མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཤེས་དཔལ་འཕྲོད་གསུམ་སོགས་ཀྱི་གནས་སྟངས་གང་ཐད་ལའང་གྲངས་ཐོ་གལ་ཆེན་ཡིན་གསུངས།

བོད་ཀྱི་དུས་བབ།
༢༠༢༤/༠༣/༡༤
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ལོ་ ༢༠༢༤ ལོའི་ཁྱིམ་ཐོ་ཞིབ་གཤེར་གྱི་ལས་དོན་དང་འབྲེལ་སྤྱི་འཐུས་མང་པོས་རྒྱབ་སྐྱོར་དང་དོགས་འདྲི་སོགས་བྱས་པར་ནང་སྲིད་བཀའ་བློན་སྤེན་པ་ཚེ་རིང་མཆོག་གིས་གསལ་བཤད་ལན་འདེབས་གནང་སོང་།

དཔལ་ལྡན་ནང་སྲིད་བཀའ་བློན་མཆོག་གིས་གསལ་བཤད་ལན་འདེབས་གནང་བཞིན་པ། པར་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བརྙན་ཚན་པ་ནས་བླངས། ༡༤།༠༣།༢༠༢༤

ཁ་སང་གྲོས་ཚོགས་ཚོགས་དུས་དྲུག་པའི་ལས་ཉིན་ ༥ དང་དེ་རིང་ལས་ཉིན་དྲུག་པའི་ཚོགས་ཐུན་སོགས་སུ་བོད་མིའི་སྒྲིག་འཛུགས་ཀྱི་ཁྱིམ་ཐོ་ཞིབ་བཤེས་དང་འབྲེལ་ནས་སྤྱི་འཐུས་མི་ཉུང་བ་ཞིག་གིས་དྲང་ཕྱོགས་དང་ལྡོག་ཕྱོགས་གཉིས་ཀྱི་ཐད་ནས་དོགས་འདྲི་དང་གླེང་སློང་མང་དག་ཅིག་བྱས་པ་དང་བསྟུན། ནང་སྲིད་བཀའ་བློན་མཆོག་གིས་ཁྱིམ་ཐོ་ཞིབ་བཤེར་དང་འབྲེལ་བའི་དོགས་འདྲི་དང་རྨོངས་འཆར་ཁག་ལ་ལན་འདེབས་གནང་སོང་།

ཁ་སང་གི་ཚོགས་ཐུན་གཉིས་པའི་སྟེང་སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས་ཀྱིས། ངས་ཐད་ཀར་མི་འབོར་གྲངས་བཤེར་དང་། ཁ་སང་དང་དེ་རིང་འགྲོ་བཞིན་པའི་ཁྱིམ་ཐོ་ཞིབ་བཤེར་ཟེར་བ་གཉིས་ཀའི་ཐོག་སྤྱི་ཚོགས་ཀྱི་དྲ་རྒྱའི་བརྒྱུད་ནས་མང་པོ་ཞིག་འགྲོ་ཡི་འདུག དོན་དག་ཁ་ཐུག་ཞུས་ན་ཡག་གི་རེད་དྲན་གྱི་འདུག བཀའ་བློན་ཟུར་པ་དཔལ་འབྱོར་ཚེ་རིང་གི་དེབ་དེ་མར་བཏོན་ནས། དེའི་ནང་ལ་ཁོང་གསང་བའི་ཐོག་ནས་རྒྱ་ནག་ལ་ཕྱིན་པའི་གནས་སྐབས་སུ། རྒྱ་ནག་ཐབས་ཕྱོགས་གཅིག་གྱུར་ཡིན་ནའང་འདྲ། འབྲེལ་ཡོད་དེ་ཚོས་ཁྱེད་རང་ཚོས་དང་པོ་དེ་ལ་ང་ཚོའི་འགྲམ་ལ་ཚུར་ཡོང་རྒྱུ་དང་། ང་ཚོར་འབྲེལ་བ་བྱེད་ཀྱི་ཡིན་ན་བཙན་བྱོལ་ནང་ལ་མི་ག་ཚོད་ཡོད་པ་དང་། ཁྱིམ་ཚང་ག་ཚོད་ཡོད་པའི་ཐོ་གཞུང་ང་ལ་སྤྲད་ཤོག་ཟེར་ནས་ལབ་སོང་ཟེར་བ་དེ་བོད་ཀྱི་དཔེ་མཛོད་ཁང་ནས་དཔར་སྐྲུན་བྱས་ཏེ་ཁ་སང་དེ་རིང་མར་བཀྲམ། དེ་དག་ཁྱིམ་ཐོ་ཞིབ་བཤེར་དང་མི་འབོར་གྲངས་བཤེར་ལ་སྦྱར་ནས་ང་ཚོའི་སྤྱི་ཚོགས་ནང་ལ་འགྲོ་སྡོད་ཀྱི་འདུག ཅེས་དང་། ཁ་གསལ་པོ་བྱས་ནས་གསུངས་པ་ཡིན་ན། དེ་དང་འབྲེལ་བ་ཡོད་དང་མེད་ཅེས་དོགས་འདྲི་དང་ལན་འདེབས་གསལ་བོ་དགོས་པའི་ནན་སྐུལ་གནང་སོང་།

ནང་སྲིད་བཀའ་བློན་སྤེན་པ་ཚེ་རིང་མཆོག་གིས། གྲངས་གཤེར་དེ་རྒྱལ་ཁབ་སུ་འདྲ་ཞིག་ལ་ཡིན་ནའང་དགོས་པ་ཞིག་རེད། ལྷག་པར་ང་ཚོ་བཙན་བྱོལ་དུ་གནས་པའི་སྐབས་ལ་བཙན་བྱོལ་ནང་ལ་མི་འབོར་ག་ཚོད་ཡོད་མེད། སོ་སོའི་སྤྱི་ཚོགས་ཀྱི་གནས་སྟངས་དང་། དཔལ་འབྱོར་དང་ཤེས་ཡོན། འཕྲོད་བསྟེན་སོགས་ཀྱི་གནས་སྟངས་གང་འདྲ་ཡོད་མེད་སོགས་ཀྱི་ཐད་ལ་རྒྱུས་ལོན་པའི་ཐོག་ནས། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་མང་ཚོགས་ལ་ཞབས་ཞུ་ག་རེ་ཞུ་དགོས་མིན་དང་། མང་ཚོགས་ཀྱི་དགོས་མཁོ། དེ་དག་སྤྱི་སྙོམས་དྲང་བདེན་གྱི་ཐོག་ནས་དཀའ་ངལ་ཡོད་མཁན་དག་གི་སྤྱིའི་དཀའ་ངལ་སེལ་ཐབས་གང་འདྲ་གནང་དགོས་ཀྱི་ཡོད་མེད་ལ་གཞི་བཞག་ནས་འགྲོ་དགོས་པ་རེད། སྤྱིའི་གནས་སྟངས་ཤེས་རྟོགས་སླད་སྤྱིའི་གནས་སྟངས་དེ་མང་ཚོགས་ཀྱི་ཁྲོད་ནས་ཡར་བསྡུ་ལེན་མ་བྱས་ན། དབུས་ནས་མར་བཀའ་བཏང་ནས་ཆགས་འགྲོ་བ་ཞིག་ཡོང་ཐབས་མེད་པས། རྒྱལ་ཁབ་སུ་འདྲ་ཞིག་ཡིན་ནའང་ལོ་བཅུ་རེའི་མཚམས་སུ་མི་འབོར་ཞིབ་གཤེར་ཞིག་བྱེད་ཀྱིན་ཡོད། ཅེས་གསུངས་སོང་། 

ཡང་ནང་སྲིད་བཀའ་བློན་མཆོག་གིས། བཀའ་ཤག་སྐབས་བཅུ་དྲུག་པ་བསླེབས་མ་ཐག་པ་ནས་དོ་སྣང་བྱེད་ས་གཅིག་དེ་གྲངས་ཐོ་ཡག་པོ་ཞིག་བཟོ་རྒྱུ་དེ་ཡིན། དེ་རྒྱ་ནག་གཞུང་ལ་དགོས་མཁོ་ཡོད་མེད། རྒྱ་ནག་གཞུང་ལ་དེ་རག་ནས་ཕན་ཐོགས་ཡོད་དང་མེད། སྤྱི་ཚོགས་ལ་འགུལ་སྐྱོད་ཅིག་གཏོང་ཐུབ་ཀྱི་ཡོད་མེད། གྲངས་གཤེར་དེ་ཡོད་ན་རྒྱ་ནག་གཞུང་གིས་བལྟ་ཡི་རེད་བསམ་གྱི་འདུག་མ་གཏོགས། དེས་རྒྱ་ནག་གཞུང་ལ་ཕན་ཐོགས་ཡོད་པ་མ་རེད་ཅེས་གཏན་ནས་ཞུ་ཡི་མེད། ཡིན་ཡང་། ང་རང་ཚོའི་ལས་དོན་བྱེད་ཕྱོགས་ཀྱི་ཐོག་ལ་གྲངས་ཀ་དེ་ངེས་ཅན་ཞིག་དགོས་ཀྱི་ཡོད་པ་རེད། གྲངས་ཀ་དེ་བསྡུས་ཟིན་པའི་རྗེས་ལ། མི་སོ་སོའི་གནས་ཚུལ་དེ་དག་ཕྱིར་བསྒྲགས་མི་འགྲོ་བའི་ཆེད་སྒྲིག་འཛུགས་སུས་འགན་འཁུར་གྱིན་ཡོད་ནའང་དེར་འགན་ཡོད་པས། གནས་ཚུལ་དེ་དག་དྲ་ལམ་སོགས་ནས་སྲུང་སྐྱོབ་བྱེད་པའི་ལས་དོན་འགྲོ་མུས་ཡིན། ཞེས་གསུངས་སོང་། དེ་བཞིན་མ་འོངས་པར་མུ་མཐུད་ནས་མི་གྲངས་ཞིབ་གཤེར་དང་ཁྱིམ་ཐོ་ཞིབ་གཤེར་སོགས་བྱས་ནས་བོད་མིའི་སྤྱིའི་གནས་སྟངས་སོགས་ལ་རྒྱུས་ལོན་དང་སྤྱིའི་དཀའ་ངལ་དག་སེལ་ཐབས་གནང་རྒྱུ་ཡིན་སྐོར་སོགས་ཀྱང་གསུངས་སོང་། 

སྤྱི་འཐུས་མི་འགྱུར་རྡོ་རྗེ་ལགས་དང་ཟླ་བ་ཕུན་སྐྱིད་ལགས། བློ་བཟང་རྒྱ་མཚོ་སྲི་ཐར་ལགས་སོགས་ཀྱིས་ནང་སྲིད་ལས་ཁུངས་ཀྱི་ལས་བསྡོམས་སྤྱི་དང་ཁྱིམ་ཐོ་ཞིབ་བཤེར་ལས་གཞིར་བསྔགས་བརྗོད་གནང་བ་དང་བསྟུན། སྤྱི་འཐུས་བསྟན་འཛིན་ཆོས་འཛིན་ལགས་ཀྱིས། སྤྱི་ཚོགས་ཤིག་ཡར་རྒྱས་འགྲོ་དགོས་ན། ཆུང་ས་ནས་སྤྱི་ཚོགས་དང་ཆེ་ནས་རྒྱལ་ཁབ་ཅིག་གི་འཐབ་རྩོད་ཀྱི་ངོ་བོ་ཞིག་ལ་གྱུར་བར། མ་འོངས་པའི་ལམ་བུ་ལ་མདུན་སྐྱོད་བྱས་ནས་སྤྱི་ཚོགས་གི་གནས་སྟངས་རྒྱུས་ལོན་དང་སྙོམས་སྒྲིག་བྱ་དགོས་པས། གལ་གནད་ཆེ་བའི་གཞི་བཅོལ་ས་དེ་ཁྱིམ་ཐོའི་གྲངས་ཐོ་ལ་རག་ལུས་ཡོད། ཐ་ན་ཆུང་ས་ནས་བལྟས་ནའང་ཕོ་མོ་གང་ཙམ་ཡོད་མེད་ལ་གཞིགས་ནས་ལས་དོན་ཐག་གཅོད་བྱེད་ཐུབ་པས། མི་འབོར་ཞིབ་གཤེར་དེར་འབྲེལ་ནས། མི་མང་ག་ཚོད་ཙམ་གྱིས་ལས་གཞི་དེའི་ཁོངས་སུ་མཉམ་ཞུགས་བྱ་ཐུབ་མིན་དང་།  དེའི་ཐད་མི་མང་ལ་གོ་རྟོགས་ག་ཚོད་ཙམ་ཡོད་མེད་ལྟ་ཞིབ་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་ཡིན་སྐོར་སོགས་གསུངས་སོང་། 

ཡང་ཁྱིམ་ཐོ་ཁྱིམ་གཤེར་གྱི་གནད་དོན་དང་འབྲེལ་ནས་སྤྱི་འཐུས་མཁན་པོ་ཀ་བྲག་དངོས་གྲུབ་བསོད་ནམས་ལགས་ཀྱིས། གྲྭ་ཡིན་ན་ཁྱིམ་ནས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་ཡིན་པས། ཁྱིམ་ཐོ་ཞིབ་གཤེར་ཞེས་པའི་ས་ཐ་སྙད་ཅིག་གཏན་ནས་མེད་པའི་ཁར། ད་ལན་ཞིབ་གཤེར་དེའི་ཐོག་ཞིབ་གཤེར་བ་མང་དག་ཅིག་གིས། ཁང་པ་དང་། ས་གཞི། རླངས་འཁོར་སོགས་ཡོད་མེད་འདྲི་ཡི་འདུག་པས། དེ་ནི་ཁྱིམ་ཐོ་གྲངས་གཤེར་ཞིིག་མིན་པར། མི་སྒེར་གྱི་ཅ་དངོས་སམ་རྒྱུ་ནོར་ཞིབ་གཤེར་བྱས་པའི་རྒྱུ་ནོར་ཞིབ་གཤེར་ཞིག་ཡིན་སྐོར་དང་། སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས་ཀྱིས། དེང་གི་ཆར་བཙན་བྱོལ་བོད་མིའི་གཞིས་ཆགས་ཁག་ཏུ་ཁྱིམ་ཐོ་གྲངས་གཤེར་གྱི་ལས་དོན་ཞིག་བྱེད་མུས་ཡིན་འདུག་ལ། གྲངས་གཤེར་ཁོངས་སུ་ཆ་ཤས་ལེན་མཁན་འགས་དྲི་བ་དག་ལ་ལན་རྫུན་མ་བཤད་ཡོད་ཚུལ་གོ་ཐོས་འདུག་པས། དེ་འདྲའི་གྲངས་གཤེར་རིགས་ཀྱིས་དངོས་སུ་ཕན་ཐོགས་ག་ཚོད་ཡོད་མེད་ཀྱི་སྐོར་དོགས་འདྲི་གནང་སོང་།

སྲིད་སྐྱོང་དང་ནང་སྲིད་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས། རྒྱ་ཆེ་ས་ནས་བཙན་བྱོལ་སྤྱི་ཚོགས་ཀྱི་གནས་སྟངས་དང་། དཔལ་འབྱོར་གྱི་གནས་སྟངས་འགྲེལ་བཤད་བྱ་དགོས་ཚེ། གྲངས་ཐོ་དེ་དག་མེད་པར་འགྲེལ་བཤད་རྒྱག་ཐུབ་རྒྱུ་ཡོད་པ་མ་རེད། དེ་བཞིན་མ་འོངས་པར་མི་ཞིག་ལ་རོགས་པ་བྱ་དགོས་པ་དང་དེའི་རྒྱབ་ལྗོངས་ལ་བལྟ་དགོས་ཚེ། གྲངས་གཤེར་དེ་དག་མེད་ཚེ་ཡོང་ཐབས་མེད་པ་རེད་ལ། ཐག་གཅོད་བྱ་རྒྱུར་དཀའ་ངལ་ཆེན་པོ་ཞིག་ཡོད་པ་རེད་མ་གཏོགས། དེ་མིན་སྒྲིག་འཛུགས་ལ་གྲངས་ཐོ་དེ་དག་ཡར་སྤྲད་ནས་ལས་ཀ་འཕར་མ་ཞིག་བཟོ་དགོས་དོན་གང་ཡང་མེད་པ་རེད། ཅེས་དང་། དེ་བཞིན་ཁྱིམ་ཐོ་ཞིབ་གཤེར་དེའི་ཁོངས་སུ་ཞུགས་མཁན་རྣམས་ཀྱིས་རྫུན་མ་བཤད་པ་ལས། ཡོང་འབབ། རྒྱུ་ནོམ་ཡོད་མེད་མ་བ་ཤད་ན་ལེགས་ཏེ། ནང་དོན་དེ་དག་གི་ཐོག་ལ་ཞིབ་འཇུག་བྱེད་དགོས་པས། རྫུན་བཤད་པ་ཞིག་ལ་ཞིབ་འཇུག་བྱས་ན་རང་གཞན་ཚང་མའི་ལས་དོན་འཐུས་ཤོར་ཡིན་སྐོར་སོགས་གསུངས་སོང་།

ཕྱི་ལོ་ ༢༠༢༢ ཟླ་ ༧ ཚེས་ ༦ ཉིན་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་དང་བསྟུན། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་སྐབས་བཅུ་དྲུག་པའི་དགོངས་དོན་འོག་ནང་སྲིད་ལས་ཁུངས་ནས་འགན་འཁུར་རྐང་འགན་ཁུར་ཏེ་ཁྱབ་ཁོངས་ས་གནས་མགོ་འཛིན་ལས་ཁུངས་ཁག་བརྒྱུད། བཙན་བྱོལ་བོད་མིའི་མི་འབོར་གྲངས་བཤེར་བྱས་པའི་ལས་གཞིའི་ཁྲོད། བོད་མིའི་འདུས་སྡོད་ཀྱི་ས་གནས་དང་སློབ་གྲྭ་ཁག་ནང་བོད་མི་ཇི་ཡོད་ཀྱི་གྲངས་ཐོ་ཕུལ་འབྱོར་བྱུང་བའི་ཁོངས་རྒྱ་གར་ནང་བོད་མི་གྲངས་ ༦༧,༤༣༨ དང་། བལ་ཡུལ་ནང་བོད་མི་གྲངས་ ༨,༧༢༦ ། འབྲུག་ནང་བོད་མི་གྲངས་ ༡,༢༡༣ ། ཕྱི་དྲིལ་ཁྱབ་ཁོངས་ཕྱི་རྒྱལ་གནས་སྡོད་བོད་མི་གྲངས་ ༢༠,༣༠༩ བཅས་ཆགས་ཡོད། བོད་མིའི་མི་འབོར་གྲངས་བཤེར་གྱི་ལས་གཞི་དེའི་ཆེད་ཨ་རིའི་སྲིད་གཞུང་གི་ (USAID) ལས་གཞིའི་ཁོངས་ནས་རོགས་དངུལ་ཧིན་སྒོར་འབུམ་ ༣༩ ཙམ་བཀའ་འཁྲོལ་བསྩལ་ཁོངས་ནས་ད་བར་འགྲོ་གྲོན་དངོས་སོང་ཧིན་སྒོར་འབུམ་ ༢༠ ཙམ་ཆགས་ཡོད་པ་རེད།

འདི་ལོའི་ཕྱི་ཟླ་ ༢ ཚེས་ ༢ ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་ལས་ཁུངས་དང་། ཆོས་རིག་ལས་ཁུངས།  འཕྲོད་བསྟེན་ལས་ཁུངས། ཤེས་རིག་ལས་ཁུངས་སོགས་ཀྱིས། ཕྱི་ལོ་ ༢༠༢༤ ལོའི་བོད་མིའི་སྒྲིག་འཛུགས་ཀྱི་ཁྱིམ་ཐོ་གྲངས་བཤེར་གྱི་ལས་གཞི་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་ཐོག་མ་དེ་སྤེལ་ཏེ། ད་ལྟའི་ཆར་དྷ་ས་དང་། རྒྱ་གར་ལྷོ་ཕྱོགས་སོགས་བོད་མིའི་གཞིས་ཆགས་ཁག་ཏུ་ཁྱིམ་ཐོ་ཞིབ་གཤེར་གྱི་ལས་དོན་གཉེར་བྱེད་བཞིན་པ་རེད་འདུག

གསར་འགོད་པ། དོན་འགྲུབ་བཀྲ་ཤིས། བསྟན་འཛིན་ཕུར་བུ། དཔལ་ལྡན།

རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

ལས་འགུལ་བ་སྐལ་བཟང་མཐར་ཕྱིན་ལགས། པར་ཁོང་གི་ངོ་དེབ་ལས་བླངས།
Mobile App

ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཞི་བའི་གོམ་བགྲོད་མཚམས་འཇོག་བྱས། 

ཆུ་ཚོད་ ༡༡ སྔོན་ལ།
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་རང་ལུས་མེར་བསྲེགས་ཏེ་སྐུ་གྲོངས་ནས་ཞག་ཞེ་དགུའི་ཉིན་མོ་སྲུང་གཙི་ཞུས། 

༢༠༢༦/༠༨/༢༠
པར་འགྲེལ། དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

འཛམ་གླིང་ས་ཕྱོགས་གང་སར་ངོ་རྒོལ་གྱི་ལས་འགུལ་སྤེལ།

༢༠༢༦/༠༨/༢༠
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Editorials

ལེའུ་གསར་པ་འདིའི་མཇུག་སྐྱོང་མཁན་ནི་ང་ཚོ་ཡིན།

༢༠༢༦/༠༨/༢༠
Mobile App

རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཞིག་ལ་འདྲི་ཞིབ་བྱེད་ཀྱི་འདུག

༢༠༢༦/༠༨/༡༩
The expanded list bars Pentagon-funded researchers from collaborating with listed institutions or using their equipment under new rules. Photo: Handout
Mobile App

ཨ་རིས་རྒྱ་ནག་གི་མཉམ་འབྲེལ་ཞིབ་འཇུག་ལས་དོན་ལ་དོགས་ཟོན་བྱ་དགོས་པའི་བཀོད་ཁྱབ་བཏང་།

༢༠༢༦/༠༨/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese