མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་ལ་སངས་རྒྱས་ཀྱི་ཕྱག་གི་རིང་བསྲེལ་ཞིག་ཕུལ།

བོད་ཀྱི་དུས་བབ།
༢༠༢༤/༠༤/༠༤
Share on FacebookShare on TwitterShare on EmailShare on Whatsapp

སེངྒ་ལ་ནས་སངས་རྒྱས་ཀྱི་རིང་བསྲེལ་ཞིག་བསྣམས་ཕེབས་ཏེ་༧གོང་ས་མཆོག་གིས་འཛམ་གླིང་སྤྱི་དང་ལྷག་པར་སངས་རྒྱས་ཀྱི་བསྟན་པར་མཛད་འཕྲིན་བསྐྱངས་པར་བཀའ་དྲིན་རྗེས་དྲན་མཚོན་སླད་ཕུལ་སོང་།

ཤྲི་ལངྒའི་རཱ་ཇཱ་གུ་རུ་ཤྲཱི་སུ་བྷུ་ཏི་མཧཱ་བི་ཧཱ་ར་ཡའི་དགོན་པའི་(the Raja Guru Shri Subuti Mahavihara Monastery of Sri Lanka)རྟེན་གྱི་གཙོ་བོ་སེར་སྐྱའི་གྲོང་ནས་རྙེད་པའི་སྟོན་པ་ཐུབ་པའི་དབང་པོའི་རིང་བསྲེལ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ཐུགས་དམ་གྱི་རྟེན་དུ་འབུལ་ལམ་ཞུ། ༢༠༢༤།༠༤།༠༤ ཐད་གཏོང་གི་བརྙན་པར།

དེ་རིང་སྔ་དྲོ་ཆུ་ཚོད་ ༨ ཙམ་གྱི་སྟེང་གྷ་གྷལ་གནམ་ཐང་བརྒྱུད་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་བར་དུ་བཞུགས་སྒར་ཁུལ་གྱི་སེར་སྐྱ་མི་མང་གིས་དགའ་དད་སྤྲོ་གསུམ་གྱི་ངང་ནས་སེངྒ་ལ་ནས་བསྣམས་ཕེབས་པའི་སངས་རྒྱས་ཀྱི་ཕྱག་གི་རིང་བསྲེལ་ཞིག་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཕེབས་བསུ་ཞུས་པ་མ་ཟད། སྐབས་དེར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་སྐུ་དངོས་སུ་ཕོ་བྲང་གི་སྒོ་འགྲམ་དུ་ཕེབས་ཏེ། སངས་རྒྱས་ཀྱི་རིང་བསྲེལ་ཕོ་བྲང་དུ་གདན་འདྲེན་ཞུས་གནང་སོང་།

དེ་རིང་བཞུགས་སྒར་དུ་སངས་རྒྱས་ཀྱི་རིང་བསྲེལ་བསྣམས་ཕེབས་མཁན་ནི་སེངྒ་ལའི་ནང་པའི་བླ་ཆེན་ (Waskaduwa Mahindawamsa Nayaka Thero) མཆོག་ཡིན་པ་དང་། དེ་འབྲེལ་ཐད་སྐྱབས་རྗེ་ཡོངས་འཛིན་གླིང་རིན་པོ་ཆེ་མཆོག་གིས། ང་རང་ཕྱི་ལོ་ ༢༠༢༢ ལོར་སེངྒ་ལར་གནས་མཇལ་དུ་ཕྱིན་སྐབས། སེངྒ་ལའི་བླ་ཆེན་ཁོང་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཛམ་གླིང་སྤྱིའི་བདེ་རྩ་དང་ལྷག་དོན་སངས་རྒྱས་ཀྱི་བསྟན་པར་མཛད་འཕྲིན་བསམ་གྱི་མི་ཁྱབ་པ་བསྐྱངས་པར་བཀའ་དྲིན་རྗེས་དྲན་མཚོན་སླད་རིང་བསྲེལ་ཞིག་འབུལ་རྒྱུ་ཡིན་པའི་དགོངས་འཆར་གསུངས་པ་དང་སྦྲགས། སྐྱབས་རྗེ་གླིང་རིན་པོ་ཆེ་མཆོག་ནས་༧གོང་ས་མཆོག་ལ་སྙན་གསེང་ཞུས་ཏེ་རིང་བསྲེལ་འབུལ་ལམ་གྱི་མཐུན་འགྱུར་ཞུ་དགོས་པའི་བཀའ་འདྲི་གནང་དོན་ལྟར། ད་ལན་དངོས་སུ་༧གོང་ས་མཆོག་ལ་ཕུལ་ཐུབ་པའི་བརྒྱུད་རིམ་འདི་བྱུང་ཡོད་སྐོར་གསུངས་སོང་།

དེ་རྗེས་རིང་བསྲེལ་ཕོ་བྲང་དུ་གདན་འདྲེན་ཞུས་ཏེ་༧གོང་ས་མཆོག་ལ་གཟིགས་འབུལ་ཞུས་གྲུབ་མཚམས། ༧མགོན་པོ་གང་ཉིད་མཆོག་གིས། སངས་རྒྱས་སྐུ་འཁྲུངས་པ་ནས་སངས་རྒྱས་ཀྱི་ཆོས་འཛམ་གླིང་ནང་དར་རྒྱས་བྱུང་ཡོད། དམིགས་བསལ་དཔལ་དཔལ་ན་ལནྡྲའི་ཆོས་བརྒྱུད་དར་རྒྱས་བྱུང་ཡོད། ང་ཚོས་མིའི་རྣམ་དཔྱོད་སྤྱད་དེ་སངས་རྒྱས་ཀྱི་ཆོས་ལ་དཔྱད་པ་གཏོང་དགོས་པ་དང་ཚན་རིག་པ་མང་པོས་ནང་ཆོས་ལ་དོ་སྣང་སྤྲོད་ཀྱིན་འདུག སངས་རྒྱས་ཀྱི་ཆོས་ནི་དད་པ་ཙམ་མིན་པར་མིའི་སེམས་ཁམས་དང་འབྲེལ་བ་ཞིག་ཡིན་དུས། ཧ་ཅང་ལེགས་པོ་ཡོད། ཁ་སང་དེ་རིང་ཆོས་ལ་ཡིད་ཆེས་མེད་མཁན་གྱི་ཚན་རིག་པ་ཚོས་ཀྱང་སངས་རྒྱས་ཀྱི་ཆོས་ལ་དོ་སྣང་རྣམ་དག་བྱེད་ཀྱིན་འདུག ཅེས་གསུངས།

གསར་འགོད་པ། དོན་གྲུབ་བཀྲ་ཤིས། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Tibet Trade. Photo: Kathmandu Post
Mobile App

ཕྱི་ཟླ་ ༨ པར་རྒྱ་གར་གྱི་ཚོང་པ་རྣམས་བོད་ནང་དངོས་སུ་ཤར་གཏོང་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༡༣ སྔོན་ལ།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གིས་ལ་དྭགས་ཀྱི་གཞོན་སྐྱེས་ཚོར་དམིགས་བསལ་གསུང་འཕྲིན་བསྩལ།

ཆུ་ཚོད་ ༡༤ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དབྱིན་ཇིའི་སྲིད་བློན་གསར་བར་འཚམས་འདྲི་མཛད།

༢༠༢༦/༠༧/༢༡
ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

གསེར་རྟ་བླ་རུང་སྒར་གྱི་གྲྭ་ཤག་གཅིག་སྟོང་ལྷག་གཏོར་བཤིག་གཏང་རྒྱུ་ཡིན་འདུག

༢༠༢༦/༠༧/༢༡
༸གོང་ས་མཆོག གསར་འགྱུར།

སངས་རྒྱས་པའི་ཆོས་ཀྱི་སེམས་བཟང་པོ་བྱེད་པ་ནི་འཛམ་གླིང་འདིར་ཕན་ཐོགས་ཡོད་པ་ཞིག་ཡིན།

༢༠༢༦/༠༧/༢༠
ཕྱི་ལོ་ ༢༠༢༦  ལོའི་འཛམ་གླིང་རྐང་སྤོལ་འགྲན་ཚོགས་ཀྱི་རྟིང་རྩོད་འགྲན་སྡུར་ཁྲོད་སི་པེན་རྒྱལ་ཁབ་ཀྱིས་གསེར་གྱི་བུམ་པ་དེ་བཀྱགས་སོང་།
Mobile App

སི་པེན་གྱིས་ཕྱི་ལོ་ ༢༠༢༦ ལོའི་འཛམ་གླིང་རྐང་སྤོལ་གྱི་གསེར་བུམ་བཀྱགས་སོང་།

༢༠༢༦/༠༧/༢༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese