མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ནུབ་ཕྱོགས་རྒྱལ་ཁབ་གསུམ་གྱིས་རྒྱ་ནག་ལ་ཁ་གཏད་གཅོག་ཐབས་རྒྱ་སྐྱེད་གཏོང་གིན་འདུག

བོད་ཀྱི་དུས་བབ།
༢༠༢༤/༠༤/༡༡
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཕྱི་ཚེས་ ༡༠ ཉིན་ཉི་ཧོང་གི་སྲིད་བློན་ཧྥུ་མིའོ་ཀི་ཤི་ཌ་མཆོག་དང་ཨ་རིའི་སྲིད་འཛིན་རྗོ་བྷའེ་ཌིན་མཆོག་རྣམ་གཉིས་ཐུག་འཕྲད་ཀྱིས་རྒྱལ་ཁབ་གཉིས་ཀྱི་དམག་ཤུགས་རྒྱ་སྐྱེད་གཏོང་རྒྱུ་སོགས་ཀྱི་སྐོར་ལ་གླེང་སློང་གནང་ཡོད་འདུག

From left, Yuko Kishida, Fumio Kishida, Joe Biden and Jill Biden at the South Portico of the White House on Tuesday. Andrew Caballero-Reynolds / AFP – Getty Images

དེ་རིང་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པའི་ནང་། ཟླ་འདིའི་ཕྱི་ཚེས་ ༨ ནས་ ༡༤ བར་ཉིན་གྲངས་བདུན་གྱི་རིང་ཉི་ཧོང་གི་སྲིད་བློན་སྐུ་ཞབས་ཧྥུ་མིའོ་ཀི་ཤི་ཌ་ (Fumio Kishida) མཆོག་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་གནང་མུས་ཡིན་པ་ལྟར། ཁ་སང་ཕྱི་ཚེས་ ༡༠ ཉིན་ཉི་ཧོང་གི་སྲིད་བློན་སྐུ་ཞབས་ཧྥུ་མིའོ་ཀི་ཤི་ཌ་མཆོག་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ཌི་སི་ (Washington D.C.) རུ་ཕེབས་ནས་ཨ་རིའི་སྲིད་འཛིན་རྗོ་བྷའེ་ཌིན་ (Joe Biden) མཆོག་དང་དངོས་སུ་ཐུག་འཕྲད་གནང་སྟེ། རྒྱ་ནག་དང་ཐའེ་ཝན་གྱི་གནད་དོན་དང་། མཉམ་འབྲེལ་དམག་སྲིད་རྒྱ་སྐྱེད་སྔར་ལྷག་གཏོང་རྒྱུ། དེ་བཞིན་ཨུ་རུ་སུ་དང་ཡུ་ཁུ་རེན་གྱི་དམག་འཁྲུག་སོགས་གླེང་སློང་བྱས་པ་དང་བསྟུན། རྒྱལ་ཁབ་གཉིས་བར་རྒྱལ་སྲུང་དང་འབྲེལ་བའི་གྲོས་ཆོད་ ༧༠ བཞག་ཡོད་འདུག

དེ་འབྲེལ་ཉི་ཧོང་གི་སྲིད་བློན་དང་ཨ་རིའི་སྲིད་འཛིན་རྣམ་གཉིས་གྱིས་མཉམ་འབྲེལ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་སྐབས། ཨ་རིའི་སྲིད་འཛིན་གྱིས། ཨ་རི་དང་ཉི་ཧོང་གཉིས་ཀྱི་འབྲེལ་ལམ་དེ་ཁ་བྲལ་ཐབས་མེད་པ་ཞིག་ཡིན་པ་དང་། རྒྱལ་ཁབ་གཉིས་མཉམ་ལས་ཀྱིས་འབྲེལ་ལམ་ཡར་རྒྱས་བཏང་སྟེ། རྒྱ་ནག་གཞུང་ལ་ཁ་གཏད་གཅོག་ཐབས་སུ་ཉི་ཧོང་ནང་ཨ་རིའི་དམག་དཔུང་མངག་གཏོང་གིས་ཉི་ཧོང་གི་དམག་ཤུགས་གོང་མཐོར་གཏོང་རྒྱུ་ཡིན་པ་མ་ཟད། ཉི་ཧོང་དང་། ཨ་རི། ཨོ་གླིང་བཅས་རྒྱལ་ཁབ་གསུམ་མཉམ་འབྲེལ་གྱིས་མཁའ་དམག་དང་གོ་མཚོན་སོགས་ཀྱི་དམག་ཤུགས་སྔར་ལྷག་རྒྱ་སྐྱེད་དང་། རྒྱལ་སྲུང་སླད་མཉམ་འབྲེལ་ཐོག་མེ་ཤུགས་འཕུར་མདའ་གསར་བཟོ་སོགས་བྱ་རྒྱུ་ཡིན་ཁར། ད་དུང་ཨ་རི་དང་ཉི་ཧོང་། དབྱིན་ཡུལ་བཅས་རྒྱལ་ཁབ་གསུམ་མཉམ་འབྲེལ་གྱིས་དམག་སྦྱོང་བྱ་འཆར་ཡོད་སྐོར་སོགས་འགྲེལ་བརྗོད་གནང་ཡོད་འདུག

ཉི་ཧོང་གི་སྲིད་བློན་ཧྥུ་མིའོ་ཀི་ཤི་ཌ་མཆོག་གིས། ཐེངས་འདིའི་ཐུག་འཕྲད་སྐབས་ཐའེ་ཝན་དང་རྒྱ་ནག་བར་རྩོད་རྙོག་ཆེ་བའི་གནད་དོན་དང་། ཨུ་རུ་སུ་དང་ཡུ་ཁུ་རེན་གྱི་དམག་འཁྲུག བཅོས་མའི་རིག་རྩལ། དཔལ་འབྱོར་སོགས་ཀྱི་ཐོག་ལ་གླེང་སློང་གནང་ཡོད་སྐོར་དང་། རྒྱལ་ཁབ་གཉིས་མཉམ་འབྲེལ་གྱིས་ཚོང་འབྲེལ་དང་། རྒྱལ་སྲུང་སླད་གོ་མཚོན་ཚུད་པའི་དམག་ཤུགས་རྒྱ་སྐྱེད་གཏོང་རྒྱུ་ཡིན་སྐོར་སོགས་བརྗོད་ཡོད་འདུག

འདས་པའི་ལོ་ཤས་རིང་ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་རྒྱ་གར་དང་། ཉི་ཧོང་། ཨོ་གླིང་བཅས་ཀྱིས་རྒྱ་ནག་གཞུང་ལ་ཁ་གཏད་གཅོག་གི་ཡོད་ཅིང་།  རྒྱ་གར་ཞི་བདེ་རྒྱ་མཚོའི་མངའ་ཁུལ་དུ་ཨ་རི་དང་ཉི་ཧོང། རྒྱ་གར། ཨོ་གླིང་བཅས་ནས་མཉམ་འབྲེལ་དམག་སྦྱོང་བྱས་ཏེ། ཨེ་ཤ་ཡའི་ཁུལ་དུ་རྒྱ་ནག་གཞུང་གི་དབང་ཤུགས་སྐྱེད་པར་འགོག་རྒོལ་དང་། རྒྱ་གར་ཞི་བདེ་རྒྱ་མཚོའི་ཁུལ་དུ་བརྟན་བརླིང་ཡོང་ཆེད་མཉམ་ལས་བྱེད་ཀྱི་ཡོད་འདུག དེ་ཡང་འདས་ལོའི་ཕྱི་ཟླ་ ༡ ཚེས་ ༡༦ ནས་ ༢༦ བར་ཉིན་གྲངས་བཅུ་གཅིག་རིང་རྒྱ་གར་དང་ཉི་ཧོང་གཉིས་ཀྱིས་རྒྱ་ནག་ལ་ཁ་གཏད་གཅོག་སླད། ཉི་ཧོང་གི་རྒྱལ་ས་ཊོག་ཡོའི་བྱང་ཤར་ཁུལ་དུ་ཡོད་པའི་མཁའ་དམག་ལྟེ་གནས་སུ་རྒྱལ་ཁབ་གཉིས་མཉམ་འབྲེལ་གྱིས་མཁའ་ལམ་དམག་སྦྱོང་སོགས་བྱས་ཏེ་དམག་ཤུགས་རྒྱ་སྐྱེད་བཏང་དང་གཏོང་མུས་ཡིན་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

TTTT
Mobile App

དྷ་སར་བོད་རང་དབང་འཐབ་རྩོད་པའི་ལྷན་འཛོམས་འཚོག་རྒྱུ་རེད་འདུག

ཆུ་ཚོད་ ༡༡ སྔོན་ལ།
༸གོང་ས་མཆོག་གི་མཛད་རྣམ་དངོས་བྱུང་གློག་བརྙན་བདེ་སྐྱིད་ཀྱི་ཤེས་རབ།
Mobile App

བདེ་སྐྱིད་ཀྱི་ཤེས་རབ་ཅེས་པའི་གློག་བརྙན་ལ་ཧ་ཝར་ཌི་གཙུག་ལག་སློབ་ཆེན་གྱི་ལྟད་མོ་བའི་གློག་བརྙན་རྩེ་ཕུད་ཀྱི་བྱ་དགའ་ཐོབ།

ཆུ་ཚོད་ ༡༡ སྔོན་ལ།
Tsadha County Nomad in haixi mongolian and Tibetan autonomous prefecture, Qinghai province
Mobile App

འབྲོག་པའི་ནོར་ལུག་སྔར་ལས་མང་བ་བཤས་རར་འདེད་དགོས་པའི་སྐུལ་འདེད་ཚོགས་འདུ་བསྡུས།

ཆུ་ཚོད་ ༡༢ སྔོན་ལ།
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས།
Mobile App

རྒྱལ་ཚོགས་ཀྱིས་རྒྱ་གཞུང་གི་ཁྲིམས་ཡིག་གསར་པར་སྐྱོན་བརྗོད་བྱས།

ཆུ་ཚོད་ ༡༤ སྔོན་ལ།
Front Slider

ཚོགས་སྡེ་གཉིས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

ཆུ་ཚོད་ ༡༤ སྔོན་ལ།
ཚོགས་སྡེ་གཉིས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༦།༤།༢༢
༸གོང་ས་མཆོག གསར་འགྱུར།

ཚོགས་སྡེ་གཉིས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། 

ཆུ་ཚོད་ ༡༥ སྔོན་ལ།

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese