མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཏན་འཇགས་ཐབས་ཇུས་ཚོགས་ཆུང་གི་ཚོགས་འདུ་ཐེངས་དྲུག་པ་འཚོག་གིན་འདུག

བོད་ཀྱི་དུས་བབ།
༢༠༢༤/༠༥/༡༤
Share on FacebookShare on TwitterShare on EmailShare on Whatsapp

ཡུ་རོབ་རྒྱལ་ཁབ་སུད་སིའི་གྲོང་ཁྱེར་ཛུ་རིག་ཏུ་བོད་མིའི་སྒྲིག་འཛུགས་ཀྱི་གཏན་འཇགས་ཐབས་ཇུས་ཚོགས་ཆུང་གི་ཚོགས་འདུ་ཐེངས་དྲུག་པ་ཉིན་གྲངས་གསུམ་རིང་འཚོག་གིན་འདུག

བོད་མིའི་སྒྲིག་འཛུགས་ཀྱི་གཏན་འཇགས་ཐབས་བྱུས་ཚོགས་ཆུང་གི་ཚོགས་འདུ་ཐེངས་ ༦ པ་འཚོག་གིན་འདུག པར་དབང་། བོད་མིའི་སྒྲིག་འཛུགས།

ཟླ་འདིའི་ཕྱི་ཚེས་ ༡༣ ནས་ཉིན་གྲངས་གསུམ་རིང་ཡུ་རོབ་རྒྱལ་ཁབ་སུད་སིའི་གྲོང་ཁྱེར་ཛུ་རིག་ཏུ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྣེ་འཁྲིད་པའི་བོད་མིའི་སྒྲིག་འཛུགས་ཀྱི་གཏན་འཇགས་ཐབས་བྱུས་ཚོགས་ཆུང་གི་ཚོགས་འདུ་ཐེངས་ ༦ པ་འཚོག་གིན་འདུག་ཅིང་། ཚོགས་འདུའི་ཐོག་གཏན་འཇགས་ཐབས་བྱུས་འཆར་འགོད་ཚོགས་ཆུང་གི་སློབ་སྟོན་པ་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག་ཕུད་པའི་སློབ་སྟོན་པ་གཞན་རྣམས་དང་ཚོགས་ཆུང་གི་ཚོགས་མི་རྣམ་པ་བཅས་འཛོམས་ཡོད་པ་མ་ཟད། ད་རེས་ཀྱི་ཚོགས་འདུ་ཐེངས་དྲུག་པའི་སྟེང་བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག་དང་ཕྱི་དྲིལ་བཀའ་བློན་ནོར་སྒྲོལ་མ་མཆོག་རྣམ་གཉིས་ཀྱང་མཉམ་ཞུགས་གནང་འདུག

ཚོགས་ཆུང་གི་སློབ་སྟོན་པའི་ཁོངས་སུ་བཀའ་ཟུར་བསྟན་པ་ཚེ་རིང་མཆོག་དང་བཀའ་ཟུར་འབྲོང་ཆུང་དངོས་གྲུབ་མཆོག  དགའ་ལྡན་ཕོ་བྲང་གི་དྲུང་ཆེ་རྔ་བ་ཚེ་རྒྱམ་མཆོག ༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་ཟུར་པ་སྐལ་བཟང་རྒྱལ་མཚན་མཆོག་བཅས་དང་། ཚོགས་མིའི་ཁོངས་སུ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་བདེ་སྲུང་དྲུང་ཆེ་ཀརྨ་རིན་ཆེན་མཆོག ཆབ་སྲིད་དྲུང་ཆེ་བཀྲ་ཤིས་རྒྱ་མཚོ་མཆོག ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་མཆོག  བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་མཆོག་བཅས་ཡོད་པ་རེད།

ཕྱི་ལོ་ ༢༠༢༡ ཟླ་ ༨ ཚེས་ ༡༣ ཉིན་བཀའ་ཤག་སྐབས་ ༡༦ པས་དེ་སྔ་ནས་ཡོད་པའི་བོད་རྒྱ་འབྲེལ་མོལ་ལས་དོན་ཚོགས་ཆུང་ཕྱིར་བསྡུ་དང་སྦྲགས་གཏན་འཇགས་ཐབས་བྱུས་འཆར་འགོད་ཚོགས་ཆུང་ཞིག་ཆེད་འཛུགས་གནང་སྟེ། བཀའ་ཤག་སྐབས་བཅུ་དྲུག་པའི་གཏན་འཇགས་ཐབས་བྱུས་འཆར་འགོད་ཚོགས་ཆུང་གི་ཚོགས་འདུ་ཐེངས་དང་པོ་དེ་ཕྱི་ལོ་ ༢༠༢༡ ཟླ་ ༡༡ ཚེས་ ༡༦ ནས་ ༡༨ བར་ཉིན་གྲངས་གསུམ་རིང་ ནོར་གླིང་ཉེ་འཁྲིས་རྒྱ་གར་གྱི་ (Imperial Heights) གསོལ་མགྲོན་ཁང་དུ་འཚོགས། ཐེངས་གཉིས་པ་དེ་ཕྱི་ལོ་ ༢༠༢༢ ཟླ་ ༧  ཚེས་ ༢༧ ནས་ ༢༩ བར་ཉིན་གསུམ་རིང་བཞུགས་སྒར་དྷ་སར་ཡོད་པའི་ཨེ་ཤ་ཡའི་གསོལ་མགྲོན་ཁང་ (Asia Health Resort)དུ་འཚོགས། ཚོགས་ཐེངས་གསུམ་པ་དེ་ ཕྱི་ལོ་ ༢༠༢༢ ཟླ་ ༡༡ ཚེས་ ༢༥ ནས་ ༢༧ བར་ཉིན་གྲངས་གསུམ་རིང་དང་ཚོགས་ཐེངས་བཞི་པ་ཕྱི་ལོ་ ༢༠༢༣ ཟླ་ ༤ ཚེས་ ༦ ནས་ ༨ བར་ཉིན་གསུམ་རིང་བཅས་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་ཚོགས་ཁང་དུ་འཚོགས། ཚོགས་ཐེངས་ལྔ་བ་ཕྱི་ལོ་ ༢༠༢༣ ཟླ་ ༡༡ ཚེས་ ༨ ཉིན་ནས་ཉིན་གྲངས་གསུམ་རིང་སཱ་ར་མཐོ་སློབ་ཏུ་འཚོགས་ཡོད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

མོན་གྷོ་འདོད་རྒུ་གླིང་གི་རུ་ཁག་ལ་ལོ་གསུམ་བསྟུད་མར་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་རྟགས་མ་ཐོབ་སོང་། ཐད་གཏོང་ནས་པར་བླངས། ༢༠༢༦།༤།༡༦
Mobile App

མོན་གྷོ་འདོད་རྒུ་གླིང་རུ་ཁག་ལ་ལོ་གསུམ་བསྟུད་མར་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཐོབ།

སྐར་མ ༤༨ སྔོན་ལ།
བོད་ཀྱི་ཟློས་གར་ཚོགས་པའི་ནང་མོན་ཡུལ་གྱི་སློབ་ཕྲུག་ ༡༢ རིན་མེད་ཐོག་སློབ་འཇུག་གནང་།
Mobile App

མོན་ཡུལ་གྱི་སློབ་ཕྲུག་ ༡༢ རིན་མེད་ཐོག་བོད་ཀྱི་ཟློས་གར་ཚོགས་པའི་ནང་སློབ་འཇུག་གནང་།

ཆུ་ཚོད་ ༨ སྔོན་ལ།
Uncategorized

ངའི་མཐོང་ལམ་གྱི་མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ།

ཆུ་ཚོད་ ༡༤ སྔོན་ལ།
Launch of Tibetan Arts Council. Photo: Tibetan Art Council
Mobile App

བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་གསར་འཛུགས་གནང་བའི་གསར་འགོད་བསྒྲགས་གཏམ་སྤེལ།

༢༠༢༦/༠༤/༡༥
Advertisement for App

ཨ་ཀྱཱ་བློ་བཟང་བསྟན་འཛིན་མཆོག་གི་ཕྱག་དེབ་“ཕྱིར་དྲན་”ཞེས་པའི་བོད་ཡིག་དེབ།

༢༠༢༦/༠༤/༡༥
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐབས་བཅུ་བདུན་པའི་སྤྱི་འཐུས་གྲོས་ཚོགས་ལ་བསྩལ་བའི་བཀའ་ཡིག་རིན་པོ་ཆེ། ༢༠༢༡།༡༠།༠༦
Mobile App

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོར་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་གཙོས་ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་ཕལ་ཆེ་བས་སྒྲོ་འདོགས་དང་སྐུར་འདེབས་མཚན་སྨད་ཚབས་ཆེན་ཞུས་པའི་དངོས་ཡོད་གནས་ཚུལ་སྙིང་བསྡུས་ངོ་སྤྲོད།

༢༠༢༦/༠༤/༡༥

མཆན། 1

  1. ཚེ་བརྟན་འགྱུར་མེད། says:
    ལོ་ 2 སྔོན།

    ང་རང་གི་ཞུ་དོན་དེ་གཞུང་དམངས་གཉིས་ལ་གལ་ཆེར་རྩིས་ནས་ས་ཟླར་དམིགས་པའི་ཆོས་ཀྱི་བྱ་ལས་ཕར་བཞག་ནས་འདིར་ཕྲན་ཙམ་འབོད་བསྐུལ་ཞུ་འདོད་བྱུང་། ངའི་ཞུ་དོན་ནི་གནས་དོན་གང་ལ་གཟིགས་ནས་ད་ལན་གྱི་བོད་རྒྱ་འབྲེལ་མོལ་ལས་དོན་ཚོགས་ཆུང་ངམ་གཏན་འཇགས་ཐབས་བྱུས་འཆར་འགོད་ཚོགས་ཆུང་དེ་སུད་སིའི་གྲོང་ཁྱེར་ཛུ་རིག་ཏུ་འཚོགས་དགོས་བྱུང་ཡོད་དམ། རྩ་བའི་ས་གནས་གང་དུ་འདུ་འཛོམས་ཞུ་བར་ཁྱད་མེད་། ཁྱད་དེ་ལས་དོན་ཞུ་རྒྱུ་དེ་རེད་ལ་དེ་གནང་རེད། ཡིན་ཀྱང་དགོས་གནད་དེ་ཙམ་མེད་པའི་འགྲོ་གྲོན་ཆེ་བའི་ཁྱད་དེ་གནད་དོན་གཅིག་རེད། གནད་དོན་གལ་ཆེ་ཞིག་རེད། ཐུགས་བསམ་བཞེས་དགོས་གལ་ཞིག་རེད། ད་རེས་ཀྱི་ཚོགས་འདུ་འདིར་ཚོགས་མི་དགུ་བཅུ་ཤིག་རྒྱ་གར་ནས་ཕེབས་སྟབས་ལམ་གྲོན་དང་མགྲོན་ཁང་གནས་གླ་སོགས་ཆེན་པོ་ཡོང་རྒྱུ་གཏན་འཁེལ། འགྲོ་གྲོན་དེ་དག་གཞན་རྟེན་ལས་ཡིན་པའི་གཞན་རྒྱུར་ཕང་སེམས་དང་རང་རྒྱུ་ལྟར་བསྲིད་ཚགས་ཡང་དགོས་རྒྱུ་དགོངས་འཇགས་ཆེ་གནད་འདུག ད་རེས་ཙམ་མིན་པར་དེ་ནས་ལོ་བཅུ་ཕྲག་ཙམ་ནང་དགོས་གནད་ཆེར་མེད་པའམ་ཕན་ཁྱད་དེ་ཙམ་མེད་པའི་འགྲོ་གྲོན་ནམ་རྒྱས་སྤྲོད་ཀྱི་རྣམ་པའི་ལས་འཆར་འགའ་ཤས་བྱུང་སོང་།
    གཞུང་འཛིན་པ་ཚོས་གནད་དོན་འདི་རིག་ལ་དགོངས་པ་ཆེ་བཞེས་གནང་གལ་འདུག སོ་སོའི་དངུལ་གཏོང་གི་ཡོད་ནའང་ཕན་ཁྱད་ཀྱི་ཚོང་མ་རྒྱག་རྩིས་རྒྱག་ཅེས་པའི་རྩིས་དེ་རྒྱག་གལ་མིན་འདུག་གམ། གཞན་རྟེན་གནད་ལ་དེ་བས་ཀྱང་དམ་དོན་གནང་མ་གནང་ན་ཉིན་གཅིག་སྐད་ཤོར་ཡོང་། རྒྱས་སྤྲོད་ཀྱི་དྲི་ངན་ལས་བྲལ། ཐབ་ཆུང་ཆུང་ནས་མེ་ཚ་བོ་དང་མཐོན་འཕེལ་འགྲོན་ཆུང་གནང་ཐབས་དེ་མ་བརྗེད་པ་གནང་རོགས་ཞུ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese