མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། 

བོད་ཀྱི་དུས་བབ།
༢༠༢༤/༠༦/༡༡
Share on FacebookShare on TwitterShare on EmailShare on Whatsapp

༧མགོན་པོ་གང་ཉིད་བོད་ལུགས་ལྟར་དགུང་གྲངས་དགུ་བཅུའི་འཁྲུངས་སྐར་དང་བསྟུན་ཚོགས་པ་ཁག་གསུམ་གྱིས་བརྟན་བཞུགས་བསྟར་འབུལ་ཞུས་སོང་།

བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཟུར་བ་དང་། སྐུ་སྲུང་ཟུར་བ། དེ་བཞིན་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་བཅས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུས། ༢༠༢༤།༠༦།༡༡

དེ་རིང་ཕྱི་ཟླ་ ༦ ཚེས་ ༡༡ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བོད་ལུགས་ལྟར་དགུང་གྲངས་དགུ་བཅུའི་འཁྲུངས་སྐར་དང་བསྟུན།  བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཟུར་བ་དང་། སྐུ་སྲུང་ཟུར་བ། དེ་བཞིན་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་བཅས་ཀྱིས་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུས་ཡོད་ཅིང་། སྐབས་དེར་༧མགོན་པོ་གང་ཉིད་ཀྱིས་བྱང་ཆུབ་སེམས་དང་སྟོང་ཉིད་ཀྱི་ལྟ་བ་ཉམས་ལེན་གནང་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་སོགས་ཀྱི་བཀའ་སློབ་བཟང་པོ་བསྩལ་སོང་། 

བརྟན་བཞུགས་སྐབས་༧མགོན་པོ་གང་ཉིད་ཀྱིས། དེ་རིང་ཆོས་གྲོགས་ཚོས་བརྟན་བཞུགས་ཕུལ་བ་རེད། ངོས་རང་ལོ་བརྒྱ་དང་བཅུ་གྲངས་ཤིག་བསྡད་རྒྱུའི་རྨི་ལམ་གསལ་པོ་ཞིག་འདུག ངོས་ཀྱི་མཇིང་པ་སྒང་ནས་དཔལ་ལྡན་ལྷ་མོས། ཁྱེད་རང་ལོ་བརྒྱ་དང་བཅུ་གྲངས་ཤིག་བསྡད་རྒྱུ་རེད་གསུང་གི་འདུག ད་ལྟ་ང་རང་ཚོ་བོད་པ་ལ་དཀའ་ངལ་ཆེན་པོ་ཡོད་པས། བོད་པ་སྤྱི་མཐུན་གྱི་ལས་དང་སྨོན་ལམ་གྱི་སྟོབས་ལས་ངོས་རང་མདོ་སྨད་ནས་སྐྱེས་བ་ཞིག་ལ་བོད་པ་མང་པོ་ཞིག་གིས་དགའ་པོ་བྱ་རྒྱུ་ཞིག་དང་། ལུང་རྟོགས་ཀྱི་བསྟན་པར་ཞབས་འདེགས་གང་འཚམ་ཞིག་སྒྲུབ་མཁན་ཞིག་ཆགས་དུས། ལྷ་མོའི་ལུང་བསྟན་དེའང་རྒྱུ་མཚན་ལྡན་པ་ཞིག་འདུག ངོས་རང་ལས་དང་སྨོན་ལམ་གྱི་དབང་གིས་སྐྱེས་བ་ཞིག་ཡིན་དུས། ལྷ་མོའི་ལུང་བསྟན་བཞིན་ལོ་བརྒྱ་དང་བཅུ་གྲངས་ཤིག་སྡོད་ཀྱི་རེད། ཁྱེད་རང་ཚོ་ཚང་མ་བློ་བདེ་པོ་བྱས་ནས་བཞུགས། ཞེས་གསུངས་སོང་།

བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཟུར་བ་དང་། སྐུ་སྲུང་ཟུར་བ། དེ་བཞིན་འགྲོ་ཕན་བོད་ཀྱི་སྨན་རྩིས་ཁང་བཅས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུས། ༢༠༢༤།༠༦།༡༡

 ཡང་༧མགོན་པོ་གང་ཉིད་ཀྱིས། གལ་ཆེ་ཤོས་དེ་ང་རང་ཚོ་གསོན་པའི་རིང་ལ། ང་ཚོ་བཅོམ་ལྡན་འདས་ཀྱི་ཆོས་པ་ཞིག་ཡིན་དུས། སངས་རྒྱས་བཅོམ་ལྡན་འདས་ཀྱི་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བའི་སྐོར་གསུངས་པ་དེ་ང་ཚོས་ག་ཚོད་ཐུབ་ཐུབ་ཀྱིས་ལག་ལེན་བསྟར་དགོས་རེད། བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་ཡག་པོ་ཞིག་བསམ་བློ་བཏང་བ་ཡིན་ན་མི་གོ་ཆོད་པ་ཞིག་རེད། ངོས་རང་ལ་མཚོན་ནའང་ཉིན་རེ་བཞིན་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་ལ་བསམ་བློ་ཞེ་དྲགས་གཏོང་གི་ཡོད་སྟབས། ཆོས་གྲོགས་ཚོས་ཀྱང་ཉིན་རེ་བཞིན་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་ལ་དགོངས་པ་ཡག་པོ་ཞིག་བཞེས། ང་ཚོས་ཚོགས་བསགས་སྒྲིབ་སྦྱོང་བྱ་རྒྱུའི་ཐབས་ཤེས་ཡག་ཤོས་དེ་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་བསྒོམ་རྒྱུ་དེ་ཆགས་ཡོད། དཔལ་ལྡན་ལྷ་མོ་དགྱེས་པ་བྱེད་པའི་མཆོད་པ་དེའང་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ལྟ་བ་བསྒོམ་རྒྱུ་དེ་གཙོ་བོ་ཆགས་ཀྱི་འདུག སངས་རྒྱས་བཅོམ་ལྡན་འདས་དགྱེས་པ་སྐྱེ་རྒྱུའི་སྒྲུབ་པའི་མཆོད་པ་ཡག་ཤོས་དེའང་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ལྟ་བ་བསྒོམ་རྒྱུ་དེ་གཙོ་བོ་ཆགས་ཀྱི་ཡོད་རེད། ང་ཚོ་བོད་པའི་སྤྱི་དོན་ལ་ཆ་བཞག་ནའང་ག་ཚོད་ཐུབ་ཐུབ་ཀྱིས་བྱང་ཆུབ་ཀྱི་སེམས་དང་སྟོང་ཀྱི་ལྟ་བ་བསྒོམས་ནས་ཕྱིན་པ་ཡིན་ན། བོད་དབང་བསྒྱུར་བྱེད་མཁན་གྱི་རྒྱ་ནག་ལ་མཚོན་ནའང་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་དོ་སྣང་བྱེད་མཁན་ཇེ་མང་ནས་ཇེ་མང་དུ་འགྲོ་ཡི་འདུག་ལ། འཛམ་བུ་གླིང་ཤར་ནུབ་དང་ལྷོ་བྱང་སོགས་ནས་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་ལ་དོ་སྣང་བྱེད་མཁན་དེ་ཤུགས་ཆེ་རུ་ཆེ་རུ་འགྲོ་ཡི་འདུག ཚང་མའི་ཧུར་ཐག་གིས་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་དགོངས་པ་ཡག་པོ་ཞིག་བཞེས། ཞེས་གསུངས་སོང་། 

 ཡང་༧མགོན་པོ་གང་ཉིད་ཀྱིས། བརྟན་བཞུགས་ཕུལ་བ་ནི་དངུལ་ཕུལ་བའི་སྐད་ཆ་ཞིག་མ་རེད། སོ་སོས་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་ཉམས་ལེན་ཡག་པོ་བྱས་ན། དངོས་གནས་དྲང་གནས་སྒྲུབ་པའི་མཆོད་པ་ཡག་ཤོས་དེ་ཆགས་ཡོད་པ་རེད་ལ། བླ་མ་དགྱེས་པའི་མཆོད་པའང་དེའི་ཐོག་ནས་ཡོང་གི་རེད། ངོས་རང་གི་མི་ཚེ་མཚོན་ན་དཔལ་ལྡན་ལྷ་མོའི་ལུང་བསྟན་གསལ་པོ་ཞིག་ཡོད། བྱས་ཙང་ངོས་རང་ལོ་མང་པོ་ཞིག་བསྡད་རྒྱུར་ཕལ་ཆེར་ཐག་ཆོད་པ་ཞིག་རེད། ངོས་རང་གིས་ཧུར་ཐག་འབད་ཐག་བྱེད་ཀྱི་རེད། ཁྱེད་རང་ཚོས་ཀྱང་ཧུར་ཐག་འབད་ཐག་གནང་ཤོག ཅེས་གསུངས་སོང་། 

 ད་ལྟ་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲ་རྒྱར་གསལ་བའི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་མཛད་འཆར་ལྟར་ན། འདི་ལོའི་ཕྱི་ཟླ་ ༩ ཚེས་ ༡༢ དང་ ༡༣ ཉིན་གྲངས་གཉིས་རིང་ལྷོ་ཤར་ཨེ་ཤ་ཡའི་དད་ལྡན་རྣམས་ལ་ཆོས་འབྲེལ་དང་། ཕྱི་ཟླ་ ༩ ཚེས་ ༡༨ ཉིན་བོད་ཀྱི་བུད་མེད་ལྷན་ཚོགས་དང་།  བོད་ཀྱི་རྒྱལ་ས་ལྷ་སའི་མཐུན་གྲོགས་རྫོང་ཁག  ཌལ་ཧོར་སློབ་ཟུར་བཅས་ནས་བརྟན་བཞུགས་བསྟར་འབུལ། དེ་བཞིན་ཕྱི་ཟླ་ ༩ ཚེས་ ༣༠ ནས་ཉིན་གྲངས་གཉིས་རིང་ཐའེ་ཝན་གྱི་དད་ལྡན་ཆོས་ཞུ་བ་རྣམས་ལ་སྤྱོད་འཇུག་ཆེན་མོའི་ལེའུ་བརྒྱད་པའི་ཆོས་འབྲེལ་བསྩལ་རྒྱུ་དང་། ཕྱི་ཟླ་ ༡༠ ཚེས་ ༡ ཉིན་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་འདུག

གསར་འགོད་པ། དཔལ་ལྡན། 

རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་ནག་གི་“མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་”ནི་“མཐུན་སྒྲིལ་”གྱི་མིང་འོག་“གྲངས་ཉུང་མི་རིགས་”རྒྱ་བསྒྱུར་ལས་གཞི་མགྱོགས་སུ་གཏོང་ཆེད་རེད།

ཆུ་ཚོད་ ༩ སྔོན་ལ།
པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།/༢༧
Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༢ པ་རྒྱུན་སྐྱོང་མ་ཐུབ་པའི་ཐག་གཅོད་གནང་འདུག

༢༠༢༦/༠༦/༢༧
སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦/༦/༢༧
༧གོང་ས་མཆོག གསུང་འཕྲིན།

ཝེ་ནེ་སུ་ཝེ་ལར་ས་ཡོམ་གྱི་གོད་ཆག་བྱུང་བར་ཐུགས་སྨོན་མཛད།

༢༠༢༦/༠༦/༢༧
ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༦
Mobile App

ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད།

༢༠༢༦/༠༦/༢༦
Mobile App

བོད་རང་བཙན་གཙང་མ་ཡིན་པའི་ལོ་རྒྱུས་ཀྱི་བདེན་དཔང་བློས་གཏོང་ཐུབ་ཀྱི་མེད།

༢༠༢༦/༠༦/༢༦
རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

༢༠༢༦/༠༦/༢༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese