མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དྲན་པ་ཉེར་བཞག་གི་སྒོམ་ནི་ཞིབ་འཇུག་གི་ལམ་ནས་གསལ་སྟོན་བྱས་ཟིན་པའི་སེམས་ངལ་ཞི་བའི་ཐབས་ལམ་ཞིག

བོད་ཀྱི་དུས་བབ།
༢༠༢༤/༠༦/༠༧
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་སེམས་ཁམས་ཚན་རིག་ལྷན་ཚོགས་ནས་སྤེལ།
སྨན་པ་ཐུབ་བསྟན་དཔལ་ལྡན་གྱིས་བསྒྱུར།

—–དྲན་པ་ཉེར་བཞག་གི་སྒོམ་ཀྱིས་ལུས་སེམས་གཉིས་ཀའི་འཕྲོད་བསྟེན་ལ་ཕན་པ།

ལོ་ངོ་སྟོང་ཕྲག་མང་པོར་མི་རྣམས་ཀྱིས་སྒོམ་བརྒྱབ་ཡོད་ལ་དེ་དག་མང་པོ་ཞིག་ནི་ཆོས་ལུགས་ཀྱི་ཆ་ཤས་སུ་ཉམས་ལེན་བྱས་ཡོད། ཡིན་ནའང་ཉེ་བའི་ལོ་ཤས་ནང་དྲན་པ་ཉེར་བཞག་ནི་མི་རྣམས་ཀྱི་སེམས་ངལ་ལ་གདོང་ལེན་དང་སྤྱི་ཡོངས་ཀྱི་བདེ་ཐང་ཡར་རྒྱས་གཏོང་བའི་ཐབས་ལམ་སྙན་གྲགས་ཅན་ཞིག་ཏུ་གྱུར་ཡོད་ཅིང་། ཐབས་ལམ་དེ་ནུས་པ་ལྡན་པ་ཞིག་ཡིན་པ་ཞིབ་འཇུག་མང་པོ་ཞིག་གིས་གསལ་སྟོན་བྱས་ཡོད། སེམས་ཁམས་ཁྱད་ལས་པ་རྣམས་ལ་དྲན་པ་ཉེར་བཞག་གི་སྒོམ་ཀྱིས་ང་ཚོའི་ཀླད་པ་དང་ལུས་ཟུངས་ལ་བཟང་ཕྱོགས་ཀྱི་འགྱུར་བ་བཏང་སྟེ་ལུས་སེམས་གཉིས་ཀྱི་འཕྲོད་བསྟེན་ཡར་རྒྱས་གཏོང་གི་ཡོད་པ་གསར་རྙེད་བྱུང་ཡོད།

དྲན་པ་ཉེར་བཞག་གི་སྒོམ་ཞེས་པ་ཅི་ཞིག་རེད་དམ།

སྒོམ་ཞེས་པ་དེ་ལ་འགྲེལ་བཤད་མང་པོ་ཡོད་ཀྱང་སྟབས་བདེ་པོར་བསམ་ན་དེ་ནི་རང་གི་བློ་ལ་སྦྱོང་བརྡར་བྱས་ཏེ་སེམས་ལྷོད་ལ་འཇོག་ཐུབ་པ་དང་བཟང་ཕྱོགས་ཀྱི་སེམས་ཚོར་སྐྱེ་རུ་འཇུག་རྒྱུ་དེ་ཡིན།

དྲན་པ་ཉེར་བཞག་ནི་ཆེས་སྙན་གྲགས་ཆེ་བའི་སྒོམ་གྱི་ཐབས་ལམ་ཞིག་རེད། དེ་ལ་ཆ་གཉིས་ཡོད་པ་སྟེ་དམིགས་སུ་གཏད་པ་དང་དྭང་དུ་ལེན་པ་གཉིས་ཡིན། དམིགས་སུ་གཏད་པ་ཞེས་པ་ནི་རང་གི་མྱོང་ཚོར་རྣམས་དུས་ད་ལྟ་བའི་གནས་སྐབས་སུ་གང་འབྱུང་བཞིན་པའི་གནས་ཚུལ་ལ་ཁ་ཕྱོགས་པ་ལ་ཟེར། དེ་ནི་རང་གི་དབུགས་དང་ནང་གི་བསམ་བློ་དང་ཕྱི་ལུས་ཀྱིས་མྱོང་བཞིན་པའི་ཚོར་བ་སོགས་ཀྱི་སྟེང་དུ་རང་གི་བློ་བཀུག་པ་ཞིག་རེད། དྭང་དུ་ལེན་པ་ནི་གོང་གི་སེམས་ཚོར་དེ་དག་ལ་ལེགས་ཉེས་ཀྱི་དབྱེ་འབྱེད་མ་བྱས་པར་ལྟ་ནས་སྡོད་པ་ཙམ་ལ་ཟེར། བསམ་བློ་དང་ཚོར་བ་དེ་དག་གི་རྗེས་སུ་རྒྱུག་པའམ་ཡ་ལན་སྤྲོད་པ་སོགས་ཀྱི་ཚབ་ཏུ་རང་གིས་དེ་དག་ཡོད་པ་ཧ་གོ་བ་ཙམ་དང་དེ་རྣམས་རང་འགུལ་གྱིས་འགྲོ་འོང་བྱེད་འཇུག་རྒྱུ་དེ་རང་ཉིད་ཀྱི་དམིགས་ཡུལ་ཡིན་དགོས།

དྲན་པ་ཉེར་བཞག་གི་འཛིན་གྲྭ་དང་དེ་ཉིད་གཞི་ལ་བཞག་པའི་དཔྱད་བཅོས་སོགས་ཀྱིས་གཞི་རྩའི་ལྟ་གྲུབ་དེ་ལག་ལེན་དུ་འགེལ་ཐབས་སུ་མཐུན་རྐྱེན་སྦྱོར་བ་རེད། དེ་འདྲའི་ལས་གཞི་ཁག་ཏུ་དབུགས་སྦྱོང་། ཡོ་ག རང་གི་ལུས་ཚོར་དང་སེམས་ཚོོར། བསམ་བློ་སོགས་ཀྱི་སྟེང་དུ་དྲན་ཤེས་བསྟེན་ཐབས་ཀྱི་ལག་ལེན་དམར་ཁྲིད་སོགས་ཚུད་ཡོད།

དྲན་པ་ཉེར་བཞག་སྐོར་གྱི་ཞིབ་འཇུག་མང་ཆེ་ཤོས་ནི་བཅོས་ཐབས་རིགས་གཉིས་ཀྱི་ཐོག་ལ་ཤུགས་གནོན་བརྒྱབ་ཡོད།

  • དྲན་པ་ཉེར་བཞག་གིས་སེམས་ངལ་ཞི་ཐབས་(MBSR) ནི་བདུན་ཕྲག་བརྒྱད་ཀྱི་རིང་དུ་རང་ཁྱིམ་དུ་ཉིན་ལྟར་དྲན་པ་ཉེར་བཞག་གི་སྒོམ་སྦྱོང་བརྡར་དང་བདུན་རེར་དྲན་པ་ཉེར་བཞག་སྐོར་མཉམ་ཞུགས་པ་གཞན་རྣམས་དང་ལྷན་དུ་འཛིན་གྲྭ་སོགས་ཡོད་པའི་བཅོས་ཐབས་ཤིག་རེད།
  • དྲན་པ་ཉེར་བཞག་སྟེང་ནས་སེམས་ཁམས་སློབ་གསོའི་ཐབས་ལམ་ (MBCT) ཞེས་པ་ནི་གོང་གི་ MBSR དང་སེམས་ཁམས་སློབ་གསོའི་ཐབས་ལམ་(CBT) གཉིས་ཟུང་འབྲེལ་གྱིས་སེམས་གཅོང་གི་ནད་པ་གསོ་བའི་ཐབས་ལམ་ཞིག་རེད།

ནད་མེད་ཀྱི་མི་ལ་དྲན་པ་ཉེར་བཞག་གི་ཞིབ་འཇུག་དཔྱད་རྩོམ་རྣམས་གྲངས་ཉིས་བརྒྱ་བརྒལ་བར་ཉམས་ཞིབ་པ་རྣམ་པས་བསྐྱར་ཞིབ་བྱས་པ་བརྒྱུད། དྲན་པ་ཉེར་བཞག་གི་བཅོས་ཐབས་ནི་སེམས་གཅོང་། སེམས་དངངས། སེམས་ངལ་བཅས་ཉུང་དུ་གཏོང་བར་དམིགས་བསལ་གྱིས་ཕན་ཐོགས་ཡོད་པ་མ་ཟད་ན་ཚ་བྱེ་བྲག་པ་སེམས་གཅོང་། ཟུག་གཟེར ཐ་མག་དང་ངན་ལང་ཤོར་བ་སོགས་ཀྱང་བཅོས་ཐབས་སུ་ཕན་ཐོགས་ཡོད་པ་བརྙེད་འདུག སེམས་གཅོང་ཕོག་པའི་ནད་པ་རྣམས་ལ་ཆེས་རེ་བ་ཆེ་བའི་ཉམས་ཞིབ་འགའ་ཤས་བྱས་ཡོད་པ་ལས་འགའ་ཤས་དཔེར་ན་ MCBT ལྟ་བུས་དེ་སྔ་སེམས་གཅོང་ཚབས་ཆེན་ཡང་ནས་ཡང་དུ་ན་མྱོང་བའི་མི་རྣམས་ཀྱི་ནད་བསྐྱར་ལོག་མ་ཐེབས་པར་ཕན་ཐོགས་རླབས་ཆེན་ཡོད་པ་གྲུབ་དོན་དུ་བརྙེད་འདུག ད་དུང་དེས་ཀྱང་མ་ཚད་པར། དྲན་པ་ཉེར་བཞག་གི་སྒོམ་གྱིས་ཕྱི་ལུས་ཀྱི་འཕྲོད་བསྟེན་ཡར་རྒྱས་གཏོང་ཐུབ་པ་དཔེར་ན་གཅོང་ཅན་ན་ཟུག་ཕོག་པའི་ནད་པ་རྣམས་ཀྱི་ཟུག་གཟེར། ངལ་དུབ། སེམས་ངལ་སོགས་ཆུང་དུ་གཏོང་ཐུབ་ཀྱི་ཡོད། ཞིབ་འཇུག་གཞན་རྣམས་ལས་དྲན་པ་ཉེར་བཞག་གིས་ནད་འགོག་མ་ལགས་ཡར་རྒྱས་གོང་འཕེལ་དུ་གཏོང་བ་དང་ཆམ་ཚད་ཕོག་པའི་མི་རྣམས་མྱུར་དུ་དྲག་སྐྱེད་ཡོང་བ་སོགས་ལ་ཕན་ཐོགས་ཡོད་སྲིད་པའི་སྔོན་འགྲོའི་དཔང་རྟགས་བརྙེད་ཡོད་འདུག

དྲན་པ་ཉེར་བཞག་གི་བྱ་བ་བྱེད་ཚུལ།

རང་ཉིད་ཀྱི་དོ་སྣང་དང་དམིགས་པ་རང་གི་བསམ་བློ་དང་མྱོང་ཚོར་བཅས་ལ་བཞག་ཙམ་གྱིས་ལུས་ཀྱི་ཕྱི་ནང་བར་གསུམ་དུ་བཟང་ཕྱོགས་ཀྱི་གྲུབ་འབྲས་མང་པོ་དེ་འདྲ་ཇི་ལྟར་ཡོང་ངམ། ཉམས་ཞིབ་པ་རྣམས་ཀྱིས་དྲན་པ་ཉེར་བཞག་གི་ཁེ་ཕན་དེ་ཚོ་ནི། ང་ཚོའི་ཕྱི་གཟུགས་པོས་ནང་སེམས་ཀྱི་དཀའ་ངལ་དང་གནོན་ཤུགས་ལ་ཁ་གཏད་དུ་སློང་བའི་རང་གི་ལུས་སྟེང་གི་འགྱུར་འགྲོས་རྣམས་ཞི་འཇམ་དུ་གཏོང་བའི་ནུས་པ་དང་འགྲེལ་བ་ཡོད་པ་ཡིད་ཆེས་གནང་གི་ཡོད།

ཡུན་རིང་སེམས་ངལ་ན་བའི་རྐྱེན་གྱིས་ལུས་ཀྱི་ནད་འགོག་མ་ལག་ཉམས་ཆགས་འགྲོ་བ་མ་ཟད་འཕྲོད་བསྟེན་གྱི་དཀའ་ངལ་གཞན་དག་ཀྱང་སྡུག་ཏུ་འགྲོ་བ་རེད། སེམས་ངལ་ཆུང་དུ་བཏང་བ་བརྒྱུད་དྲན་པ་ཉེར་བཞག་གིས་ལུས་སྤྱི་ལ་ཤུགས་རྐྱེན་སྤྲོད་ཐུབ་པ་རེད།

སེམས་ཁམས་ཚན་རིག་པ་རྣམས་ཀྱིས་དྲན་པ་ཉེར་བཞག་གིས་ཀླད་པའི་ནང་གི་སེམས་ངལ་གྱི་རྒྱུ་ལམ་གཉིས་ཀྱི་ཐོག་ཤུགས་རྐྱེན་སྤྲོད་པ་སྟེ་དྲན་ཤེས་དང་སེམས་ཚོར་སྟངས་འཛིན་བྱེད་པའི་ཀླད་པའི་ཆ་ཤས་ཀྱི་དབྱིབས་བཀོད་དང་བྱེད་ལས་གཉིས་ལ་འགྱུར་བ་གཏོང་གི་ཡོད་པ་ཤེས་ཡོད། དགེ་མཚན་དེ་དག་དྲན་པ་ཉེར་བཞག་གི་ཆ་གང་དང་གང་ལ་རག་ལུས་པའང་ཚན་རིག་པ་རྣམས་པས་གསར་དུ་རྟོགས་བཞིན་ཡོད། སྒོམ་གྱི་སྐོར་ཞིབ་འཇུག་བྱས་པའི་གྲུབ་དོན་དཔྱད་རྩོམ་ཁག་ལ་བསྐྱར་ཞིབ་བྱས་པ་ལས་སེམས་ཁམས་ཞིབ་འཇུག་པ་རྣམས་པས་MBCT གྱི་བཅོས་ཐབས་ཐོབ་ཟིན་པའི་མི་རྣམས་སེམས་ངལ་གྱི་དུས་སྐབས་སུ་བསམ་བློ་ངན་ཕྱོགས་སུ་ཤོར་བའམ་ཕན་མེད་ཀྱི་སེམས་ཚོར་ཤུགས་ཆེན་གྱི་རིགས་སྐྱེ་རྒྱུ་ཉུང་བ་ཡོད་པའི་དཔང་རྟགས་ཚད་ལྡན་མཐོང་ཡོད། མ་ཟད་ཁོང་རྣས་པས་ MBCT དང་ཡང་ན་MBSR གྱི་ཐབས་ལམ་ནང་མཉམ་ཞུགས་བྱས་ཟིན་པའི་མི་རྣམས་ངན་ཕྱོགས་ཀྱི་བསམ་བློ་དང་ཉམས་མྱོང་གི་སྐོར་ལ་ཡང་ནས་ཡང་དུ་བསམ་བློ་གཏོང་བ་དང་སེམས་ཁྲལ་བྱ་རྒྱུ་ཉུང་བ་ཡོད་པ་དང་། མིག་སྔར་གྱི་གནས་ཚུལ་ལ་རིག་པ་སྒྲིམ་རྒྱུའི་ནུས་པ་ཆེ་བ་ཡོད་པའི་དཔང་རྟགས་འབྲིང་ཙམ་བརྙེད་ཡོད།

མགོ་ཇི་ལྟར་རྩོམ་དགོས་སམ།

དྲན་པ་ཉེར་བཞག་ལ་སློབ་སྦྱོང་བྱེད་རྒྱུ་ནི་སྔར་ལས་ཀྱང་ད་ལྟ་ཆེས་ལས་སླ་པོ་ཆགས་ཡོད། སྐུ་ཉིད་ཚོད་ལྟ་བྱེད་རྒྱུར་གྲ་སྒྲིག་ཡོད་དམ། ཐབས་ལམ་དང་རྣམ་པ་ཅུང་མི་འདྲ་བ་ཡོད་ཀྱང་ཡོ་ག་ལྟེ་གནས། རྩེད་མོའི་ཚོགས་ཁག སྨན་ཁང་ཆེ་ཆུང་སོགས་ཀྱི་ནང་དུ་དྲན་པ་ཉེར་བཞག་གི་འཛིན་གྲྭ་དང་བཅོས་ཐབས་སོགས་ཁྱབ་རྒྱ་ཆེན་པོ་ཡོད། ཁེ་ཕན་ནམ་དགེ་མཚན་གྱི་དཔང་རྟགས་ཡག་ཤོས་ཡོད་པའི་བཅོས་ཐབས་སྟེ་MBSR ཡང་ན་ MBCT ལ་ལག་ལེན་དངོས་ཀྱི་སྦྱོང་བརྡར་ཡོད་པའི་གསོ་དཔྱད་པ་ཚད་ལྡན་ཞིག་ཚོལ་དང་། དྲན་པ་ཉེར་བཞག་གི་བཅོས་ཐབས་སྣ་ཚོགས་ཤིག་དེང་སང་དྲྭ་ལམ་དང་ཡང་ན་ལག་ཐོག་ཁ་པར་གྱི་མཉེན་ཆས་སོགས་མང་པོ་ཡོད་ཀྱང་ཉམས་ཞིབ་ཡུན་རིང་བརྒྱུད་ནས་དེ་ཚོས་ཀླད་པ་དང་གཟུགས་པོ་ལ་ཤུགས་རྐྱེན་ཇི་ལྟར་ཐེབས་མིན་རྩད་གཅོད་བྱེད་དགོས། དེ་ལྟར་ནའང་སྔོན་འགྲོའི་ཞིབ་འཇུག་བརྒྱུད་ནས་དྲྭ་ཐོག་གི་དྲན་པ་ཉེར་བཞག་གི་ཐབས་ལམ་དེ་ཚོས་སེམས་ཁམས་འཕྲོད་བསྟེན་ཐད་བཟང་ཕྱོགས་ཀྱི་ཤུགས་རྐྱེན་ཡོད་པ་ར་འཕྲོད་བྱུང་ཡོད།

དྲན་པ་ཉེར་བཞག་གི་སྒོམ་དེ་ཐོག་མར་མ་གོམས་པས་བཅོས་མ་ལྟ་བུའི་ཚོར་སྣང་འབྱུང་སྲིད་ལ་ཁྱེད་ཀྱི་ཉིན་རེའི་རྒྱུན་ལྡན་གྱི་བྱེད་སྒོའི་ཆ་ཤས་སུ་འགྱུར་བར་དུས་ཡུན་གང་འཚམ་འགོར་སྲིད། ཡིན་ནའང་རིམ་པས་སྦྱོང་བརྡར་བྱས་ན། ད་གཟོད་ཁྱེད་ཀྱིས་ལུས་སེམས་ཀྱི་བདེ་ཐང་གོང་འཕེལ་དང་སེམས་ངལ་ཆུང་དུ་གཏོང་བའི་ཐབས་ལམ་ཡང་དག་པ་ཞིག་བརྙེད་སྲིད་དོ།།

མ་རྩོམ་དྲྭ་ཐགhttps://www.apa.org/topics/mindfulness/meditation

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese