མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་བློན་མུ་དྷི་མཆོག་ལ་སྲིད་བློན་གྱི་ལས་འཁུར་ཐེངས་གསུམ་པའི་རྒྱལ་ཁ་འཐོབ་ཀྱི་འདུག

བོད་ཀྱི་དུས་བབ།
༢༠༢༤/༠༦/༠༤
Share on FacebookShare on TwitterShare on EmailShare on Whatsapp

འདི་ལོའི་རྒྱ་གར་རྒྱལ་ཡོངས་ཀྱི་འོས་བསྡུ་དེ་སྲིད་འཛིན་ལས་ཐོག་མུ་དྷི་མཆོག་གིས་སྣེ་ཁྲིད་པའི་བྷི་ཇི་པི་སྲིད་དོན་ཚོགས་པར་འཐོབ་ཀྱི་ཡོད་འདུག

སྲིད་བློན་མུ་དྷི་མཆོག་ལ་རྒྱལ་ཁ་ཐོབ་པའི་དགའ་འཛོམས། རའོ་ཊིར་སིའི་པར། Adnan Abidi/Reuters
Adnan Abidi/Reuters

 འདི་ལོའི་ཕྱི་ཟླ་ ༤ ཚེས་ ༡༩ ནས་ཟླ་ ༦ ཚེས་ ༡ བར་ཉིན་གྲངས་ ༤༤ རིང་རྒྱ་གར་གྱི་འོས་བསྡུ་ཆེན་མོ་གནང་ཡོད་པ་ལྟར། དེ་རིང་རྒྱལ་ཡོངས་ཀྱི་འོས་བསྡུའི་གྲུབ་འབྲས་རིམ་གྱིས་འཐོན་བཞིན་འདུག་ལ། ད་ལྟའི་ཆར་རྒྱ་གར་གྲོས་ཚོགས་འོག་མའི་ནང་ཁྱོན་ཞབས་བཀྱག་ ༥༤༣ ཡོད་པའི་ཁྲོད། ཀོང་རེ་སི་སྲིད་དོན་ཚོགས་པར་ཞབས་བཀྱག་ ༢༢༨  དང་། བྷི་ཇི་པི་སྲིད་དོན་ཚོགས་པར་ཞབས་བཀྱག་ ༢༩༨། དེ་བཞིན་ཆབ་སྲིད་ཚོགས་པ་གཞན་རྣམས་ལ་ཞབས་བཀྱག་ ༡༧ ཐོབ་ནས། འདི་ལོའི་རྒྱ་གར་རྒྱལ་ཡོངས་ཀྱི་འོས་བསྡུ་ཆེན་མོའི་རྒྱལ་ཁ་དེ་བྷི་ཇི་པི་སྲིད་དོན་ཚོགས་པར་རྒྱལ་ཁ་ཐོབ་ཀྱི་འདུག་ལ། ད་ལན་མུ་དྷི་མཆོག་གི་སྲིད་བློན་གྱི་ལས་འཁུར་ཐེངས་གསུམ་པ་དེ་ཆགས་ཀྱི་ཡོད ཀྱང་། ད་ལྟ་རྒྱ་གར་དབུས་འོས་བསྡུ་ལྷན་ཁང་གིས་གསལ་བསྒྲགས་གནང་མེད་པ་རེད།

འདི་ལོའི་རྒྱལ་ཡོངས་འོས་བསྡུ་དྲིལ་བསྒྲགས་སྐབས་སྲིད་འཛིན་ལས་ཐོག་མུ་དྷི་མཆོག་གིས་སྣེ་ཁྲིད་པའི་བྷི་ཇི་པི་སྲིད་དོན་ཚོགས་པས། རྒྱ་གར་རྒྱལ་ཡོངས་སུ་ཧིན་དྷུ་ཆོས་ལུགས་དར་སྤེལ་དང་། ཕྱོགས་ཡོངས་སུ་ཧིན་དྷུ་ཆོས་ལུགས་ཀྱི་མཆོད་རྟེན་དང་། ལྷ་ཁང་སོགས་འཛུགས་སྐྲུན་བྱ་རྒྱུ། རྒྱ་གར་དེ་འཛམ་གླིང་གི་ཚོང་གི་ལྟེ་གནས་ཆེ་ཤོས་གསུམ་པར་བསྒྱུར་ཐབས་དང་། རྒྱ་གར་གྱི་ལས་བཟོ་བའི་སྒྲིག་འཛུགས་བསྐྱར་བཅོས་ཀྱིས་ཚོང་དོན་བཟོ་གྲྭ་དང་ལས་མི་གང་མང་བསྡུ་ཐབས། དེ་བཞིན་རྒྱ་གར་ཤར་ནུབ་ཁུལ་གྱི་མངའ་སྡེ་དེ་དག་གི་ཁྲོད་དུ་དྲག་སྤྱོད་དང་དམར་གསོད་ཀྱི་དོན་རྐྱེན་ཞི་བར་བྱས་ནས་བརྟན་བརླིང་གི་འཚོ་བ་བསྐྲུན་ཐབས་གནང་རྒྱུ་སོགས་ཁས་ལེན་གནང་ཡོད་འདུག

ཕྱི་ལོ་ ༢༠༡༩ ལོའི་འོས་བསྡུའི་སྐབས་མུ་དྷི་གཞུང་གིས་མི་ལོ་ལྔ་ཡི་ནང་ཚུད་ལ་རྒྱ་གར་གྱི་རྒྱལ་སྲུང་དང་། ཞིང་པའི་ཚོང་དོན་ཡོང་འབབ་གོང་མཐོར་གཏང་རྒྱུ་ཡིན་པ་སོགས་ཁས་ལེན་ཆེན་པོ་བཅུ་ཙམ་གནང་ཡོད་ཀྱང་ལག་ལེན་མ་བསྟར་བར་རྒྱ་གར་གྱི་ཞིང་ལས་ཁྲིམས་སྒྲིག་གསུམ་གྱི་ཐད་ལ་བསྐྱར་བཅོས་བྱས་པར་བརྟེན། རྒྱ་གར་གྱི་པན་ཇབ་དང་། ཧར་ཡ་ན་སོགས་ཞིང་ལས་ཤུགས་ཆེ་བའི་མངའ་སྡེ་མང་པོའི་ནང་ཞིང་པའི་ངོ་རྒོལ་ལས་འགུལ་ཤུགས་ཆེན་བྱས་ཏེ། ད་བར་ཞིང་པ་ལས་འགུལ་བ་མང་པོར་ཤི་རྨས་བྱུང་བ་དང་། རང་ཤི་བརྒྱབ་པའི་གནས་ཚུལ་བྱུང་ཡོད་འདུག་ལ། སྲིད་གཞུང་གསར་པའི་ངོས་ནས་རྒྱ་གར་ཞིང་པའི་དཀའ་ངལ་སེལ་དགོས་པ་སོགས་ཀྱི་དགོས་འདུན་བཏོན་ཡོད་འདུག

སྲིད་བློན་མུ་དྷི་མཆོག་གི་འདས་པའི་ལས་ཡུན་ལོ་ ༡༠ རིང་། རྒྱ་གར་གྱི་དཔལ་འབྱོར་ཕྱོགས་ཡོངས་ནས་འཕེལ་རྒྱས་ཤུགས་ཆེན་ཕྱིན་ཏེ་འདས་པའི་ལོ་ཤས་རིང་རྒྱ་གར་འཛམ་གླིང་གི་ཚོང་གི་ལྟེ་གནས་ཆེ་ཤོས་ལྔ་པར་གྱུར་ཡོད་ཅིང་། རྒྱ་གར་གྱི་ཤེས་རིག་དང་། འཕྲོད་བསྟེན། འཛུགས་སྐྲུན། དེང་རབས་འཕྲུལ་རིག་སོགས་ཀྱི་ཐད་ནས་འཕེལ་རྒྱས་ཆེན་པོ་ཕྱིན་ཡོད་པ་དང་། ལྷག་པར་དུ་རྒྱ་གར་གྱི་གྲོང་གསེབ་ཁག་ཏུ་སློབ་གྲྭ་ ༢༣༡ ལྷག་གསར་འཛུགས་ཀྱིས་སློབ་མ་གྲངས ༡༤༠༠༠༠ ལྷག་ལ་སློབ་སྦྱོང་གི་གོ་སྐབས་བསྐྲུན་པ། པཱ་ཀི་སི་ཐན་ནང་ཐེངས་འགར་དྲག་པོའི་རྒོལ་རྡུང་བཏང་བ། ལྐོག་ཟ་རུལ་སུངས་འགོག་ཆེད་དངུལ་ལོར་བརྗེ་བསྒྱུར་དང་འཕྲུལ་ལས་ཅན་དུ་བསྒྱུར་བ་སོགས་ཀྱི་གྲུབ་འབྲས་ཐོན་ཡོད་འདུག

སྲིད་བློན་ནཱ་རན་ཌ་མུ་དྷི་མཆོག་ནི། ཕྱི་ལོ་ ༡༩༥༠ ལོའི་ཟླ་ ༩ ཚེས་ ༡༧ ཉིན་གྷོ་ཇི་རཱ་ཊིའི་ཟས་རིགས་འཚོང་མཁན་གྱི་ཁྱིམ་ཚང་དཀྱུས་མ་ཞིག་ཏུ་སྐྱེས་ཤིང་། ཁོང་ཆུང་དུས་མེ་འཁོར་དང་སྤྱི་སྤྱོད་རླངས་འཁོར་ས་ཚིགས་སོགས་སུ་ཇ་འཚོང་ཞོར་དུ་སློབ་ཆུང་མཐར་ཕྱིན་ཡོད་པ་དང་། དགུང་ལོ་ ༡༨ སྟེང་ཆང་ས་བརྒྱབ་ཡོད་འདུག ཕྱི་ལོ་༡༩༧༠ ལོར་གྷོ་ཇི་རཱ་ཊིའི་མེ་འཁོར་གྱི་ཐབ་ཚང་ཞིག་ཏུ་ལས་ཀ་བྱས།  ཕྱིས་སུ་ཡིག་འབྲེལ་ལམ་ནས་ལྡི་ལི་མཐོ་སློབ་ནས་སྲིད་དོན་ཚན་རིག་གི་རིག་གནས་རབ་འབྱམས་པའི་ལག་འཁྱེར་དང་གྷོ་ཇི་རཱ་ཊིའི་གཙུག་ལག་སློབ་ཆེན་ནས་སྲིད་དོན་ཚན་རིག་གི་གཙུག་ལག་རབ་འབྱམས་པའི་ལག་འཁྱེར་བླངས་ཡོད་འདུག ཕྱི་ལོ་ ༡༩༩༥ ལོར་བྷི་ཇི་པི་སྲིད་དོན་ཚོགས་པའི་དྲུང་ཆེར་བདམས་ཐོན་བྱུང་སྟེ། ཧི་མ་ཅལ་དང་ཧར་ཡ་ན་མངའ་སྡེའི་ནང་སྲིད་དོན་གྱི་ཕྱག་ལས་གནང་ཡོད་པ་དང་། ཕྱི་ལོ་ ༡༩༩༨ ལོར་གྷོ་ཇི་རཱ་ཊིའི་གྲོས་ཚོགས་ནང་བདམས། ཕྱི་ལོ་ ༢༠༠༡ ལོ་ནས་བཟུང་གྷོ་ཇི་རཱ་ཊི་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱི་ཕྱག་ལས་གནང་ཡོད་པ་དང་། ཕྱི་ལོ་ ༢༠༡༤ ལོ་ནས་རྒྱ་གར་གྱི་སྐབས་ ༡༦ པའི་སྲིད་བློན་གྱི་ཕྱག་ལས་གནང་།

གསར་འགོད་པ། དཔལ་ལྡན།
རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Xi Jinping, left, and Kim Jong Un, right, pictured shaking hands in this photo released by Xinhua. Xie Huanchi/Xinhua/AP
Mobile App

ཞི་ཅིན་ཕིན་མི་ལོ་བདུན་གྱི་རྗེས་བྱང་ཀོ་རི་ཡར་ཕྱིན། 

༢༠༢༦/༠༦/༡༠
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

༢༠༢༦/༠༦/༠༩
Front Slider

དགོན་སྡེ་ཁག་གཉིས་ཀྱི་གཞི་རྩའི་ཐོབ་ཐང་འཕྲོག་པའི་གནད་དོན་དང་འབྲེལ་ནས་སྔོན་འགྲོའི་ཉན་ཞིབ་འཚོགས།

༢༠༢༦/༠༦/༠༩
དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
Front Slider

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་ཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese