མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་སོག་འབྲེལ་ལམ་གྱི་ཚོགས་འདུ་ཐེངས་དང་པོ་མཇུག་བསྒྲིལ།

བོད་ཀྱི་དུས་བབ།
༢༠༢༤/༠༤/༠༢
Share on FacebookShare on TwitterShare on EmailShare on Whatsapp
བོད་སོག་གཉིས་ཀྱི་ལོ་རྒྱུས་ཀྱི་འབྲེལ་ལམ་སྤྱི་དང་མ་འོངས་འབྲེལ་ལམ་གཏོང་མཐོར་དམིགས་པའི་ཉིན་གྲངས་གཉིས་རིང་གི་ཚོགས་འདུ་མཇུག་བསྒྲིལ།

ཟླ་འདིའི་ཕྱི་ཚེས་ ༡ དང་ ༢ ཉིན་གྲངས་གཉིས་རིང་གངས་སྐྱིད་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ། རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེའི་ཆོས་ཚོགས་དང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་། རུ་སོག་དོན་གཅོད་ལས་ཁུངས་གསུམ་གྱི་གོ་སྒྲིག་འོག  བོད་སོག་འབྲེལ་ལམ་ཚོགས་འདུ་མཇུག་སྡོམ་གྱི་མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཕེབས་ཏེ། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་བོད་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པའི་ལོ་རྒྱུས་ཀྱི་གནས་བབ་གསལ་འདོན་བྱེད་བཞིན་ཡོད་སྐོར་སོགས་ཀྱི་གསུང་བཤད་གནང་སོང་ལ། དེ་རིང་གི་མཇུག་སྡོམ་མཛད་སྒོའི་སྟེང་རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་དང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས། འགན་འཛིན་གཞོན་པ་འཛམ་ལྷ་བསྟན་པ་རྒྱལ་མཚན་ལགས། བོད་དང་སོག་པའི་གཙུག་ལག་སློབ་གཉེར་ཁག་གི་སློབ་དཔོན་དང་། དགེ་བཤེས། ཉམས་ཞིབ་པ་གྲངས་ ༡༡ དང་།  དྷ་ས་ཁུལ་གྱི་བོད་སོག་གི་ཉམས་ཞིབ་པ་དང་སློབ་གཉེར་བ་བཅས་མཉམ་ཞུགས་གནང་འདུག

སྐབས་དེར་རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་གིས། རང་ཉིད་བོད་སོག་གཉིས་བར་གྱི་ཟམ་པ་ལྟ་བུ་ཞིག་ཡིན་པར་བརྟེན། མ་འོངས་པར་བོད་སོག་གི་འབྲེལ་ལམ་ཡར་རྒྱས་གོང་འཕེལ་གཏོང་ཐབས་སུ་དམིགས་པའི་ལས་ཀ་བྱ་རྒྱུ་ཡིན་སྐོར་དང་། འབྱུང་འགྱུར་ཉིན་གྲངས་འགའི་རིང་དྷ་སར་བསྡད་དེ་སོག་པོའི་མི་ ༧༠ ལྷག་ཙམ་ཡོད་པའི་ཚོགས་པ་ཞིག་བསྡུ་རུབ་བྱས་ཏེ། མི་དེ་དག་ལ་ནང་ཆོས་ངོ་སྤྲོད་དང་། བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་སྒྲིག་གཞི་དང་། བཙན་བྱོལ་ནང་གི་བོད་མིའི་གནས་སྟངས་སོགས་ཀྱི་སྐོར་ལ་གོ་རྟོགས་སྤེལ་རྒྱུའི་ལས་གཞི་སྤེལ་འཆར་སྐོར། ལས་གཞི་དེ་བརྒྱུད་བོད་སོག་གཉིས་ཀྱི་འབྲེལ་ལམ་སྔར་ལྷག་ཡར་རྒྱས་གཏོང་ཐུབ་པ་དང་། མ་འོངས་པར་བོད་སོག་གི་འབྲེལ་ལམ་རྒྱུན་གནས་ཐུབ་པར་ཕན་ཐོགས་ཡོད་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་སྐོར་དང་། ད་ལན་གྱི་ཚོགས་འདུ་དེ་བརྒྱུད་བོད་དང་སོག་པོའི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་དང་ཉམས་ཞིབ་པ་སོགས་ལ་ཕན་ཐོགས་ཆེན་པོ་བྱུང་ཡོད་སྐོར་སོགས་གསུངས་སོང་།

མཇུག་ཏུ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་ལམ་དབུ་མ་ཡིན་པ་དང་། ཐབས་བྱུས་ཀྱི་ཐོག་ནས་འགྱུར་བ་བཏང་སྟེ་བོད་ལོ་རྒྱུས་ཀྱི་ཐོག་ནས་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པའི་གནས་བབ་གསལ་འདོན་སླད། ཉེ་བའི་ལོ་གཅིག་དང་ཕྱེད་ཀ་ལྷག་རིང་བཀའ་ཤག་སྐབས་བཅུ་དྲུག་པས་ཨ་རིའི་གྲོས་ཚོགས་ནང་བོད་ཀྱི་ལོ་རྒྱུས་ཀྱི་གནས་བབ་གསལ་འདོན་བཟོ་དགོས་པའི་གྲོས་ཆོད་ཅིག་གཏན་འབེབ་ཡོང་བར་ཤུགས་སྣོན་བསྐྱོན་ཡོད་པ་དང་། གལ་སྲིད་གྲོས་ཆོད་དེ་ཉིད་ཨ་རིའི་ཁྲིམས་སུ་གཏན་འབེབ་བྱས་པ་ཡིན་ན། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་འཛམ་གླིང་རྒྱལ་ཁབ་གཞན་གྱི་ནང་དུའང་དེ་མཚུངས་བཞིན་བོད་རང་བཙན་ཡིན་པའི་ལོ་རྒྱུས་ཀྱི་གནས་བབ་གསལ་འདོན་དགོས་པའི་ངོས་འཛིན་གྲོས་ཆོད་གཏན་འབེབ་བྱེད་པའི་འབོད་སྐུལ་ཞུ་རྒྱུ་ཡིན་སྐོར་དང་། ཁྲིམས་འཆར་དེ་བརྒྱུད་རྒྱ་ནག་གཞུང་ལ་བོད་ཀྱི་ལོ་རྒྱུས་ཀྱི་གནས་བབ་ལ་འཁྱོག་བརྗོད་བྱེད་མཚམས་འཇོག་དགོས་པའི་བརྡ་ལན་གཏོང་གི་ཡོད་པ་མ་ཟད། རྒྱལ་སྤྱིའི་སྲིད་གཞུང་ཁག་ནས་ཀྱང་། རྒྱ་ནག་གིས་རྟག་པར་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་ཟེར་བཞིན་པ་སོགས་བོད་ཀྱི་ལོ་རྒྱུས་ཀྱི་གནས་བབ་ལ་འཁྱོག་བརྗོད་བྱེད་བཞིན་པ་མཚམས་འཇོག་དང་བསྐྱར་ཟློས་མི་ཡོང་བར་འབད་བརྩོན་གནང་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན་སྐོར་སོགས་གསུངས་སོང་།

སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་ཀྱིས་འདི་གའི་གསར་འགོད་པར། ཐེངས་འདིའི་ཚོགས་འདུ་ནང་གཙོ་བོ་བརྗོད་གཞི་རིགས་གཉིས་ཀྱི་ཐོག་བགྲོ་གླེང་བྱས་ཡོད། གཙོ་བོ་ལོ་རྒྱུས་ཐོག་གི་བོད་དང་སོག་པའི་འབྲེལ་ལམ་སྐོར་རེད། དེ་ཡང་བོད་སོག་གཉིས་ཀྱིས་ཕན་ཚུན་ལ་ཆོས་ལུགས་དང་རིག་གཞུང་སོགས་ཐོག་ནས་རོགས་པ་གང་བྱས་ཡིན་མིན་སྐོར་རེད། བོད་སོག་གཉིས་ཆོས་ལུགས་དང་རིག་གཞུང་ཐོག་ནས་འབྲེལ་བ་ཡོད་པ་མ་ཟད། ཆབ་སྲིད་ཀྱི་ཐོག་ནས་བཤད་ན་མན་ཇུ་དང་རྒྱ་ནག་གང་ལ་ཐུག་ཀྱང་དཀའ་ངལ་འཕྲད་པའི་ལས་དབང་གཅིག་པ་ཆགས་ཡོད། དེའི་ཐོག་ནས་ང་ཚོ་ཉམས་རྒུད་གང་ཕྱིན་ཡོད་པ་དང་། མ་འོངས་ལས་དོན་བྱེད་ཕྱོགས་སོགས་ཀྱི་ཐོག་བགྲོ་གླེང་བྱས་ཡོད།  ཅེས་དང་མ་འོངས་པའི་བོད་སོག་འབྲེལ་ལམ་སྐོར་ལ་ཁོང་གིས། འགྲོ་མགོན་ཆོས་རྒྱལ་འཕགས་པ་དང་སེ་ཆེན་རྒྱལ་པོ་གཉིས་ཀྱི་སྐབས་ནས་མགོ་ཚུགས་ཏེ། རྒྱལ་དབང་སྐུ་ཕྲེང་བ་གསུམ་སོགས་བརྒྱུད་དེ་བོད་སོག་གཉིས་ཀྱི་འབྲེལ་ལམ་ཐད་གཞི་རྩ་ཧ་ཅང་སྤུས་དག་པོ་ཡོད། བར་སྐབས་ཆབ་སྲིད་ཀྱི་རྐྱེན་གྱིས་བོད་ཀྱི་རྒྱལ་ཁབ་རྒྱ་ནག་གི་བཙན་འོག་ཏུ་ཤོར་བ་དང་། སོག་པོའང་དམར་ཤོག་ཚོགས་པའི་འོག་ཏུ་ལོ་ངོ་ ༧༠ རིང་བསྡད་པ་རེད། རྒྱ་ནག་གཞུང་གིས་བོད་སོག་གཉིས་ཀྱི་འབྲེལ་ལམ་ལ་ཐབས་བརྒྱ་ཇུས་སྟོང་གིས་བཀག་འགོག་བྱས་ཡོད། འོན་ཀྱང་སོག་པོའི་ངོས་ནས་ཁལ་ཁ་རྗེ་བཙུན་དམ་པའི་ཡང་སྤྲུལ་ངོས་འཛིན་དང་ཁྲི་སྟོན་སོགས་ཀྱི་ཐད་བློ་ཁོག་ཆེན་པོའོ་ཐོག་ནས་བོད་དང་འབྲེལ་བ་བྱས་ཡོད། ཐེངས་འདིའི་ཚོགས་འདུའི་དམིགས་ཡུལ་ཡང་མ་འོངས་བར་བོད་སོག་གཉིས་ཀྱི་བར་སྒོ་གསར་བ་ཞིག་དང་། མགོ་གསར་བ་བཙུགས་ཏེ་ལམ་ཁ་གསར་བ་ཞིག་ཏུ་འགྲོ་ཐུབ་པའི་རེ་བ་རྒྱག་བཞིན་ཡོད། གལ་སྲིད་ཕྱི་ལོགས་ཀྱི་གནོན་ཤུགས་ལ་གདོང་ལེན་བྱེད་ཐུབ་ཚེ། བོད་སོག་གཉིས་ཀྱི་ཕན་ཚུན་ལ་འབྲེལ་བ་བྱེད་ཐུབ་པ་མ་ཟད། བོད་བརྒྱུད་ནང་བསྟན་རྒྱུད་འཛིན་གྱི་མཉམ་ལས་ཐོག་ནས་འགྲོ་བ་མི་ལ་ཕན་ཐོགས་པ་ཞིག་རེད། ཅེས་འགྲེལ་བརྗོད་གནང་སོང་།

ཉིན་གྲངས་གཉིས་རིང་གི་ཚོགས་འདུའི་ཐོག ཕྱི་ལོ་ ༡༩༠༠ ནས་ ༡༩༡༣ བར་བོད་དང་སོག་པོ་གཉིས་རྒྱ་ནག་མན་ཇུའི་དབང་བསྒྱུར་འོག་ནས་རང་བཙན་ཐོབ་པའི་གནས་བབ་དང། ཕྱི་ལོ་ ༡༩༡༡ ལོར་རྗེ་བཙུན་དམ་པས་སོག་ཡུལ་རང་བཙན་གསལ་བསྒྲགས་བསྐྱངས་བའི་གནས་སྟངས། ༸རྒྱལ་བ་སྐུ་ཕྲེང་བཅུ་གསུམ་པས་བོད་རང་བཙན་གྱི་གནས་བབ་ལ་ངོས་འཛིན་ཐོབ་ཐབས་མཛད་ཚུལ་དང་ཆུ་གླང་རྩ་ཚིག་གི་གལ་གནད་སྐོར། སེ་ར་བྱེས་ཀྱི་སོག་པོའི་གྲྭ་རྒྱུན་དང་ད་ལྟའི་གནས་བབ། ཕྱི་ལོ་ ༡༩༧༩ རྗེས་ཀྱི་འབྲས་སྤུངས་སྒོ་མང་གི་སོག་པོའི་གྲྭ་རྒྱུན་སྐོར། སོག་ཡུལ་མི་སེར་རྒྱལ་ཁབ་ཀྱིས་བོད་དང་གཞུང་འབྲེལ་འབྲེལ་བ་འཛུགས་ཐབས་སྐོར། ཕྱི་ལོ་ ༡༩༧༩ ནས་ ༢༠༡༦ བར་༸གོང་ས་རྒྱལ་བ་རིན་པོ་མཆོག་སོག་ཡུལ་དུ་ཆིབས་བསྒྱུར་བསྐྱངས་བའི་གལ་གནད་སོགས་ཀྱི་སྐོར་བགྲོ་གླེང་གནང་ཡོད།

གསར་འགོད་པ། བྱམས་པ་ཚེ་རིང་། བསྟན་འཛིན་ཕུར་བུ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

ཆུ་ཚོད་ ༦ སྔོན་ལ།
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

ཆུ་ཚོད་ ༨ སྔོན་ལ།
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese