མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རང་སྐྱོང་ལྗོངས་ཟེར་བས་བལ་ཡུལ་གཞུང་ལ་ལོ་ལྔའི་རིང་དཔལ་འབྱོར་གྱི་རོགས་རམ་བྱ་རྒྱུ་ཡིན་ཟེར།

བོད་ཀྱི་དུས་བབ།
༢༠༢༤/༠༥/༠༦
Share on FacebookShare on TwitterShare on EmailShare on Whatsapp

བོད་རང་སྐྱོང་ལྗོངས་ཟེར་བས་བལ་ཡུལ་གཞུང་དང་འབྲེལ་འདྲིས་ཀྱིས། བོད་དང་བལ་ཡུལ་ཀྱི་ས་མཚམས་སུ་ཁེལ་བའི་བལ་ཡུལ་གྱི་རྫོང་ཁག་བཅོ་ལྔར་དངོས་ཤུགས་བརྒྱུད་གསུམ་ཐོག་ནས་རོགས་སྐྱོར་བྱ་རྒྱུ་ཡིན་ལུགས་བསྒྲགས་འདུག

Rasuwagadhi Border Crossing, Khathmandu Post file photo

དེ་རིང་ཕྱི་ཚེས་ ༦ ཉིན་བལ་ཡུལ་ཀ་ཐི་མན་ཌུ་ཆ་འཕྲིན་(KATHKMANDU TIMES POST) གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ལམ་བོད་རང་སྐྱོང་ལྗོངས་ཟེར་བའི་གཞུང་གིས་བལ་ཡུལ་བྱང་བརྒྱུད་ཀྱི་བལ་བོད་མཐའ་མཚམས་ཀྱི་དོལ་པོ་དང་། རུ་སུ་ཝ། མདོ་ལ་ཁ་སོགས་ཚུད་པའི་རྫོང་ཁག་ ༡༥ ནང་དཔལ་འབྱོར་དང་སྤྱི་ཚོགས་ཡར་རྒྱས་སོགས་ཀྱི་སླད། འབྱུང་འགྱུར་ལོ་ལྔའི་རིང་ལོ་རེར་རྒྱ་སྒོར་ས་ཡ་ ༢༠ ལྷག་གི་རོགས་དངུལ་སྤྲད་ནས། བོད་བལ་ས་མཚམས་ཀྱི་མང་ཚོགས་རྣམས་ཀྱི་འཚོ་བ་ལ་རོགས་འདེགས་བྱ་རྒྱུ་ཡིན་ལུགས་བསྒྲགས་འདུག

གནད་དོན་དེའི་ཐད་ལྷ་སའི་བལ་ཡུལ་གཞུང་ཚབ་ཁང་ནས་བསྒྲགས་གཏམ་ཞིག་སྤེལ་བའི་ནང་།  འདི་ལོའི་ཕྱི་ཟླ་ ༤ ཚེས་ ༢༣ དང་  ༢༤ ཉིན་གཉིས་རིང་བོད་ཀྱི་རྒྱལ་ས་ལྷ་ས་རུ། བལ་ཡུལ་གཞུང་སྲིད་འཛིན་སྐྱོང་ལས་ཁུངས་ཀྱི་ཟུང་དྲུང་ཀ་མེལ་ (Kamal Prasad) དང་བོད་རང་སྐྱོང་ལྗོངས་ཟེར་བའི་ཕྱི་སྲིད་ལས་ཁུངས་ཀྱི་སྤྱི་ཁྱབ་འགན་འཛིན་པདྨ་དབྱངས་འཛོམས་གཉིས་ཀྱི་གཙོ་སྐྱོང་འོག རོགས་སྐྱོར་མ་དངུལ་ཞུ་འཆར་གྱི་ཚོགས་འདུ་ཐོག་མ་དེ་འཚོགས་པ་བརྒྱུད། བོད་རང་སྐྱོང་ལྗོངས་ནས་དངོས་ཤུགས་བརྒྱུད་གསུམ་གྱི་ཐོག་ནས་བལ་ཡུལ་གྱི་མཐའ་མཚམས་མི་མང་ལ་མཐུན་རྐྱེན་ཡར་རྒྱས་གཏོང་ཐབས་སོགས་ཚུད་པའི་རོགས་པ་གང་འདྲ་བྱེད་དགོས་མིན་ཐོག་ལ་གྲོས་བསྡུར་བྱུང་ཡོད་སྐོར་སོགས་གསལ་འདུག

ཉེ་ཆར་བལ་ཡུལ་གྱི་སྲིད་བློན་གཞོན་པ་ལྷ་སར་སྐྱོད་སྐབས། བོད་རང་སྐྱོང་ལྗོངས་སྲིད་གཞུང་ཟེར་བས་བལ་གཞུང་གི་འཛིན་སྐྱོང་དང་ཡར་རྒྱས་གཏོང་ཐབས་སོགས་ལ་དམིགས་ནས་རྒྱ་སྒོར་ས་ཡ་ ༢༠ ཡིས་རོགས་དངུལ་སྤྲད་དེ་བལ་ཡུལ་བྱང་བརྒྱུད་ཀྱི་རྟ་དཔལ་ལྗོངས་(Taplejung) དང་། སོ་ལུ་ཁམས་བུ་(Sankhuwasabha)། མདོ་ལ་ཁ་(Dolakha) ། སིན་དྷུ་དཔལ་མཆོག (Sindhupalchok) ། རུ་སུ་ཝ་(Rasuwa) ། མུ་སི་ཐང་། དོལ་པོ་སོགས་ཚུད་པའི་རྫོང་ཁག་ ༡༥ ཡི་ནང་སློབ་གྲྭ་གསར་འཛུགས་དང་། སྨན་བཅོས་ལྟ་སྐྱོང་། ཉི་གློག་གསར་འཛུགས་སོགས་ཁུལ་དེའི་མི་མང་གི་འཚོ་བར་རོགས་འདེགས་བྱ་རྒྱུ་ཡིན་ལུགས་ཁས་བླངས་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་འདས་པའི་ལོ་ཤས་རིང་བོད་དང་བལ་ཡུལ་གྱི་མཐའ་མཚམས་ཁུལ་དུ་ཡོད་པའི་མི་མང་གི་འཚོ་བའི་གནས་བབ་ཡར་སྐྱེད་ཀྱི་ཐད་ལ་རོགས་སྐྱོར་མང་དག་ཅིག་གཉེར་ཡོད་ལུགས་བསྒྲགས་འདུག

འདི་ལོའི་ཕྱི་ཟླ་ ༣ ཚེས་ ༢༥  ཉིན་བལ་ཡུལ་གྱི་སྲིད་བློན་གཞོན་པ་དང་ཕྱི་སྲིད་བློན་ཆེན་ན་རཱ་ཡན་ (Narayan Kaji Shrestha) ཟེར་བ་བོད་རང་སྐྱོང་ལྗོངས་ཏེ། བོད་ཀྱི་རྒྱལ་ས་ལྷ་སར་བསྐྱོད་དེ་བོད་རང་སྐྱོང་ལྗོངས་ཀྱི་རྒྱ་ནག་དམར་ཤོག་དྲུང་ཆེ་ཝང་ཅུན་ཀྲིན་(Wang Junzheng) དང་ཐུག་འཕྲད་བྱས་ཏེ། བོད་དང་བལ་ཡུལ་བར་གྱི་ས་མཚམས་ཁག་ཏུ་འཕྲད་བཞིན་པའི་དཀའ་ངལ་དག་སེལ་ཐབས་དགོས་པའི་འབོད་སྐུལ་བྱས་ཡོད་ཅིང་། དེ་བཞིན་ཕྱི་ཟླ་ ༣ ཚེས་ ༢༦ ཉིན་བལ་ཡུལ་གྱི་སྲིད་བློན་གཞོན་པས་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་ཕྱི་སྲིད་བློན་ཆེན་ཝང་ཡེ་(Wang Yi) དང་ཐུག་འཕྲད་བྱས་ཏེ། རྒྱ་ནག་གཞུང་གིས་རྒྱུད་གཅིག་དང་ལམ་གཅིག་ཟེར་བའི་འཛུགས་སྐྲུན་གྱི་ལས་གཞིའི་འོག་ནས་བལ་ཡུལ་གཞུང་ལ་རོགས་འདེགས་བྱ་རྒྱུ་དང་། ཕྱོགས་གཉིས་ཀྱི་འབྲེལ་ལམ་སྔར་ལས་ཇེ་ཆེར་བཏང་ནས། བལ་ཡུལ་གྱིས་རྒྱ་ནག་ལ་འཚོང་མུས་ཡིན་པའི་རྩྭ་སྐམ་དང་། གླང་ཤ་བཙོས་མ། སྨན་རྩྭའི་རིགས་ཀྱི་ཕྱིར་འདྲེན་སྔར་ལས་ཇེ་མང་དུ་གཏོང་དགོས་པའི་རེ་འདུན་བཏོན་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་བལ་ཡུལ་གྱི་བྱང་བརྒྱུད་ཁུལ་དུ་རོགས་འདེགས་དང་འཛུགས་སྐྲུན་གྱི་ལས་གཞི་སྤེལ་དགོས་པའི་རེ་འདུན་བཏོན་འདུག

དེ་བཞིན་བལ་ཡུལ་ཀ་ཐི་མན་ཌུ་ཆ་འཕྲིན་གསར་ཁང་གིས། ཕྱི་ལོ ༢༠༡༨ ལོར་རྒྱ་ནག་རྒྱལ་ཡོངས་འཛུགས་སྐྲུན་མཉམ་ལས་ལྟེ་གནས་ཁང་(China International Development Cooperation Agency) ཟེར་བ་ཞིག་གིས་རྒྱ་ནག་གི་ཕྱི་སྲིད་ལས་དོན་དང་འབྲེལ་ནས་བལ་ཡུལ་བྱང་བརྒྱུད་ཀྱི་རྫོང་ཁག་ཡར་རྒྱས་གཏོང་བའི་ལས་གཞིར་བལ་ཡུལ་དཔལ་འབྱོར་བློན་ཆེན་ལས་ཁུངས་ཀྱིས་མཉམ་འབྲེལ་ས་ཡིག་བརྒྱབ་ཡོད་ཀྱང་། ད་བར་རྒྱ་བལ་གཉིས་མཉམ་ལས་ཀྱི་ལས་དོན་གང་ཡང་མགོ་འཛུགས་བྱེད་མ་ཐུབ་པར་ལྷག་ཡོད་སྐོར་དང་། ཕྱི་ལོ་ ༢༠༢༢ ཙམ་ནས་རྒྱ་ནག་གཞུང་གིས་བལ་ཡུལ་གྱི་བྱང་བརྒྱུད་གཙོས་བལ་བོད་མཐའ་མཚམས་ཁུལ་དུ་ཡར་རྒྱས་གཏོང་རྒྱུར་རོགས་རམ་བྱ་རྒྱུ་ཡིན་པའི་ཁས་ལེན་བྱས་ཡོད་སྐོར་སོགས་གསལ་འདུག

ཚེ་རིང་རྣམ་རྒྱལ་གྱིས་བསྒྱུར། རྩོམ་སྒྲིག་པ་སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

དྷ་ས་ནས་རྒྱ་མི་ཞིག་གསང་ཉུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག

ཆུ་ཚོད་ ༢༠ སྔོན་ལ།
Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese