ཨ་རིའི་ཕྱི་ལོ་ ༢༠༢༣ ལོའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོའི་ནང་རྒྱ་ནག་གཞུང་གིས་བོད་སོགས་བཙན་བཟུང་བྱས་པའི་ཡུལ་ལུང་ཁག་གི་ནང་བཙན་གནོན་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་པ་མ་ཟད་རྒྱལ་མཚམས་ལས་བརྒལ་ཏེ་གནོན་ཤུགས་སྤྲོད་བཞིན་ཡོད་པ་ཐེར་འདོན་གནང་འདུག
ཨ་རིའི་ཕྱི་སྲིད་བློན་ཆེན་སྐུ་ཞབས་ཨན་ཊོ་ནེ་བྷི་ལི་ཁིན་མཆོག ༢༠༢༤། ༤། ༢༣ པར་ཨ་རིའི་རྒྱལ་སྲིད་ལས་ཁུངས་ཀྱི་ཐད་གཏོང་ནས་བླངས།
ཁ་སང་ཕྱི་ཚེས་ ༢༣ ཉིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི ས་ཕྱི་ལོ་ ༢༠༢༣ ལོའི་ཧོང་ཀོང་དང་། བོད། མེ་ཁའོ་སོགས་ཚུད་པའི་རྒྱ་ནག་དང་ འཛམ་གླིང་གི་རྒྱལ་ཁབ་ ༢༠༠ ཡི་འགྲོ་བ་མིའི་ཐོབ་ཐང་སྐོར་ལ་ལོ་འཁོར་སྙན་ཐོ་ཞིག་འདོན་པའི་ནང་། རྒྱ་ནག་གཞུང་གིས་བོད་དང་། ཤར་ཏུ་ཀི་སི་ཐན་སོགས་སུ་ཚད་ལས་ འདས་པའི་བཙན་གནོན་དང་། བོད་མི་སོགས་ལ་རྒྱལ་མཚམས་ལས་བརྒ ལ་ནས་གནོན་ཤུགས་སྤྲོད་ཀྱིན་ཡོད་ པ་མ་ཟད། རྒྱ་ནག་གཞུང་གིས་ཁྲིམས་མཐུན་མི ན་པའི་ཐོག་ནས་བོད་ཀྱི་རྩོམ་པ་པོ ་གྲགས་ཅན་སྒོ་ཤེས་རབ་རྒྱ་མཚོ་ལགས་ དང་། ཚོང་དཔོན་རྡོ་རྗེ་བཀྲ་ཤིས་སོགས་ བཙོན་འཇུག་བྱས་ཡོད་སྐོར་སོགས་གསལ་འདུ ག་ལ། ཨ་རིས་འགྲོ་བ་མིའི་ཐོབ་ཐང་རྡོག་ རོལ་གཏོང་མཁན་རྣམས་ལ་ངོ་རྒོལ་ཤུགས་ཆེ ན་ཡོད་སྐོར་སོགས་བསྒྲགས་འདུག
སྙན་ཐོ་གསལ་བསྒྲགས་གནང་སྐབས་ཨ་རིའི་ཕྱི་སྲིད་བློན་ཆེན་སྐུ་ ཞབས་ཨན་ཊོ་ནེ་བྷི་ལིན་ཁི ན་(Antony J. Blinken) མཆོག་གིས། སྙན་ཐོ་འདིའི་ནང་རྒྱ་ནག་གཞུང་གི ས་བོད་དང་། ཧོང་ཀོང་སོགས་སུ་འགྲོ་བ་མིའི་ གཞི་རྩའི་ཐོབ་ཐང་ལ་རྩིས་མེད་རྡོག་ རོལ་གཏོང་མུས་ཡིན་པའི་གནད་དོན་ དང་། མི་རིགས་རྩ་མེད་གཏོང་བའི་སྲིད་ ཇུས་སོགས་ཀྱི་སྐོར་དང་། རྒྱ་ནག་ནང་དམངས་གཙོ་དོན་གཉེར་ བ་རྣམས་ལ་དྲག་གནོན་བྱེད་ཀྱི་ཡོ ད་པའི་གནད་དོན་གྱི་སྐོར་སོགས་ གསལ་ཡོད་ལ། ཨ་རི་དང་ཨ་རིའི་མཐུན་ཕྱོགས་རྒྱ ལ་ཁབ་ཁག་གིས་འགྲོ་བ་མིའི་གཞི་རྩའི ་ཐོབ་ཐང་ལ་རྡོག་རོལ་གཏོང་མཁན་ཚོ ར་ངོ་རྒོལ་ཆེན་པོ་ཡོད་སྐོར་སོ གས་གསུངས་འདུག
དེ་ཡང་སྙན་ཐོའི་ནང་། འདས་པའི་ལོ་ཤས་རིང་རྒྱ་ནག་གཞུང་ གིས་བོད་དང་ཡུ་གུར་གཙོས་ རྒྱ་ནག་གཞུང་གི་བཙན་གནོན་གྱི་འོ ག་ཏུ་ཡོད་པའི་མི་རིགས་རྣམས་ལ་ ནག་ཉེས་སྣ་ཚོགས་གཡོགས་ནས་འཛིན་ བཟུང་བཀག་ཉར་དང་། ཁྲིམས་མཐུན་མིན་པའི་ཐོག་ནས་གསང་ བའི་ཁྲིམས་ཐག་གཅོད་ཀྱི་ཡོད་པ། གནམ་སྡེ་སྒོ་མོ་ཆེའི་ ཞི་རྒོལ་གྱེན་ལངས་གཙོས་བོད་ཀྱི་ལོ་རྒྱུས་ཐོག་གི་དུས་དྲ ན་སོགས་སུ་འདུ་འཛོམས་ དང་ཕྱིར་བསྐྱོད་རིགས་ལ་སོ་ཉུལ་ དང་ལྟ་རྟོག་ནན་མོ་བྱེད་ཀྱི་ཡོད་ སྐོར་དང་། རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ པའི་སྒོ་ཤེས་རབ་རྒྱ་མཚོ་དང་། ཚོང་དཔོན་རྡོ་རྗེ་བཀྲ་ཤིས་གཙོས་དམངས་གཙོ་དོན་གཉེར་བ་ དང་ཤར་ཏུ་ཀི་སི་ཐན་གྱི་ཆབ་སྲིད་ བཙོན་པ་མང་དག་ཅིག་ལ་ཉེས་མེད་ཁྲི མས་ཐག་བཅད་ནས་ད་ལྟའི་དངོས་ཡོད་ ཀྱི་གནས་སྟངས་གསལ་པོ་ཤེས་རྟོགས་ བྱུང་གི་མེད་པའི་ཁར། ཆབ་སྲིད་བཙོན་པ་མང་དག་ཅིག་ཀློད་ གྲོལ་ཚར་རྗེས་སུའང་ཁྲིམས་ཀྱི་ཁེ་དབང་མེད་པ་དང་། འདུ་འཛོམས། དཔེ་དེབ་སོགས་འགྲེམས་སྤེལ་གྱི་ གཞི་རྩའི་ཐོབ་ཐང་སྤྲོད་ཀྱི་མེད་ པ་མ་ཟད། ཡུལ་ལུང་གཞན་དུ་བགྲོད་སྐབས་ཆོག་ མཆན་ཞུ་དགོས་སྐོར་སོགས་གསལ་འདུག
སྙན་ཐོའི་ནང་། རྒྱ་ནག་གཞུང་གིས་གྲངས་ཉུང་མི་རི གས་ཚོར་ཕྱི་རྒྱལ་དུ་ཡོད་པའི་རང་ གི་གཉེན་ཉེ་སོགས་སུ་འབྲེལ་བ་བྱེད་པར་དམ་དྲག་དང་། རྒྱལ་ཁབ་གཞན་དུ་གནས་སྡོད་བྱེད་ མུས་ཡིན་པའི་བོད་མི་དང་། ཡུ་གུར་བ་སོགས་ལ་ཐོངས་མཆན་མི་སྤྲོ ད་པའམ། དུས་འགྱངས་བསྐྱར་གསོ་བྱེད་ཀྱི་ མེད་སྐོར་དང་། བོད་མི་སོགས་ཀྱིས་ཕྱིའི་རྒྱལ་ ཁབ་ཁག་ཏུ་གནས་སྡོད་བྱེད་མུས་ཡི ན་པའི་རང་གི་ཉེ་འབྲེལ་སོགས་ལ་སྐ ད་ཆ་བཤད་སྐབས། དྲ་ལམ་ནས་ཉན་ཞིབ་ནན་མོ་དང་སྐད་ ཆ་བཤད་པར་བར་ཆད་གཏོང་བའི་སྒྲ་སོ གས་མངགས་ནས་དམ་དྲག་དང་འབྲེལ་ལམ་ གཅོད་དུ་འཇུག་པ་སོགས། རྒྱལ་ཁབ་ཀྱི་བདེ་འཇགས་དང་བརྟན་ བརླིང་ཟེར་བ་ཞིག་ལ་ཁ་གཡར་ནས་ཕྱི ་ནང་གི་འབྲེལ་ལམ་བཙན་གྱིས་གཅོད་དུ་འཇུག་པ་མ་ཟད། རྒྱ་ནག་གཞུང་གི་ལངས་ཕྱོགས་ལ་མི་ དགའ་བའི་རྣམ་འགྱུར་སྟོན་མཁན་ཚོ ར་མིང་ཐོ་ནག་པོའི་ནང་བཅུག་ནས་ དམ་དྲག་དང་། རྒྱལ་མཚམས་ལས་བརྒལ་ནས་བོད་མི་སོ གས་ལ་སྡིགས་ར་སྐུལ་བ་དང་། སོ་ཉུལ། སུན་གཙེར་ཡང་ཡང་བྱེད་ཀྱི་ཡོད་སྐོ ར་སོགས་གསལ་འདུག
མཇུག་ཏུ་སྙན་ཐོའི་ནང་། གསར་འགོད་པ་དང་རྩོམ་པ་པོ་སོགས་ཀྱིས་རང་གི་འདོད་མོས་བཞིན་རྒྱ་ ནག་གཞུང་གི་ཚུལ་མཐུན་མིན་པའི་གནད་དོ ན་ཐེར་འདོན་དང་། དྲང་ཕྱོགས་ཀྱི་གནད་དོན་བྲི་རྒྱུ ར་དམ་དྲག་ཤུགས་ཆེན་བྱེད་མུས་ཡི ན་ལ། རྒྱ་ནག་གཞུང་འབྲེལ་མི་སྣས་སྔོན་ ནས་བཀོད་སྒྲིག་ཟིན་པའི་གསར་འགོ ད་གསལ་བསྒྲགས་བྱེད་པ་ལས། རྒྱལ་སྤྱི་རིམ་པའི་གསར་འགོད་པ་ སོགས་ལ་ཐུག་འཕྲད་གཏན་ནས་བྱེད་ཀྱི ་མེད་པའི་སྐོར། དེ་བཞིན་རྒྱ་ནག་གཞུང་གིས་ཕྱི་རྒྱ ལ་གྱི་གནད་ཡོད་མི་སྣ་ཁག་བོད་ཀྱི ་ས་ཁུལ་དུ་ཤར་གཏོང་གིས་བོད་མིའི ་འཚོ་བ་དངོས་ལ་རྒྱུས་ལོན་བྱ་རྒྱུ འི་གོ་སྐབས་གཏན་ནས་སྤྲོད་ཀྱི་མེ ད་པའི་སྐོར། འདས་པའི་ལོ་ཤས་གོང་ནས་ལྷོ་སོག་ དང་། བོད། ཤར་ཏུ་ཀི་སི་ཐན་གཙོས་རང་སྐྱོང་ ས་ཁུལ་ཟེར་བ་མང་པོ་ཞིག་ཏུ་རྒྱ་ ནག་གི་སྤྱི་སྐད་ཟེར་བའི་རྒྱ་སྐད་བཙན་གྱིས་སྦྱོང་དུ་བཅུག་ནས། མི་རིགས་རང་གི་ཡུལ་སྲོལ་གོམས་ གཤིས་དང་། སྐད་ཡིག་སོགས་ལས་ཁ་ཐག་ཇེ་རིང་དུ ་གཏོང་ཐབས་བྱེད་ཀྱི་ཡོད་སྐོར་སོ གས་གསལ་འདུག
གསར་འགོད་པ། དཔལ་ལྡན།
རྩོམ་སྒྲིག་པ། པདྨ་མཚོ།