི་ཡར་ཕྱིན། 

༢༠༢༦/༠༦/༡༠
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

༢༠༢༦/༠༦/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese