མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་འཛམ་གླིང་གི་གསར་འགོད་པ་བཙོན་འཇུག་བྱེད་མཁན་ཆེ་ཤོས་དེ་རེད་འདུག

བོད་ཀྱི་དུས་བབ།
༢༠༢༤/༠༥/༠༧
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་གསར་འགོད་པ་དང་བོད་ནང་གི་བོད་མིའི་རང་དབང་སོགས་ལ་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་སྟབས། བོད་དེ་འཛམ་གླིང་གི་རང་དབང་ཆེས་མེད་ས་ཞིག་ཡིན་སྐོར་བརྗོད་འདུག

2024 World Press Freedom Index map. Image: Courtesy of Reporters Without Borders

ཁ་སང་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱིས། ཕྱི་ལོ་ ༢༠༢༤ ལོའི་རྒྱལ་སྤྱིའི་གསར་འགོད་རང་དབང་གི་སྙན་ཐོ་བཏོན་འདུག་ཅིང་། སྙན་ཐོའི་ཁ་བྱང་དུ་ཆབ་སྲིད་ཀྱི་གནོད་ཤུགས་འོག་ཚུད་བཞིན་པའི་གསར་འགྱུར་ལས་རིགས་ཞེས་འཁོད་པའི་ནང་། སྲིད་གཞུང་ཁག་གིས་གསར་འགོད་རང་དབང་སྲུང་སྐྱོབ་བྱེད་ཐུབ་ཀྱི་མེད་ཅིང་། ཆབ་སྲིད་པ་ཚོས་འོས་བསྡུའི་དྲིལ་བསྒྲགས་སོགས་ལ་དམིགས་ནས་ཆེད་དུ་གསར་འགོད་པར་ཁྱད་གསོད་དང་གནས་ཚུལ་རྫུན་བསྒྲགས་སོགས་བྱེད་བཞིན་པའི་སྐོར་བརྗོད་འདུག

འདི་ལོའི་གསར་འགོད་རང་དབང་སྙན་ཐོའི་ནང་། རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱིས། འཛམ་གླིང་རྒྱལ་ཁབ་དང་ས་ཁུལ་མི་འདྲ་བ་  ༡༨༠ ཡི་གསར་འགོད་རང་དབང་གནས་བབ་སྐོར་ལ་ཞིབ་འཇུག་བྱས་ཏེ། རྒྱ་ནག་ནི་འཛམ་གླིང་གི་གསར་འགོད་པ་བཙོན་འཇུག་བྱེད་མཁན་ཆེ་ཤོས་དེ་ཡིན་པ་གསལ་སྟོན་བྱས་འདུག་ལ། གསར་འགོད་རང་དབང་ཆེས་སྡུག་ཤོས་ཀྱི་རྒྱལ་ཁབ་བཅུ་ནི་ཨེ་ཊི་རེ་ཡ། སི་རེ་ཡ་དང་ཨབ་གྷ་ནེ་སི་ཐན། བྱང་ཀོ་རི་ཡ། ཨི་རན། ཊར་ཀེ་མན་སི་ཐན། ཝི་ཏི་ནམ། རྒྱ་ནག་དང་འབར་མ་ཨི་ཇབ་ཊི་བཅས་ཡིན་པ་མངོན་འདུག ཡང་འཛམ་གླིང་གི་གསར་འགོད་རང་དབང་ལེགས་ཤོས་ཀྱི་རྒྱལ་ཁབ་ལྔ་ནི་དང་པོ་ནོར་ཝེ་དང་ཌན་མག སི་ཝི་ཌན། ནེ་ཐར་ལན་ཌི། ཧྥི་ལན་ཌི་བཅས་ཡིན་པ་གསལ་འདུག

འདི་ལོར་འཛམ་གླིང་གི་མི་མང་ཕྱེད་ཀ་ཙམ་གྱིས་འོས་བསྡུའི་ནང་ཆ་ཤས་ལེན་གྱི་ཡོད་སྟབས། རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱིས་ཆབ་སྲིད་ཀྱི་གནོད་ཤུགས་འོག་གསར་འགྱུར་ལས་རིགས་དང་སྤྱི་དམངས་ཀྱི་ཐོབ་ཐང་ལ་ཉེན་ཁ་འཕྲད་བཞིན་པའི་ཉེན་བརྡ་དང་འབྲེལ། ཕྱི་ལོ་ ༢༠༢༤ ལོའི་རྒྱལ་སྤྱིའི་གསར་འགོད་རང་དབང་གི་ཚད་གཞི་ ༧ དང་ཚགས་ ༦ ལ་བསགས་ཡོད་པ་ཕྱི་གསལ་བཟོས་འདུག་ལ། དམིགས་བསལ་མཉམ་འབྲེལ་རྒྱལ་ཚོགས་ལྟ་བུའི་རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས། གསར་འགོད་རང་དབང་སྲུང་སྐྱོབ་བྱེད་པར་ཆབ་སྲིད་ཀྱི་མངོན་འདོད་མེད་པ་དང་། འདས་ལོ་ནས་ཨི་ཟི་རལ་དང་པ་ལི་སི་ཐན་བར་དམག་འཁྲུག་ཤོར་རྐྱེན་འོག གསར་འགོད་པ་ཁྱོན་ ༡༠༠ ལྷག་ཨི་ཟི་རལ་གྱིས་འདས་གྲོངས་སུ་བཏང་ཡོད་པ་ཐེར་འདོན་བྱས་འདུག

རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱི་རྩོམ་སྒྲིག་འགན་འཛིན་ཨན་ནེ་ (Anne Bocandé) ལགས་ཀྱིས། སྲིད་གཞུང་ཁག་དང་ཆབ་སྲིད་ཀྱི་ཚོགས་སྡེ་ཁག་གཞན་དག་གིས་གསར་འགོད་རང་དབང་སྲུང་སྐྱོབ་བྱེད་པའི་འགན་འཁྲི་ཇེ་ཉུང་དུ་བཏང་ཡོད། ཅེས་དང་། ཆབ་སྲིད་ཀྱི་དབང་ཤེད་ལ་བརྟེན་ནས་གསར་འགོད་པར་ཁྱད་གསོད་དང་བརྙས་བཅོས་སོགས་བྱེད་བཞིན་ཡོད། ཅེས་བརྗོད་འདུག

ཡང་ཨ་རིའི་རང་དབང་ཁང་པས། ཕྱི་ལོ་ ༢༠༢༤ ལོའི་འཛམ་གླིང་གི་རང་དབང་གི་གནས་བབ་སྐོར་གྱི་སྙན་ཐོ་བཏོན་པའི་ནང་། འདས་པའི་ལོ་གཅིག་རིང་འོས་བསྡུ་དང་དམག་འཁྲུག་སོགས་ཀྱི་རྐྱེན་གྱིས་འཛམ་གླིང་རྒྱལ་ཁབ་ ༥༢ ཀྱི་རང་དབང་ཉམས་དམེས་སུ་ཕྱིན་ཡོད་པ་དང་། རྒྱལ་ཁབ་ ༢༡ གི་རང་དབང་ཡར་རྒྱས་ཕྱིན་ཡོད་པ་གསལ་འདུག་ལ། ལྷོ་ཨ་མེ་རི་ཁའི་རྒྱལ་ཁབ་ཨེ་ཁའུ་ཌོར་(Ecuador) ནང་འོས་བསྡུའི་དབང་ཆ་འཐབ་རྩོད་དང་འབྲེལ་ནས། ནག་ཚོགས་ཁག་ཅིག་གིས་རྒྱལ་ཁབ་དེའི་ལས་བྱེད་དང་ཆབ་སྲིད་འོས་མི་འགའ་འདས་གྲོངས་སུ་བཏང་ཡོད་པ་དང་ཁེམ་བྷོ་ཌི་ཡ་དང་པོ་ལན་ཌི། ཊར་ཁེ། ཛིམ་བྷ་བྷེའུ་བཅས་ཀྱིས་འོས་བསྡུའི་རྗེས་བསྐྱར་དུ་དབང་ཆ་འཐབ་རྩོད་བྱས་པ་ལ་བརྟེན་ནས། ཕྱེད་རང་དབང་གི་ཁྱབ་ཁོངས་སུ་མར་ལྷུང་ཡོད་ཅིང་། དཀྱིལ་ཤར་ཡུལ་གྲུའི་རྒྱལ་ཁབ་ (Azerbaijan) ཀྱི་ས་ཁུལ་ (Nagorno-Karabakh) དུ་སྲིད་དབང་སྒེར་གཅོད་དང་འབྲེལ་ནས་འཐབ་འཁྲུག་ཚབས་ཆེན་བྱུང་བ་ལ་བརྟེན། འཛམ་གླིང་གི་རང་དབང་ཆེས་ཞན་པའི་རྒྱལ་ཁབ་ཏུ་ངོས་འཛིན་བྱས་འདུག

དེ་བཞིན། ཆབ་སྲིད་དང་སྤྱི་དམངས་ཀྱི་ཐོབ་ཐང་མེད་པའི་རྩོད་རྙོག་དང་ཡུན་རིང་ས་ཁོངས་བདག་དབང་རྩོད་བཞིན་པའི་ས་ཁུལ་གྱི་ཁྲོད་དུ། བོད་དང་ཧོང་ཀོང་། ཨུ་རུ་སུའི་དམག་འཁྲུག དེ་བཞིན། པ་ལི་སི་ཐན་དང་ཨི་ཟི་རལ་གཉིས་བར་གྱི་རྩོད་རྙོག དེ་བཞིན། རྒྱ་གར་གྱི་ཁྱབ་ཁོངས་སུ་གནས་པའི་ཀ་ཤི་མིར་སོགས་ས་ཁུལ་མི་འདྲ་བ་ ༡༥ འཁོད་འདུག་ཅིང་། ས་ཁུལ་དེ་དག་ནི་འཛམ་གླིང་ཆེས་རང་དབང་ཞན་པའི་ས་ཁུལ་ཡིན་པར་མ་ཟད། མི་གྲངས་ས་ཡ་ ༤༥ ལྷག་ལ་གཞི་རྩའི་རང་དབང་དང་རང་ཐག་རང་གཅོད་བྱེད་པའི་ཐོབ་ཐང་སོགས་མེད་པ་རེད་འདུག་ལ། དེའི་ཁྲོད་རྒྱ་ནག་གཞུང་གིས་བོད་དང་ཧོང་ཀོང་ལ་རང་དབང་ཏོག་ཙམ་ཞིག་ཡོད་པ་དེའང་དྲག་གནོན་དང་རྡོག་རོལ་བཏང་སྟེ་མེད་པར་བཟོ་བཞིན་ཡོད་པའི་ཁར། བོད་ནི་ཕྱི་ལོ་ ༢༠༠༥ ནས་འཛམ་གླིང་ནང་རང་དབང་ཆེས་མེད་ས་ཞིག་ཡིན་སྐོར་དང་། འདས་པའི་བཅུ་ཕྲག་འགའི་རིང་རྒྱ་ནག་གཞུང་གིས་བོད་ས་ཡོངས་ལ་དབང་སྒྱུར་བྱས་ཏེ། བོད་མིས་ཆབ་སྲིད་ཀྱི་མངོན་འདོད་སྤུ་ཙམ་ཡང་གླེང་མི་ཆོག་ཅིང་། བོད་མི་སྟོང་ཕྲག་མང་པོར་ཆབ་སྲིད་ཀྱི་སློབ་གསོ་ཟེར་བ་སྤྲོད་བཞིན་པ་དང་བཙན་གྱིས་གནས་སྤོར་བྱེད་བཞིན་པ། ད་དུང་ལས་བཟོའི་སྦྱོང་བརྡར་ཟེར་བའི་མིང་འོག་ནས་བོད་མི་མང་པོར་དམར་ཤོག་གི་ལྟ་གྲུབ་སློབ་འཁྲིད་བྱེད་བཞིན་པ་སོགས་བོད་ནི་འཛམ་གླིང་གི་རང་དབང་ཆེས་མེད་པའི་རྒྱལ་ཁབ་ཅིག་ཡིན་པ་གསལ་བོར་བསྟན་འདུག

ད་དུང་རྒྱ་ནག་གཞུང་གིས་ཐའེ་ཝན་གྱི་མང་གཙོའི་འོས་བསྡུར་ཐེ་གཏོགས་བྱས་ཏེ། ཕྱི་ལོ་ ༢༠༢༤ ལོའི་ཟླ་ ༡ པོའི་ནང་གི་ཐའེ་ཝན་སྲིད་འཛིན་གྱི་འོས་བསྡུར་ཆེན་མོར་ཐབས་ཇུས་གསུམ་གྱི་ཐོག་ནས་ཤུགས་རྐྱེན་སྤྲོད་ཐབས་བྱས་ཡོད་པ་དང་། ཧོང་ཀོང་ནང་ཉེས་ཅན་པ་རྩིས་སྤྲོད་ཟེར་བའི་ཁྲིམས་ལག་བསྟར་བྱས་ཏེ་ཧོང་ཀོང་གི་མང་གཙོ་དང་འགྲོ་བ་མིའ་ཐོབ་ཐང་། གསར་འགོད་རང་དབང་སོགས་ལ་དྲག་གནོན་ཚབས་ཆེན་བཏང་ཡོད་སྐོར་སོགས་ཀྱང་བཀོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ནོ་བྷེལ་སྨན་རྫས་རིག་པའི་གཟེངས་རྟགས་ཐོབ་མཁན་གསུམ།

སྐར་མ ༤༥ སྔོན་ལ།
མངའ་རིས་ས་ཁུལ་ཁག་ཏུ་ཁ་བ་བབས་པའི་རྣམ་པ། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

བོད་མངའ་རིས་ས་ཁུལ་ཡོངས་སུ་གངས་ཀྱི་གནོད་སྐྱོན་ཐེབས།

ཆུ་ཚོད་ ༢༣ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དཔའ་བོ་རི་ཆར་ཌི་མོར་སོགས་སུ་མཇལ་ཁ་བསྩལ།

ཆུ་ཚོད་ ༢༣ སྔོན་ལ།
Advertisement for App

གསར་འགོད་པའི་ས་མིག

༢༠༢༦/༡༠/༠༥
Wanying “Heather” Zhang. United States Attorney’s Office Central District of California
Mobile App

ཨ་རིས་རྒྱ་ནག་གི་གསང་ཉུལ་བའི་དོགས་ཡོད་ཅིག་འཛིན་བཟུང་བྱས།

༢༠༢༦/༡༠/༠༥
Mobile App

བོད་ཀྱི་སློབ་གསོ་སྨྲ་བ་ས་ཡུལ་ཁྲོ་བོ་རྒྱལ་མཚན་ལགས་འདས་གྲོངས་ཕྱིན།

༢༠༢༦/༡༠/༠༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese