མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གཞུང་གིས་ཨ་ཚོགས་དགོན་བདེ་ཆེན་ཆོས་འཁོར་གླིང་གནས་སྤོར་བྱེད་མགོ་བརྩམས་འདུག

བོད་ཀྱི་དུས་བབ།
༢༠༢༤/༠༤/༡༡
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་རྨ་ཆུའི་རྒྱུད་དུ་ཆུ་གློག་ས་ཚིགས་རྒྱག་བཞིན་པ་དང་བསྟུན་ཨ་ཚོགས་དགོན་དངོས་སུ་གནས་སྤོར་བྱེད་མགོ་བཙུགས་ཡོད་པ་དང་ཐང་ནག་སྡེ་བ་སྟོད་སྨད་བར་གསུམ་གནས་སྤོར་བྱེད་པའི་བཙན་བཀའ་བཏང་ཡོད་འདུག

ཨ་ཚོགས་དགོན་བདེ་ཆེན་ཆོས་འཁོར་གླིང་དངོས་སུ་གནས་སྤོར་བྱེད་མགོ་བཙུགས།

རྒྱ་ནག་གཞུང་གིས་བོད་མཚོ་ལྷོ་ཁུལ་བྲག་དཀར་རྫོང་ཁོངས་ཀྱི་དཀར་མོ་གཡས་འཁྱིལ་རྨ་ཆུའི་འགྲམ་བརྒྱུད་དུ་གཡང་འཁྱིལ་ཆུ་གློག་ས་ཚིགས་ཟེར་བ་ཞིག་རྒྱག་བཞིན་ཡོད་པའི་རྐྱེན་གྱིས། ཉེ་འགྲམ་དུ་ཆགས་པའི་ཨ་ཚོགས་དགོན་བདེ་ཆེན་ཆོས་འཁོར་གླིང་དཔལ་ཁ་གྲོང་རྡལ་ནས་སྤྱི་ལེ་གསུམ་བཞི་ཙམ་གྱི་མཚམས་སུ་ཡོད་པའི་ཁྱོ་དཀར་ནག་ལོ་ཞེས་པའི་རི་སྣ་ཞིག་ཡོད་པ་དེར་གནས་སྤོར་དགོས་པའི་བཀའ་བཏང་ཡོད་པ་ལྟར། ཉེ་ལམ་རྒྱ་གཞུང་གིས་རྨ་ཆུའི་གཡང་འཁྱིལ་ཆུ་གློག་ས་ཚིགས་བྲག་དཀར་རྫོང་ཨ་ཚོགས་དགོན་པ་གནས་སྤོར་བྱེད་པའི་བཟོ་སྐྲུན་མཛད་སྒོ་ཟེར་བ་ཞིག་བསྡུས་ཏེ། ཨ་ཚོགས་དགོན་པ་དངོས་སུ་གནས་སྤོར་མགོ་བརྩམས་ཡོད་པ་མ་ཟད། ཆུ་གློག་ས་ཚིགས་འཛུགས་སྐྲུན་དང་འབྲེལ་ནས་ཉེ་འཁྲིས་ཀྱི་ཐང་ནག་སྟོད་སྨད་བར་གསུམ་གྱི་ཁྱིམ་ཚང་ ༡༠༨༥ ཡི་མི་གྲངས་ ༤༥༥༤ གནས་སྤོར་བྱེད་དགོས་པའི་བཀའ་བཏང་ཡོད་འདུག

རྒྱ་ནག་གཞུང་གིས་ཨ་ཚོགས་དགོན་པ་རིག་དངོས་སྲུང་སྐྱོབ་སྡེ་ཚན་ཁོངས་ནས་རྩིས་མེད་བཏང་བའི་གསལ་བསྒྲགས་ཤིག་སྤེལ་བའི་ནང་དུ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིག་དངོས་སྲུང་སྐྱོབ་བཅའ་ཁྲིམས་དང་རིག་དངོས་ངོས་འཛིན་དོ་དམ་གནས་སྐབས་ལག་བསྟར་བྱེད་ཐབས་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར། ཆེད་མཁས་གདན་འདྲེན་ཞུས་ནས་ཡུལ་དངོས་ཞིབ་དཔྱད་དང་རྒྱུ་ཆ་ཀློག་པ། གྲྭ་བཙུན་དང་ཆོས་དད་མང་ཚོགས་ཁྲོད་སོང་ནས་འདྲི་རྩད་བྱེད་པ། འབྲེལ་ཡོད་ལས་ཁུངས་ལ་བསམ་འཆར་བསྡུ་ལེན། ཞིབ་དཔྱད་གྲོས་ཚོགས་ཚོགས་པ་བཅས་ཀྱི་བྱེད་ཐབས་སྤྱད་ནས་ཨ་ཚོགས་དགོན་ད་ཡོད་ཀྱི་ཚོགས་ཆེན་འདུ་ཁང་དང་བྱམས་ཁང་གཉིས་ནི་དེང་རབས་ཀྱི་གནའ་སྲོལ་ལད་བཟོས་ཡིན་ཞིང་། ངེས་པ་དོན་གྱི་རིག་དངོས་འཛུགས་སྐྲུན་དུ་ངོས་འཛིན་བྱེད་པའི་ཚད་གཞིར་ཐོན་མེད་པས། ཨ་ཚོགས་དགོན་གྱི་རྫོང་རིམ་པའི་རིག་དངོས་སྲུང་སྐྱོབ་སྡེ་ཚན་གྱི་ཐོབ་ཐང་རྩིས་མེད་གཏོང་བའི་གྲོས་གཞི་བཏོན། རྫོང་རིག་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས་ཀྱིས་ཞིབ་འཇུག་བྱས་ཏེ་རྫོང་སྲིད་གཞུང་གི་ཐེངས་ ༢༢ པའི་རྒྱུན་ལས་གྲོས་ཚོགས་ལ་སྙན་ཞུ་ཞུས་ནས་གྲོས་འཆམ་བྱུང༌། བྲག་དཀར་རྫོང་ཨ་ཚོགས་དགོན་གྱི་རྫོང་རིམ་པའི་རིག་དངོས་སྲུང་སྐྱོབ་སྡེ་ཚན་རྩིས་མེད་གཏོང་རྒྱུ་ཡིན། ཞེས་འཁོད་འདུག

གཡང་འཁྱིལ་ཆུ་གློག་ས་ཚིགས་ཟེར་བ་དེ་ཕྱི་ལོ་ ༢༠༢༡ ཟླ་ ༡༢ བའི་ཚེས་ ༢༦ ཉིན་ནས་སྔ་རྗེས་སུ་རྟོག་ཞིབ་རུ་ཁག་བསླེབས་ནས་ཞིབ་འཇུག་དང་རྒྱུས་ལོན་བྱེད་འགོ་བཙུགས་ཡོད་པ་དང་། ཆུ་གློག་འཛུགས་སྐྲུན་གྱི་འགན་གཙོ་བོ་རྨ་ཆུ་ཀུང་སི་ཟེར་བ་ཞིག་གིས་འཁུར་ཡོད་འདུག  རྒྱ་ནག་གཞུང་ཕྱོགས་ནས་ལས་གཞི་དེ་ནི་རྒྱལ་ཁབ་འཕེལ་འགྱུར་ཨུ་ཡོན་ལྷན་ཁང་ཟེར་བ་དེས་ཆུ་གློག་ས་ཚུགས་ཀྱི་ལས་གཞི་དེར་ཆོག་མཆན་སྤྲད་ཡོད་ལུགས་དང་། ཕྱི་ལོ་ ༢༠༢༢ ནས་ ༢༠༢༣ བར་འཆར་གཞི་ལྟར་དུ་འཛུགས་སྐྲུན་ལེགས་འགྲུབ་བྱུང་དགོས་ལུགས་དྲིལ་བསྒྲགས་བྱས་འདུག

ཆུ་གློག་ས་ཚིགས་དེ་མཚོ་ལྷོ་ཁུལ་བྲག་དཀར་རྫོང་དང་མང་ར་རྫོང་གཉིས་མཚམས་ཀྱི་དཀར་མོ་གཡས་འཁྱིལ་ཞེས་པའི་ལུང་གཞོང་དུ་རྒྱུ་བའི་རྨ་ཆུའི་འགྲམ་རྒྱུད་དུ་འཛུགས་སྐུན་བྱེད་བཞིན་ཡོད་པ་དང་། རྒྱ་ནག་གཞུང་ཕྱོགས་ཀྱི་དྲིལ་བསྒྲགས་ནང་དུ། ཆུ་མཛོད་དེའི་ཤོངས་ཚད་སྟོང་ཝ་ཁྲི་ ༡༢༠  དང་། ཆུ་གློག་ས་ཚིགས་ལེགས་གྲུབ་བྱུང་རྗེས་ཆུ་ཚོད་རེ་སྟོང་ཝ་ཁྲི་ ༤༧།༣༢ གཏང་རྒྱུ་ཡིན་ལུགས་བརྗོད་འདུག

ཨ་ཚོགས་དགོན་བདེ་ཆེན་ཆོས་འཁོར་གླིང་ནི་མཚོ་ལྷོ་བྲག་དཀར་རྫོང་དཔལ་ཁ་གྲོང་རྡལ་དཀར་མོ་གཡས་འཁྱིལ་རྨ་ཆུའི་འགྲམ་དུ་ཆགས་ཡོད་པ་དང་། དགོན་པ་དེ་ནི་ཕྱི་ལོ་༡༨༨༩ ལོར་ཨ་ཚོགས་མཆོག་སྤྲུལ་དཀོན་མཆོག་ཆོས་དར་མཆོག་གིས་ཕྱག་བཏབ་པ་ཞིག་ཡིན་འདུག  ད་ལྟ་དགོན་པ་དེར་སློབ་གཉེར་གནང་མཁན་དགེ་འདུན་པ་ཞལ་གྲངས་ ༡༥༧ ལྷག་ཡོད་ཅིང་། ཕྱི་ལོ་༢༠༢༡ ལོའི་སྟོན་མཇུག་ནས་བཟུང་རྒྱ་གཞུང་གིས་རང་ལོ་༡༨ མ་ཟིན་པའི་དགེ་འདུན་པ་རྣམས་དགོན་པར་འཛུལ་ཞུགས་མི་ཆོག་པ་བཟོས་ཡོད་འདུག  ཕྱི་ལོ་༢༠༡༤ ནས་༢༠༡༧ བར་རྒྱ་གཞུང་གིས་དཀར་མོ་གཡས་འཁྱིལ་གྱི་ཟམ་ཆེན་བསྐྱར་དུ་འཛུགས་སྐྲུན་བྱས་ཏེ། མང་ཚོགས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་དང་དཔལ་འབྱོར་འདུ་འགོད་ལ་ཕན་ཐོགས་ཆེ་ལུགས་བཤད་དེ། ཟམ་པ་རྒྱ་ཆེ་རུ་བཏང་ཡོད་ནས་ཆུ་གློག་ས་ཚིགས་འཛུགས་སྐྲུན་ལ་སྟབས་བདེ་བསྐྲུན་ཡོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese