མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིས་རྒྱ་རིགས་གནས་སྤོར་བ་༡༡༦ ཕྱིར་ཕུད་བཏང་འདུག

བོད་ཀྱི་དུས་བབ།
༢༠༢༤/༠༧/༠༤
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་རིགས་གནས་སྤོ་བ་ནི་ཨ་རིའི་སྲིད་འཛིན་གྱི་འོས་བསྡུའི་སྐབས་དོ་སྣང་བྱེད་སའི་བརྗོད་གཞི་ཞིག་ཆགས་ཏེ་ཨ་རིས་རྒྱ་རིགས་གནས་སྤོར་བ་བརྒྱ་ལྷག་ཕྱིར་ཕུད་བཏང་བ་ཡོངས་བསྒྲགས་བྱས་འདུག

China and US resume cooperation on deportation as Chinese immigrants rush in from southern border. Photo: The Associated Press.

དེ་རིང་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་སྲིད་འཛིན་གྱི་འོས་བསྡུ་ཆེན་མོ་བསླེབ་ལ་ཉེ་བའི་སྐབས་འདིར། རྒྱ་ནག་ནས་ཨ་རིར་རྒྱུ་མཚན་སྣ་ཚོགས་ཀྱི་འོག་ནས་སྐྱབས་བཅོལ་དུ་འབྱོར་བའི་རྒྱ་རིགས་ ༡༡༦ ཕྱིར་གཟའ་འཁོར་སྔོན་མའི་ནང་རྒྱ་ནག་ཏུ་ཕྱི་ཕུད་བཏང་ཡོད་པ་ཨ་རིའི་རྒྱལ་ནང་བདེ་འཇགས་ལས་ཁུངས་ཀྱིས་བསྒྲགས་འདུག

དེ་འབྲེལ་གནས་ཚུལ་ནང་། འདས་ལོ་ནས་ཨ་རིར་གནས་སྦོར་བྱེད་མཁན་གྱི་རྒྱ་རིགས་ཀྱི་གྲངས་འབོར་ཧ་ཅང་འཕར་ཡོད་པ་དང་། དམིགས་བསལ་ད་ལྟའི་ཆར་ཨ་རིའི་སྲིད་འཛིན་གྱི་འོས་བསྡུའི་བགྲོ་གླེང་འགྲོ་བཞིན་པའི་སྐབས་སུ་རྒྱ་ནག་ནས་རྒྱ་རིགས་གནས་སྦོར་བ་མང་པོ་ཨ་རིར་ཡོང་གི་ཡོད་པ་ནི་རྒྱུན་ལྡན་ཞིག་མིན་པས། ཨ་རིས་ད་ལྟའི་གནས་སྐབས་སུ་རྒྱ་རིགས་དེ་ཚོས་རྗོད་ཀྱིན་པའི་དབུལ་ཕོངས་དང་དྲག་གནོན་གྱི་དཀའ་ངལ་ལ་ཁ་ཡ་བྱེད་ཐབས་བྲལ་བའི་གནས་སྟངས་འོག རྒྱ་རིགས་ ༡༡༦ ཕྱིར་རྒྱ་ནག་ཏུ་ལོག་བཏང་ཡོད་པ་གསལ་འདོན་བྱས་འདུག

ཨ་རིའི་རྒྱལ་ནང་བདེ་འཇགས་ལས་ཁུངས་ཀྱིས། ད་ལྟའི་ཆར་ང་ཚོས་། ཁྲིམས་འགལ་གྱི་གནས་སྤོ་ཉུང་དུ་གཏོང་བ་དང་འགོག་ཐབས་བྱེད་པ། ཁྲིམས་འགལ་གྱི་མི་ནག་ཚོང་བྱེད་མཁན་རྣམས་བཀག་འགོག་བྱེད་པར་རྒྱ་ནག་དང་མཉམ་ལས་བྱེད་ཀྱི་ཡོད་ཅེས་བརྗོད་འདུག་ནའང་། རྒྱ་ནག་གཞུང་གིས་ཨ་རིར་རྒྱ་རིགས་མང་པོ་གནས་སྤོ་བྱེད་བཞིན་པ་དེ་ག་དུས་ཤིག་ནས་མགོ་བརྩམས་ཡོད་མེད་ཐད་ཨ་རིར་ལན་འདེབས་བྱས་མེད་པ་རེད།

ཐེངས་འདིར་ཨ་རིས་རྒྱ་རིགས་ ༡༡༦ ཕྱིར་ཕུད་བཏང་བ་དེ་ནི་འདས་པའི་ལོ་ལྔའི་རིང་ཕྱི་མི་གནས་སྦོར་བ་ཕྱིར་ཕུད་བཏང་བའི་གྲངས་འབོར་ཆེ་ཤོས་ཆགས་ཡོད་པ་དང་། རྒྱ་རིགས་དེ་དག་ཕྱིར་ཕུད་གཏོང་དགོས་དོན་ཡང་གཟའ་འཁོར་སྔོན་མའི་ནང་ཨ་རིའི་སྲིད་འཛིན་གྱི་འོས་མིའི་བར་བགྲོ་གླེང་སྐབས། དེང་སྐབས་རྒྱ་རིགས་མང་པོ་ཨ་རིར་གནས་སྦོར་བྱེད་བཞིན་པ་ནི་གལ་གནད་ཆེ་བའི་བརྗོད་གཞི་ཞིག་ཏུ་གྱུར་བ་ལ་བརྟེན་ནས་བྱུང་ཞིང་། ལོ་རེ་བཞིན་རྒྱ་རིགས་སྟོང་ཕྲག་མང་པོས་རྒྱ་ནག་ནང་དབུལ་ཕོངས་དང་ཆབ་སྲིད་ཀྱི་དྲག་གནོན་ཆེ་བའི་དཀའ་ངལ་བགྲང་སྟེ་ཨ་རིར་སྐྱབས་བཅོལ་ཞུ་ཐབས་བྱེད་བཞིན་ཡོད་པ་རེད།

ཉེ་བའི་ལོ་འགའི་རིང་ཨ་རིར་གནས་སྤོར་བྱེད་མཁན་གྱི་རྒྱ་རིགས་ཀྱི་གྲངས་འབོར་ཧ་ཅང་འབོར་ཆེན་ཆགས་བཞིན་ཡོད་པ་དང་། ཕྱི་ལོ་ ༢༠༢༣ ལོར་ཨ་རིར་གནས་སྤོར་བྱེད་མཁན་རྒྱ་རིགས་ ༣༧༠༠༠ བྱུང་ཞིང་། ཕྱི་ལོ་ ༢༠༢༢ ལོར་བསྡུར་ན་ལྡབ་བཅུ་འཕར་ཡོད་པ་རེད་ལ། རྒྱ་རིགས་དེ་དག་ཨ་རིའི་ཁྱིམ་མཚེས་རྒྱལ་ཁབ་མེག་སི་ཁོ་བརྒྱུད་ཨ་རིར་འགྲོ་བཞིན་ཡོད་ཅིང་། ཨ་རིའི་སྲིད་འཛིན་ཟུར་བ་དང་ད་ལྟའི་སྲིད་འཛིན་གྱི་འོས་མི་ཌོ་ནལ་ཊུམ་ཕུ་ནི་རྒྱ་རིགས་མང་པོ་ཨ་རིར་གནས་སྤོར་བྱེད་བཞིན་པའི་ཐད་དོགས་སློང་གནང་མཁན་ཞིག་ཡིན་པ་རེད།

སྤྱིར་ཨ་རི་དང་རྒྱ་ནག་བར་ཡུལ་མི་གནས་སྤོ་དང་འབྲེལ་བའི་སྲིད་ཇུས་ཡོད་ཀྱང་། རྒྱ་ནག་གཞུང་གིས་ཨ་རིས་ཕྱིར་ཕུད་བཏང་བའི་རྒྱ་རིགས་མང་པོ་ཞིག་ཕྱིར་རྩིས་ལེན་བྱེད་པར་ངོས་ལེན་བྱས་མེད་ཁར། ད་དུང་ཨ་རིས་རྗོད་ཀྱིན་པའི་ཁྲིམས་འགལ་གྱི་གནས་སྤོ་བ་ཟེར་བ་མཐའ་གཅིག་ཏུ་དགག་པ་རྒྱག་གིན་ཡོད་པ་དང་། རྒྱ་ནག་གིས་མཐའ་མཚམས་སྲུང་སྐྱོབ་ནན་མོ་བྱས་ཏེ་ནག་ཚོགས་དང་འབྲེལ་བའི་མི་ཚོང་དང་གནས་སྤོ་བའི་རིགས་ལ་བཀག་སྡོམ་ཤུགས་ཆེན་བྱེད་བཞིན་ཡོད་པའི་ལན་འདེབས་བྱས་འདུག

ཡང་ད་རེས་རྒྱ་རིགས་འབོར་ཆེན་ཕྱིར་ཕུད་བཏང་བ་དེས། ཨ་རིའི་ནང་ཨེ་ཤ་ཡའི་རིགས་ལ་དབྱེ་འབྱེད་དང་ཐུབ་ཚོད་གཏོང་བའི་ཤུགས་རྐྱེན་ཞིག་ཐེབས་སྲིད་སྐོར་ཡང་གླེང་སློང་བྱས་འདུག་པ་དང་། ཨ་རིར་རྟེན་གཞི་བྱས་པའི་ཨེ་ཤ་ཡ་ཐོབ་ཐང་ཞུ་གཏུགས་ཚོགས་པ་ཁག་ཅིག་གིས། ཁོ་ཚོའང་དྲག་གནོན་དང་དབུལ་ཕོངས་ལ་གཡོལ་ཕྱིར་ཨ་རིར་སྐྱབས་བཅོལ་དུ་ཡོང་ཡོད་སྐོར་བརྗོད་འདུག ད་ཐེངས་ནི་ཨ་རིས་རྒྱ་རིགས་ཕྱིར་ཕུད་བཏང་བ་ཐོག་མ་མིན་པར། འདི་ལོའི་ཕྱི་ཟླ་ ༣ ནང་ཨ་རིའི་རྒྱལ་ནང་བདེ་འཇགས་ལས་ཁུངས་ཀྱིས་ཨ་རིར་གནས་སྡོད་ཆོག་པའི་རྒྱུ་མཚན་ནམ་ཐོབ་ཐང་མེད་པའི་རྒྱ་རིགས་སྐོར་ཞིག་རྒྱ་ནག་ཏུ་ཕྱིར་ཕུད་བཏང་ཡོད་པ་དང་། རྒྱ་རིགས་མང་པོ་ཨ་རིར་གནས་སྤོར་བྱེད་བཞིན་པ་ནི་ཨ་རིའི་སྲིད་འཛིན་གྱི་འོས་མིའི་བགྲོ་གླེང་གི་བརྗོད་གཞི་གལ་ཆེན་ཞིག་ཏུ་གྱུར་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Xi Jinping, left, and Kim Jong Un, right, pictured shaking hands in this photo released by Xinhua. Xie Huanchi/Xinhua/AP
Mobile App

ཞི་ཅིན་ཕིན་མི་ལོ་བདུན་གྱི་རྗེས་བྱང་ཀོ་རི་ཡར་ཕྱིན། 

ཆུ་ཚོད་ ༢༡ སྔོན་ལ།
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

༢༠༢༦/༠༦/༠༩
དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese