མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་བཙན་བྱོལ་བར་ལམ་རོགས་བྱས་པའི་ཉེས་མིང་འོག་བལ་པོའི་ན་གཞོན་གཉིས་འཛིན་བཟུང་བྱས།

བོད་ཀྱི་དུས་བབ།
༢༠༢༤/༠༦/༡༣
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་བལ་ཡུལ་གྱི་ཡུལ་མི་ན་གཞོན་གཉིས་ཀྱིས་བོད་མི་བཙན་བྱོལ་དུ་ཡོང་མཁན་ལ་ལམ་རོགས་བྱས་པའི་ཉེས་མིང་གཡོགས་ཏེ་འཛིན་བཟུང་བྱས་ཡོད་ཀྱང་བལ་གཞུང་གིས་ཤེས་རྟོགས་བྱུང་མེད་སྐོར་བརྗོད་འདུག

चीन ने नेपाली युवाओं को तिब्बत बुलाकर किया गिरफ्तार

ཟླ་འདིའི་ཕྱི་ཚེས་ ༡༡ ཉིན་བལ་ཡུལ་གྱི་གྲོས་ཚོགས་འཐུས་མི་རཱ་ཇིན་ཌིརཱ་བྷ་ཇི་གྷན་(Rajendra Bajgain)ཞེས་པ་ཞིག་གིས་ཡུལ་དེེའི་གྲོས་ཚོགས་ནང་དུ། བལ་ཡུལ་གྱི་ནུབ་ཕྱོགས་སུ་ཡོད་པའི་གོར་ཁ་རྫོང་(Gorkha District)ནས་ཡིན་པའི་རབ་རྒྱས་བླ་མ་(Rapke Lama)དང་ཀརྨ་ཆོས་ལྡན་བླ་མ་(Karma cheden Lama)ཞེས་པའི་ན་གཞོན་གཉིས་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཡོད་པ་དང་། ཁོང་གཉིས་ལ་བོད་མི་བཙན་བྱོལ་བར་ལམ་ཀ་ནས་རོགས་རམ་བྱས་ཡོད་པའི་ཉེས་མིང་གཡོགས་ཡོད་སྐོར་བརྗོད་འདུག

གྲོས་ཚོགས་འཐུས་མི་ཁོང་གིས། ཟླ་གཅིག་དང་ཟླ་ཕྱེད་ཀྱི་གོང་དུ་བོད་རང་སྐྱོང་ལྗོངས་ཟེར་བ་ནས་བལ་པོའི་ཡུལ་མི་དེ་གཉིས་ལ་ཁ་པར་འབྱོར་ཏེ་བོད་ནང་དུ་ཡོང་དགོས་ལུགས་བཤད་ཡོད་པ་དང་། ཁ་པར་གཏོང་མཁན་ནི་རྒྱ་གཞུང་ཉེན་རྟོག་པས་འཛིན་བཟུང་བྱས་ཟིན་པའི་བོད་མི་ཡིན་འདུག་ལ། བལ་པོའི་ཡུལ་མི་གཉིས་བོད་རང་སྐྱོང་ལྗོངས་ནང་འབྱོར་སྐབས་འཛིན་བཟུང་བྱས་འདུག ཅེས་དང་། བལ་ཡུལ་གཞུང་གིས་ད་ལྟ་ཁོང་གཉིས་གསོན་པོར་གནས་ཡོད་མེད་ཀྱི་གནས་ཚུལ་ཤེས་རྟོགས་ཕར་ཞོག ཁོང་གཉིས་ཀྱི་གནད་དོན་སྐོར་ལ་མཁྱེན་རྟོགས་ཙམ་ཡང་བྱུང་མེད་པས། བལ་གཞུང་གིས་གནད་དོན་དེའི་ཐོག་འཆར་གཞི་གང་ཡོད་པ་དང་། ངེས་པར་དུ་བལ་གཞུང་གིས་རྒྱ་ནག་གཞུང་ལ་གནད་དོན་དེའི་ཐད་སྐད་ཆ་བཤད་དགོས་པའི་འབོད་སྐུལ་གནང་འདུག

གྲོས་ཚོགས་འཐུས་མི་རཱ་ཇིན་ཌིརཱ་བྷ་ཇི་གྷན་ལགས་སྒེར་གྱི་སྤྱི་ཚོགས་དྲ་གནས་(X)ཐོག བལ་པོའི་མི་དེ་གཉིས་ཀྱིས་རྒྱལ་མཚམས་བརྒལ་བའི་ཁ་པར་ལ་ལན་འདེབས་བྱེད་སྐབས། རྒྱ་གཞུང་གི་དཔོན་རིགས་ཚོས་ཁོང་གཉིས་འཛིན་བཟུང་བྱེད་སྲིད་པའི་བློ་དོགས་གང་ཡང་བྱུང་མེད། གང་ཡིན་ཟེར་ན།  ཁོང་ཚོས་བོད་མི་བཙན་བྱོལ་བར་རོགས་རམ་བྱས་པ་ཙམ་ལས་ང་ཚོས་རྒྱ་ནག་ལ་ཁ་གཏད་གཅོག་གི་མེད་པ་ངེས་གཏན་ཡིན་ལ། ང་ཚོས་ཉེ་འགྲམ་ཁྱིམ་མཚེས་ལ་གུས་བརྩི་བྱས་ཏེ་ཧི་མ་ལ་ཡའི་རྒྱལ་མཚམས་ཁུལ་དུ་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་ཐབས་སུ་སྐད་ཆ་བཤད་ཀྱི་ཡོད་སྐོར་དང་། གནད་དོན་དེའི་ཐོག་བལ་གཞུང་ཕྱི་སྲིད་ལས་ཁུངས་དང་འབྲེལ་ཡོད་གྲོང་སྡེ་ལས་ཁུངས་གཉིས་ནས་ལན་འདེབས་གང་ཡང་སྤྲོད་ཀྱི་མེད་སྐོར་བརྗོད་འདུག

ད་དུང་གྲོས་ཚོགས་འཐུས་མི་ཁོང་གིས། གླེང་རྙོག་ཆེ་བའི་རི་འཛེགས་པ་ནཱི་མཱལ་པུར་ཇ་ (Nirmal Purja)ཡི་གནད་དོན་གླེང་སློང་གིས། ནཱི་མཱལ་པུར་ཇ་བལ་ཡུལ་གྱི་མི་སེར་ཡིན་པའི་ཐོག་ནས་རི་བོ་མཐོ་ཤོས་བརྒྱད་ལ་འཛེགས་པ་དང་། ད་ལྟ་ཁོས་བལ་གཞུང་ནས་རི་འཛེགས་བྱེད་ཀྱི་ཐག་པ་གཅོད་ཀྱི་ཡོད་པའི་སྐྱོན་འཛུགས་བྱས་ཏེ། ཕྱི་མི་ཞིག་གི་ཆེད་དུ་བལ་ཡུལ་གྱི་མི་སེར་ཐོབ་ཐང་བློས་བཏང་ཡོད། འདི་ལྟ་བུའི་བྱ་སྤྱོད་ཀྱིས་བལ་ཡུལ་གཞུང་དང་བལ་ཡུལ་གྱི་གཅིག་སྒྲིལ་ལ་དམའ་འབེབས་བྱས་འདུག མི་འདི་འདྲ་ཞིག་གིས་བལ་ཡུལ་ལ་དམའ་འབེབས་བྱེད་བཞིན་པ་དེ་སྲིད་གཞུང་གིས་སྣང་མེད་དུ་གཏོང་མི་ཉན་པའི་གནད་དོན་ཚབས་ཆེན་ཞིག་ཡིན་སོགས་བརྗོད་འདུག

ཚེ་རིང་རྣམ་རྒྱལ། སྐལ་བཟང་སྦྱིན་པས་རྩོམ་སྒྲིག་བྱས།

འབྲེལ་ཡོད་གསར་འགྱུར།

Mobile App

ཨ་རི་དང་ཨི་རན་དམག་འཁྲུག་གི་ཆོས་པ་དང་སྲིད་དོན་པའི་རྩོད་རྙོག་མགོ་བཙུགས།

ཆུ་ཚོད་ ༢༢ སྔོན་ལ།
བོད་རྨ་ཆུ་རྫོང་ཆུ་ཁ་མ་དགོན་པའི་དགེ་འདུན་པ་བསམ་གཏན་རྒྱ་མཚོ་ལགས་དང་འཇམ་དབྱངས་བསམ་གཏན་ལགས་གཉིས་འཛིན་བཟུང་བྱས་ཏེ་ལོ་གཅིག་ལྷག་ཕྱིན།   པར་འབྲེལ་ཡོད་ནས་འདི་ག་དུས་བབ་ལ་མཁོ་སྤྲོད་བྱས།
Mobile App

དགེ་འདུན་པ་གཉིས་འཛིན་བཟུང་བྱས་ཏེ་ལོ་གཅིག་ལྷག་ཕྱིན་འདུག

ཆུ་ཚོད་ ༢༤ སྔོན་ལ།
བསམ་ཚུལ།

ཀློག་དེབ་ལོ་ཙཱ་བ་དང་གྲོས་འདེབས་ཀྱི་གཏམ་ཟུར་གསུམ་མ།

༢༠༢༦/༠༤/༡༧
མོན་གྷོ་འདོད་རྒུ་གླིང་གི་རུ་ཁག་ལ་ལོ་གསུམ་བསྟུད་མར་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་རྟགས་མ་ཐོབ་སོང་། ཐད་གཏོང་ནས་པར་བླངས། ༢༠༢༦།༤།༡༦
Mobile App

མོན་གྷོ་འདོད་རྒུ་གླིང་རུ་ཁག་ལ་ལོ་གསུམ་བསྟུད་མར་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཐོབ།

༢༠༢༦/༠༤/༡༦
བོད་ཀྱི་ཟློས་གར་ཚོགས་པའི་ནང་མོན་ཡུལ་གྱི་སློབ་ཕྲུག་ ༡༢ རིན་མེད་ཐོག་སློབ་འཇུག་གནང་།
Mobile App

མོན་ཡུལ་གྱི་སློབ་ཕྲུག་ ༡༢ རིན་མེད་ཐོག་བོད་ཀྱི་ཟློས་གར་ཚོགས་པའི་ནང་སློབ་འཇུག་གནང་།

༢༠༢༦/༠༤/༡༦
Uncategorized

ངའི་མཐོང་ལམ་གྱི་མདོ་སྨད་སྤྱི་འཐུས་ཆོས་གྲགས་རྒྱ་མཚོ།

༢༠༢༦/༠༤/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese