ཁ་སང་རྒྱ་ནག་གི་མགོ་ཁྲིད་ཞི་ ཅིན་ཕིང་ཧྥ་རན་ སིའི་ནང་བསླེབས་པ་དང་བསྟུན་བོད་མི་གཙོས་མི་གྲངས་ ༤༠༠༠ ལྷག་གིས་རྒྱ་ནག་གཞུང་གི་བཙན་གནོན་ལ་ངོ་རྒོལ་ཤུགས་ཆེན་བྱས་ཡོད་འདུག
ཧྥ་རན་སིར་ངོ་རྒོལ་ལས་འགུལ་སྤེལ་སྐབས། པར་ཡུ་རོབ་སྤྱི་འཐུས་ཚ་ཁོ་ཐུབ་བསྟན་རྒྱ་མཚོ་ལགས་ནས་མཁོ་སྤྲོད་གནང་། ༢༠༠༢༤།༥།༥
ཁ་སང་ཕྱི་ཚེས་ ༥ ཉིན་ཧྥ་རན་སི་བོད་རིགས་མཐུན་ཚོ གས་ཀྱི་གོ་སྒྲིག་འོག ཧྥ་རན་སིའི་ཚོགས་པ་དྲུག་ཐུན་མོ ང་གིས་བོད་མི་རིགས་རྩ་མེད་གཏོང་ མཁན་སྲིད་དབང་སྒེར་སྤྱོད་པ་ཞི་ ཅིན་ཕིང་ལ་ངོ་རྒོལ་ཡོད། ཅེས་པའི་འབོད་སྒྲའི་འོག་ནས་རྒྱ་ ནག་གི་མགོ་ཁྲིད་ཞི་ལ་ངོ་རྒོལ་ ལས་འགུལ་རྒྱ་ཆེན་པོ་ཞིག་སྤེལ་ཡོད་ཅིང་། ལས་འགུལ་དེའི་ཁྲོད་ཡུ་ རོབ་རྒྱལ་ཁབ་གསུམ་ལྷག་ནང་གི་བོད་མི ་གཙོས། ཐའེ་ཝན་གྱི་སློབ་ཕྲུག་ཚོགས་པ་ དང་། རྒྱ་ནག་གི་དམངས་གཙོ་དོན་གཉེར་ བའི་ཚོགས་པ་གཉིས། ལྷོ་ཝེ་ཐི་ནམ་གྱི་དམངས་གཙོ་དོན་ གཉེར་བཅས་མི་གྲངས ༤༠༠༠ ལྷག་གིས་མཉམ་ཞུགས་གནང་ཡོད་འདུག
ལས་འགུལ་སྤེལ་སྐབས་གསུང་བཤད་གནང་མཁན་ཡུ་རོབ་སྤྱི་འཐུས་ཚ་ཁོ་ཐུབ་ བསྟན་རྒྱ་མཚོ་ལགས་སུ་འདི་གའི་གསར་འགོད་པས་ཁ་པར་བརྒྱུད་དེའི་སྐོར་བཀའ་འདྲི་ཞུས་པར་ཁོང་གིས། རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་ རྒྱ་ནག་དང་ཧྥ་རན་སིའི་བར་ཚོང་ འབྲེལ་བཙུགས་ནས་མི་ལོ་དྲུག་ཅུ་ འཁོར་བའི་དུས་དྲན་སྲུང་གཙིའི་སླ ད་དུ་ཡོང་བ་ནི་ལོ་རྒྱུས་ཀྱི་དངོ ས་ཡོད་གནས་ཚུལ་ཞིག་ཡིན་ལ། ཧྥ་རན་སིས་རྒྱ་ནག་ནི་རྒྱལ་ཁབ་དེ འི་ཕྱི་སྲིད་ཀྱི་འབྲེལ་ལམ་བཙུ གས་ས་ཐོག་མ་དེ་ཡིན་སྐོར་བཤད་ཀྱི ་ཡོད་ཀྱང་། དོན་དངོས་ཐོག་རྒྱ་ནག་ནི་སྲིད་ དབང་གཅིག་བསྡུད་ཀྱི་གཞུང་ཞིག་ཡི ན་པ་དང་། རང་གི་མི་རིགས་དང་མི་མང་ལ་སྨྲ་ བརྗོད་རང་དབང་མེད་པ། འགྲོ་བ་མིའི་ཐོབ་ཐང་མེད་པ། མི་སེར་སྤེལ་ཡུལ་རིང་ལུགས་ཀྱི་ རྒྱལ་ཁབ་ཅིག་ཡིན་ལ། ལྷག་པར་ཕྱི་ལོ་ ༡༩༥༩ ལོར་རྒྱ་ནག་གཞུང་གིས་བོད་ས་བཙན་ འཛུལ་བྱས་ནས་བོད་ལ་མི་སེར་སྤེལ་ བའི་སྲིད་ཇུས་སོགས་སྤེལ་ཡོད་པ་ ནི་ཧྥ་རན་སིའི་མགོ་ཁྲིད་དང་། བརྒྱུད་ལམ། མི་མང་སོགས་ཀྱིས་ངེས་པར་དུ་ཤེས་ དགོས་པའི་ཁར། རྒྱ་ནག་གཞུང་གིས་གནམ་སྡེ་སྒོ་མོ ་ཆེ་ནས་སློབ་ཕྲུག་སྟོང་ཕྲག་མང་ པོ་ཞིག་དམར་གསོད་དང་། ཡུ་གུར་མི་རིགས་ས་ཡ་གཅིག་ལྷག་ བཙོན་འཇུག་བྱས་ཏེ། ངལ་རྩོལ་དང་བསམ་བློ་བསྒྱུར་བཀོ ད་ཁང་སོགས་སུ་བཙན་གྱིས་བཅུག་ཡོད་པ། མི་རིགས་སྡེབ་གསོད་ཀྱི་ལས་དོན་ མང་དག་ཅིག་གཉེར་མུས་ཡིན་པ་སོགས་ རྒྱ་ནག་ནི་སྨྲ་བརྗོད་རང་དབང་ལ་ བརྩི་འཇོག་གཏན་ནས་མི་བྱེད་མཁན་ ཞིག་ཡིན་པ་གསལ་བཏོན་བྱས་ཡོད་པས། ཧྥ་རན་སིས་རང་གི་རྒྱལ་ཁབ་དང་། མི་རིགས། དམངས་གཅོའི་རིན་ཐང་སོགས་ལ་གཞིགས་ ནས་རྒྱ་ནག་གི་མགོ་ཁྲིད་དང་རྒྱ་ ནག་གི་བཙན་གནོན་འོག་ཡོད་པའི་རྒྱ ལ་ཁབ་ཁག་གི་འགྲོ་བ་མིའི་ཐོབ་ཐང་ གི་གནད་དོན་ཐད་ལ་གླེང་སློང་དང་། ལྷག་པར་དུ་ཧྥ་རན་སིས་བོད་རྒྱ་ཞི་མོ ལ་བསྐྱར་གསོ་ཡོང་རྒྱུར་སྐུལ་མ་ དང་རོགས་རམ་གནང་དགོས་པའི་འབོད་ སྐུལ་ཞུས་ཡོད་སྐོར་སོགས་འགྲེལ་ བརྗོད་གནང་བྱུང་།
ཞི་ཅིན་ཕིང་བཟའ་ཟླ་གཉིས་ཧྥ་རན་སིར་འབྱོར་བ། ༢༠༢༤།༠༥།༠༥ དྲ་ལམ་གྱི་པར།
དེ་བཞིན་མཛད་སྒོའི་ཐོག་ཚོགས་པ་ ཁག་གི་འཐུས་མི་རྣམས་ཀྱིས་རྒྱ་ ནག་གི་མགོ་འཁྲིད་ཞི་ཧྥ་རན་སིར་ཡོ ང་བར་ངོ་རྒོལ་ཆེན་པོ་ཡོད་པ་མ་ ཟད། བོད་ནང་དུ་རྒྱ་ནག་གཞུང་གིས་དྲག་ གནོན་དང་། བོད་ཕྲུག་རྣམས་བཅའ་སྡོད་སློབ་གྲྭར་མངག་གཏོང་བྱེ ད་མུས་ཡིན་པའི་སྲིད་ཇུས་ལ་མཐའ་ གཅིག་ཏུ་ངོ་རྒོལ་ཡོད་སྐོར་གྱི་ གཏམ་བཤད་སྤེལ་ནས། ཆུ་ཚོད་ལྔ་ལྷག་ལ་ཞི་བའི་སྐད་འབོ ད་ཀྱི་ལས་འགུལ་སྤེལ་འདུག ཟླ་འདིའི་ཕྱི་ཚེས་ ༤ ཉིན་བོད་རང་བཙན་སློབ་ཕྲུག་ཚོགས་ པའི་ལས་འགུལ་བ་ཚེ་ལྷ་ལགས་དང་། ཉི་མ་ལགས་གཉིས་ཀྱིས་ལྕགས་སྡོང་ དུ་འཛེགས་ནས་ཆུ་ཚོད་གཉིས་ལྷག་རི ང་ཞི་བའི་ངོ་རྒོལ་སྤེལ་བར་བརྟེན། ཧྥ་རན་སིའི་ཉེན་རྟོག་པས་འཛིན་ བཟུང་བྱས་ནས་ཆུ་ཚོད་བཅུ་ལྷག་ བཀག་ཉར་བྱས་རྗེས། ཁ་སང་རེས་གཟའ་ཉི་མའི་ཉིན་ཀློད་ གྲོལ་བཏང་འདུག
གཞན་ཡང་། ཉེ་ལམ་རྒྱལ་སྤྱིའི་འགྲོ་བ་མིའི་ ཐོབ་ཐང་མཉམ་འབྲེལ་མཐུན་ཚོགས་( the International Federation for Human Rights)དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ ཁང་། ཧྥ་རན་སིའི་འགྲོ་བ་མིའི་ཐོབ་ཐང་ སྲུང་སྐྱོབ་ཀྱི་ཚོགས་པ་(the French Ligue des droits de l’Homme)སོགས་མཉམ་འབྲེལ་ཐོག སྲིད་འཛིན་མེག་ཁོ་རོན་མཆོག་ནས་ འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ དཀྱིལ་སྙིང་དུ་བཟུང་བའི་ཐོག་ནས་ བོད་དང་ཡུ་གུར་སོགས་ཀྱི་གནད་དོ ན་གླེང་སློང་དགོས་པའི་འབོད་སྐུ ལ་ཞུས་ཡོད་པ་རེད།
ད་ལན་ཧྥ་རན་སི་དང་རྒྱ་ནག་གི་མགོ ་འཁྲིད་གཉིས་ཐུག་འཕྲད་བྱེད་སྐབས། ཨུ་རུ་སུས་ཡུ་ཁེ་རིན་ལ་བཙན་འཛུ ལ་བྱེད་མུས་ཡིན་པའི་གནད་དོན་དང་ ། དཀྱིལ་ཤར་ཨེ་ཤ་ཡའི་དམག་འཁྲུག ཚོང་དོན་གྱི་དཀའ་ངལ། ཚན་རིག་དང་། རིག་གཞུང་། རྩེད་རིགས་མཉམ་ལས་ཚུད་པའི་ ཕྱོགས་གཉིས་ཀྱི་ཚོང་དོན་སོགས་ཀྱི ་ཐད་ལ་གྲོས་མོལ་བྱ་རྒྱུ་ཡིན་འདུ ག་ལ། རྒྱ་ནག་གི་མགོ་འཁྲིད་ཞི་ཡིས་ཧཱང་ གྷ་རི་དང་སི་བྷི་ཡ་རྒྱལ་ཁབ་གཉི ས་ཀྱི་སྲིད་བློན་དང་སྲིད་འཛིན་ སོགས་སུ་ཐུག་སྟེ། ཟླ་སྔ་མར་ཧཱང་གྷ་རི་ཡིས་རྒྱ་ནག་ གིས་བཟོས་པའི་གློག་འཁོར་མང་དག་ ཅིག་ཕྱིར་བསྔུ་བྱས་པའི་སྐོར་སོ གས་ཚུད་པའི་ཕྱོགས་གཉིས་ཀྱི་ཚོང་ དོན་གྱི་འབྲེལ་ལམ་ཇེ་ཆེར་གཏོང་ ཐབས་དང་། རྒྱ་ནག་དང་རྒྱལ་ཁབ་དེ་ གཉིས་ཀྱི་མཉམ་ལས་དང་གཉིས་ཕན་ཟེ ར་བ་ཞིག་གི་ཐོག་ནས་རྒྱུད་གཅིག་ ལམ་གཅིག་གི་འཛུགས་སྐྲུན་གྱི་ལས་ གཞི་གང་མང་སྤེལ་ཐབས་སོགས་ཀྱི་ ཐད་ལ་གྲོས་མོལ་བྱ་འཆར་ཡོད་འདུག
གསར་འགོད་པ། དཔལ་ལྡན།
རྩོམ་སྒྲིག་པ། པདྨ་མཚོ།