མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་བཅུ་ལྷག་འཛིན་བཟུང་བཙན་ཁྲིད་བྱས་འདུག

བོད་ཀྱི་དུས་བབ།
༢༠༢༤/༠༣/༢༨
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་སྡེ་དགེ་དབོན་པོ་སྟོད་ཁུལ་ནས་བོད་མི་བཅུ་ལྷག་འཛིན་བཟུང་བཙན་ཁྲིད་བྱས་ནས་གར་སོང་ཆ་མེད་དུ་གྱུར་ཡོད་པ་རེད།

སྡེ་དགེ་དབོན་པོ་སྟོད་ཁུལ་ནས་བོད་མི་བཅུ་ལྷག་འཛིན་བཟུང་བཙན་ཁྲིད་བྱས་ནས་གར་སོང་ཆ་མེད་དུ་གྱུར། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༤།༠༣།༢༨

རྒྱ་ནག་གཞུང་གིས་འབྲི་ཆུར་ཆུ་རགས་གསར་རྒྱག་དང་ཁུལ་དེའི་མི་མང་རྣམས་བཙན་གྱིས་ས་གནས་གཞན་དུ་གནས་སྤོར་བྱ་དགོས་པའི་བཙན་བཀའ་བཏང་དང་གཏོང་གིན་ཡོད་པ་ལྟར།  འདི་ལོའི་ཕྱི་ཟླ་ ༢ ཚེས་ ༡༤ ཉིན་སྡེ་དགེ་ཁུལ་གྱི་བོད་མི་མང་དག་ཅིག་གིས་ཡིག་ངག་གཉིས་ཀྱི་ཐོག་ནས། རྒྱ་ནག་གཞུང་གིས་ཆུ་གློག་གི་ལས་གཞི་དང་བོད་མི་གནས་སྤོར་མཚམས་འཇོག་བྱེད་དགོས་པའི་རེ་སྐུལ་ཞུས་ཡོད་ཀྱང་། ཟླ་སྔོན་མར་རྒྱ་གཞུང་ཉེན་རྟོག་པས་བོད་མི་རིག་འཛིན་དང་། ཐུབ་ཕུར། བདེ་ཆེན་སྒྲོལ་མ། དབྱངས་སྐྱིད། ཚེ་སྒྲུབ་སོགས་ཚུད་པའི་བོད་མི་བཅུ་ལྷག་འཛིན་བཟུང་བཙན་ཁྲིད་བྱས་ནས། ད་ལྟའང་ཁོང་ཅག་གི་དངོས་ཡོད་གནས་སྟངས་གོ་ཐོས་ཅི་ཡང་མེད་པ་མ་ཟད། བོད་མི་ཁག་ཅིག་གི་མིང་སོགས་ཀྱང་ཤེས་རྟོགས་ཐུབ་ཀྱི་མི་འདུག

བོད་ནང་གི་འབྲེལ་ཡོད་ཅིག་གིས་འདི་གའི་གསར་འགོད་པར། རྒྱ་གཞུང་ཉེན་རྟོག་པས་བོད་མི་དེ་དག་འཛིན་བཟུང་བཙན་ཁྲིད་བྱས་རྗེས། ད་ལྟའང་ཁོང་ཅག་གི་གནས་སྟངས་ཅི་ཡང་གོ་ཐོས་མེད་ཅིང་། གར་སོང་ཆ་མེད་དུ་གྱུར་བའི་བོད་མི་དེ་དག་ཕལ་ཆེ་བ་སློབ་ཆེན་སློབ་མ་རྐྱང་ཡིན་པ་རེད། ཉེ་ལམ་རྒྱ་ནག་གཞུང་གིས་དབོན་པོ་སྟོད་ཁུལ་གྱི་ས་གནས་མང་དག་ཅིག་ཏུ་བོད་མིའི་འགྲིམ་འགྲུལ་ལ་དམ་དྲག་དང་སྔོག་གཤེར་བྱེད་ཀྱི་ཡོད་པ་མ་ཟད། ཟླ་རྗེས་མར་ཁུལ་དེར་རྒྱ་ནག་གཞུང་གི་ལས་བྱེད་མང་དག་ཅིག་ཆེད་མངགས་གཏོང་རྒྱུ་ཡིན་ལུགས་སོགས་འགྲེལ་བརྗོད་གནང་བྱུང་།

ཡང་འབྲེལ་ཡོད་བོད་མི་གཞན་ཞིག་གིས། ཉེ་ལམ་རྒྱ་ནག་གཞུང་གིས་སྡེ་དགེ་རྫོང་ཁོངས་སུ་དམག་མི་མང་པོ་ཞིག་འགྲེམས་འཇོག་དང་། ཁྲོམ་དང་ཡུལ་འཚོ་སོགས་སུའང་དམག་མིའི་སྡོད་གུར་རྒྱབ་ནས་སྐོར་གཡེང་དང་ལྟ་རྟོག་བྱེད་ཀྱི་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་ཟླ་གཅིག་ཙམ་གྱི་རིང་ཁུལ་དེར་དྲ་ལམ་བཀག་སྡོམ་བྱས་ཡོད་སྐོར་སོགས་འགྲེལ་བརྗོད་གནང་བྱུང་།

རྒྱ་ནག་གཞུང་གིས་སྐམ་ཐོག་ཆུ་གློག་ཁང་ཟེར་བ་འཛུགས་སྐྲུན་བྱེད་པར་ཁ་གཡར་ཏེ། སྡེ་དགེ་རྫོང་དབོན་པོ་སྟོད་ཀྱི་དབོན་སྟོད་དགོན་དང་ཡེ་ན་དགོན་སོགས་དགོན་པ་དྲུག་དང་གྲོང་ཚོ་གཉིས་ལྷག་གནས་སྤོར་དགོས་པའི་བཙན་བཀའ་བཏང་བར་བརྟེན།  ས་གནས་སེར་སྐྱ་མི་མང་གིས་ཕྱི་ཟླ་ ༢ ཚེས་ ༢༡ དང་ ༢༢ ཉིན་ཞི་བའི་ཐོག་ནས་འབྲེལ་ཡོད་ལས་བྱེད་པར་རེ་སྐུལ་ངུ་འབོད་གནང་སྟེ་བཙན་བཀའ་ཟློག་ཐབས་གནང་སྐབས། གློ་བུར་དུ་ཉེན་རྟོག་པ་མང་པོ་བསླེབས་ནས་གང་བྱུང་གཅར་རྡུང་བཏང་སྟེ་མི་ཁག་ཅིག་སྡེ་དགེ་རྫོང་མི་མང་སྨན་ཁང་དུ་བསྐྱལ་ཡོད་པ་མ་ཟད། སེར་སྐྱ་མི་མང་མང་པོ་འཛིན་བཟུང་བཙན་འཁྲིད་བྱས་ཏེ། ས་གནས་མི་མང་གི་འགྲོ་འདུག་ལ་དམ་དྲག་ཤུགས་ཆེན་བྱས་ཡོད།

རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

ཆུ་ཚོད་ ༦ སྔོན་ལ།
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

ཆུ་ཚོད་ ༨ སྔོན་ལ།
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese