མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་དམར་གཞུང་གིས་རྭ་རྒྱ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་བཙན་གྱིས་སྒོ་བརྒྱབ།

བོད་ཀྱི་དུས་བབ།
༢༠༢༤/༠༧/༡༤
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་དམར་གཞུང་གིས་བོད་ཁུལ་དུ་སྙན་གྲགས་རྒྱས་པའི་སྒེར་གཉེར་སློབ་གྲྭ་རྭ་རྒྱ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དེ་རིང་ནས་བཙན་གྱིས་སྒོ་བརྒྱབ་འདུག

རྭ་རྒྱ་གངས་ལྗོངས་ཤེས་རིག་ནོར་བུའི་གླིང་བཙན་གྱིས་སྒོ་བརྒྱབ་པའི་མཇུག་བསྡོམས་ཚོགས་འདུ། ༢༠༢༤།༠༧།༡༤ པར་བོད་ནས་འབྱོར།

དེ་རིང་ཞོགས་པར་རྭ་རྒྱ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་སྒོ་བརྒྱབ་པའི་མཇུག་བསྡོམས་ཚོགས་འདུ་བསྡུས་ཡོད་པ་དང་། སྐབས་དེར་མཚོ་སྔོན་ཞིང་ཆེན་དང་མགོ་ལོག་ཁུལ། རྨ་ཆེན་རྫོང་བཅས་ནས་ལས་ཁུངས་ཁག་ ༡༨ ཀྱི་འཐུས་ཚབ་ཡོང་ཡོད་འདུག་ལ། དེ་རིང་ཁ་སང་སློབ་གྲྭའི་ནང་སྔོག་བཤེར་དང་འདྲི་བརྩད་ནན་པོ་བྱེད་བཞིན་ཡོད་འདུག་ལ། འབྲེལ་ཡོད་ནས་སྔོག་བཤེར་འདྲི་བརྩད་ཀྱི་དམིགས་ཡུལ་ནི་ལོ་ན་ ༡༨ མ་ཟིན་པའི་གྲྭ་བཙུན་ཡོད་མེད་སོགས་ཞིབ་བཤེར་བྱེད་ཀྱི་ཡོད་པ་དང་། གལ་སྲིད་ཡོད་ན་ཆད་པ་ནན་པོ་གཅོད་རྒྱུ་ཡིན་པའི་འཇིགས་སྐུལ་བྱེད་བཞིན་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།

རྒྱ་ནག་དམར་གཞུང་གིས་བོད་ནང་གི་སྒེར་གཉེར་སློབ་གྲྭ་དང་དགོན་སྡེ་སོགས་བོད་ཆོས་དང་རིག་གཞུང་སྐད་ཡིག་བཅས་སྲུང་སྐྱོབ་བྱེད་སའི་ལྟེ་གནས་མང་པོ་གཅིག་རྗེས་གཉིས་མཐུད་དུ་བཙན་གྱིས་སྒོ་རྒྱག་གི་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་སློབ་གྲྭ་འདི་འཕྲལ་དུ་སྒོ་རྒྱག་དགོས་པའི་བཙན་བཀའ་འབྱོར་ཡོད་འདུག་ལ། ལོ་མང་རིང་ནས་མགོ་ལོག་ཁུལ་གྱི་དམར་ཤོག་དྲུང་ཆེ་ལས་ཐོག་སོགས་ཀྱིས་སློབ་གྲྭ་འདི་སྒོ་རྒྱག་ཐབས་སུ་ངན་ཇུས་ཡོད་རྒུ་བཏོན་ཏེ་ཁྲིམས་གཏུགས་རབ་དང་རིམ་པར་རྒྱབ་གནོན་དང་སྐུལ་འདེད་བཏང་མཐར་ལག་བསྟར་བྱུང་བ་ཞིག་ཡིན་འདུག

རྭ་རྒྱ་གངས་ལྗོངས་ཤེས་རིག་ནོར་གླིང་ཐོག་མར་འཛུགས་མཁན་རྒན་རྭ་རྒྱ་འཇིགས་མེད་རྒྱལ་མཚན་ལགས་ནས་སྒེར་གྱི་སྐད་འཕྲིན་དུ་དེ་འབྲེལ་ཡོངས་བསྒྲགས་ཤིག་སྤེལ་བའི་ནང་། མགོ་ལོག་ཁུལ་འཇིགས་མེད་རྒྱལ་མཚན་མི་རིགས་ལས་རིགས་སློབ་གྲྭ་ལགས། ཁྱེད་རང་དགུང་གྲངས་སུམ་ཅུ་ཏག་ཏག་ལས་མ་བཞུགས་ན། ལོ་ན་གཞོན་ལ་སྐུ་ལུས་བཟང་སྒང་ཡིན་པས་ཅི་འདྲའི་ཡིད་སེམས་ཕངས་པ་ཞིག་ཡིན་མོད། མི་རྟག་པ་ནི་ནམ་ཡང་མི་རྟག་པ་ཡིན་པས། སྐད་ཅིག་སྐད་ཅིག་གིས་འཇིག་ཅིང་མི་གནས་པར་འགྱུར་བ་ནི་བཟློག་ཏུ་མེད་པའི་མི་རྟག་པའི་ཆོས་ཉིད་དོ།། ང་ཚོས་སྐྱེ་བ་སྔ་ཕྱི་ཁས་ལེན་ཞིང་ཚེ་རབས་ཕྲེང་རྒྱུད་ཀྱི་སློབ་གསོ་གཙུག་ཏུ་བཀུར་བས། སྐྱེ་བ་ཕྱི་མའི་སློབ་གསོ་ལ་སྨོན་ལམ་བརྒྱབ་ན་ཅིས་མི་ཆོག ཤི་བ་སླར་ཡང་གསོ་རྒྱུ་མེད་ན་འོ་དོད་འབོད་པས་ཅི་ཕན། དེ་བས་སྐྱེ་བ་ཕྱི་མར་ལུས་རྟེན་ཕུན་སུམ་ཚོགས་པ་ལོན་པར་སྨོན་ལམ་རྒྱག་རྒྱུ་ནི་ཆེས་ལེགས་ཤོས་ཡིན་པས། ཚང་མས་སྐྱོ་སྐྱོ་མ་གནང་བར་རང་གི་འོས་བབ་ཕྲག་ཏུ་ཁུར་བར་ཞུ། ཞེས་བརྗོད་འདུག

འབྲེལ་ཡོད་ནས་འདི་གའི་གསར་འགོད་པར་འགྲེལ་བརྗོད་གནང་བ་ལྟར་ན། ལོ་མང་གི་གོང་ནས་བཟུང་ཤེས་རིག་ནོར་བུའི་གླིང་གི་སློབ་མ་ཚོས་བཙུགས་པའི་ཕ་སྐད་གཙང་མའི་ཚོགས་པ་ཡི་རྟགས་ཀྱི་ནོར་བུ་དང་སེངྒེ་ནི་བོད་ཀྱི་རྒྱལ་དར་གྱི་མཚོན་རྟགས་ཤིག་ཡིན་པའི་བསྙོན་འཛུགས་བྱས་ཏེ་ཁྲིམས་ལ་གཏུགས་ཡོད་པ་དང་། དེ་བཞིན་རྒན་འཇིགས་མེད་རྒྱལ་མཚན་ལགས་གངས་ལྗོངས་འབྲོག་ལས་མཐུན་གཉེར་ཁང་དང་།  མཚོ་སྔོན་ཞིང་ཆེན་བོད་ཀྱི་ཚོང་ལས་ཚོགས་པའི་དབུ་འཛིན་ཡིན་པར་ཁ་གཡར་ཏེ་དངུལ་ལྐོག་ཟ་བྱས་ཡོད་ཚུལ་གྱི་གཞི་མེད་སྐྱོན་འཛུགས་བྱས་ཡོད་ཀྱང་། ཁྲིམས་ཐོག་ནས་ནག་ཉེས་གང་ཡང་མེད་པ་གསལ་པོ་ཆགས་ཟིན་ཡོད་འདུག ཡིན་ནའང་སློབ་གྲྭ་སྒོ་རྒྱག་ཐབས་ཀྱི་བསྙོན་འཛུགས་རབ་དང་རིམ་པར་བྱས་རྗེས།  འདི་ལོའི་ཕྱི་ཟླ་ ༦ ཚེས་ ༢༨ ཉིན་རྒན་འཇིགས་མེད་རྒྱལ་མཚན་ལགས་ནས་ཁྲིམས་ཐོག་ནས་སློབ་གྲྭར་རྒྱལ་ཁ་ཐོབ་ཡོད་པའི་རྩོམ་ཡིག་ཅིག་སྤེལ་གནང་འདུག

ཟླ་གཉིས་གོང་དུ་འདི་གའི་གསར་འགོད་པས་དེ་སྔོན་རྒྱ་ནག་གཞུང་གིས་རྭ་རྒྱ་མར་སྟེང་ཆུ་མཛོད་གསར་རྒྱག་ཟིན་པའི་སྐོར་གྱི་གནས་ཚུལ་ལ་རྒྱུས་ལོན་བྱེད་སྐབས། རྒྱ་ནག་གཞུང་གིས་རྭ་རྒྱ་ཤེས་རིག་སློབ་གླིང་ལ་དམ་དྲག་ཤུགས་ཆེན་བྱེད་མུས་ཡིན་པ་མ་ཟད། རྒན་འཇིགས་མེད་རྒྱལ་མཚན་ལགས་སུ་སློབ་གྲྭ་དེ་སྒོ་རྒྱག་དགོས་པའི་ཉེན་བརྡ་ལན་འགར་བཏང་ཡོད་པ་ཤེས་རྟོགས་བྱུང་སོང་ལ། སྐབས་དེར་སློབ་གྲྭ་དེའི་དགེ་རྒན་ཆེན་མོ་གྱི་ལིང་འཇིགས་མེད་ལགས་ཀྱིས་བྲིས་པའི་གསལ་བཤད་འཕྲིན་ཡིག་ཅིག་ཏུ། ངེད་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གིས་སྒྲུབ་བཞིན་པའི་མགོ་ལོག་ཁུལ་འཇིགས་མེད་རྒྱལ་མཚན་མི་རིགས་ལས་རིགས་སློབ་གྲྭ་འདི་མཚོ་སྔོན་ཞིང་ཆེན་དམར་ཤོག་གཞུང་གི་ཡིག་ཆའི་དགོངས་པ་ལྟར་ད་ནས་བཟུང་སྒྲུབ་མཚམས་བཞག་པ་རེད། ཅེས་བཙན་བཀའ་ནན་པོ་བཏང་ཡོད་སྐོར་བྲིས་འདུག

རྭ་རྒྱ་ཤེས་རིག་ནོར་བུའི་གླིང་གི་དབུ་འཛིན་འཇིགས་མེད་རྒྱལ་མཚན་ལགས་ཀྱི་དབུས་དགེ་ལས་རྣམ་པའི་མཇུག་མཐའི་མཉམ་པར། ༢༠༢༤།༠༧།༡༣

སློབ་གྲྭ་འདིར་དབུ་འཛིན་རྭ་རྒྱ་འཇིགས་མེད་རྒྱལ་མཚན་ལགས་ཀྱི་དབུས་སློབ་དཔོན་དམ་པ་བཛྲ་ཚུལ་ཁྲིམས་རྒྱ་མཚོ་ལགས་དང་།    སློབ་དཔོན་ཆེན་མོ་ཤེས་རབ་བསྟན་དར་ལགས། སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་ལགས་སོགས་དགེ་རྒན་དང་ལས་བཟོ་བ་བཅས་ ༥༨ དང་།  ཁྱོན་སློབ་མ་ ༡༤༠༠ མ་ཟིན་ཙམ་ཡོད་འདུག  སློབ་གླིང་འདི་ཆེད་ལས་ལས་རིགས་སློབ་གྲྭ་ཡིན་པའི་རྒྱུ་མཚན་གྱིས་བོད་ཡིག་ཆེད་སྦྱོང་འཛིན་གྲྭ་དང་།  དབྱིན་ཡིག་ཆེད་སྦྱོང་འཛིན་གྲྭ།  གློག་ཀླད་ཆེད་སྦྱོང་འཛིན་གྲྭ། བཟོ་རིག་ཆེད་སྦྱོང་འཛིན་གྲྭ།  གསོ་རིག་ཆེད་སྦྱོང་འཛིན་གྲྭ།  བརྙན་ལེན་ཆེད་སྦྱོང་འཛིན་གྲྭ། ལུས་རྩལ་ཆེད་སྦྱོང་འཛིན་གྲྭ་བཅས་ཆེད་སྦྱོང་འཛིན་གྲྭ་ ༧ དུ་ཕྱེས་ཡོད་འདུག ༡༩༩༤ ནས་ད་ལྟ་བར་དུ་ཉུང་མཐར་མཐར་ཕྱིན་སློབ་མ ༢༣༠༠ ལྷག་གི་བསླབ་པ་མཐར་སོན་ཏེ། ཉུང་མཐར་སློབ་ཆེན་སློབ་མ། ༨༠༠་དང་།  ཉུང་མཐར་ཞིབ་འཇུག་སློབ་མ་ ༥༠ ལྷག ཉུང་མཐར་སྨན་པ་ ༩༠ ཙམ། ཉུང་མཐར་གཞུང་ཞབས་པ་ ༡༡༠ ལྷག ཉུང་མཐར་སློབ་ཆེན་གྱི་དགེ་རྒན་ཚུད་པའི་དགེ་རྒན་གྲངས་ ༢༥༠ཙམ། སློབ་གཙོ་ ༡༣ ལྷག དགོན་པའི་ལས་གཉེར་བ་ ༡༡༠ ལྷག ཉུང་མཐར་ཁེ་ལས་གཉེར་མཁན་ ༢༦༠ ལྷག་གསོ་སྐྱོང་གནང་ཡོད་འདུག

གངས་ལྗོངས་འཇིགས་མེད་རྒྱལ་མཚན་རྩྭ་ཐང་བུ་མོའི་སློབ་གྲྭ། ༢༠༡༩།༠༩།༡༠

ཕྱི་ལོ་ ༢༠༠༢ ཟླ་ ༦ ཚེས་ ༢༥ ཉིན་གངས་ལྗོངས་འཇིགས་མེད་རྒྱལ་མཚན་རྩྭ་ཐང་བུ་མོའི་སློབ་གྲྭ་ཞེས་པ་འདི་ཡང་གསར་འཛུགས་གནང་ཡོད་ཅིང་།  འཇིགས་མེད་རྒྱལ་མཚན་ལགས་ཀྱི་སློབ་གྲྭ་ཆེད་འཛུགས་གནང་བའི་དགོས་དམིགས་ནི་བུ་མོའི་སློབ་གསོ་ནི་ཨ་མའི་སློབ་གསོ་ཡིན་ལ།  ཨ་མའི་སློབ་གསོ་ནི་མིའི་རིགས་ཀྱི་ཆེས་ཐོག་མའི་སློབ་གསོ་ཡིན་པར་བརྟེབ། ཞིང་ཆེན་དང་ཁུལ་སོགས་ལ་ཞུ་སྐུལ་ཡུན་རིང་གནང་སྟེ་ཕྱི་ལོ་ ༢༠༠༣ ཟླ་ ༨ པར་དངོས་སུ་སློབ་མགོ་བཙུགས་ཡོད་པ་དང་། འཁྲིད་བྱ་ནི་བོད་རྒྱ་དབྱིན་གསུམ་དང་རྩིས་དངོས་རྫས་གསུམ།  ས་ཁམས་དང་ལོ་རྒྱུས།     ཆབ་སྲིད་སོགས་ལོ་དགུའི་འོས་འགན་སློབ་དེབ་ཆ་ཚང་དང་།   གཞན་སློབ་ཕྱིའི་སློབ་དེབ་སུམ་རྟགས་དག་གསུམ་དང་སྙན་ངག་ཚད་མ་སོགས་དང་།  ལྷག་པར་དུ་དེང་རབས་དང་སྲོལ་རྒྱུན་གྱི་ཁྲིད་ཐབས་ཟུང་འབྲེལ་སྒོས་སུམ་རྟགས་དག་གསུམ་དང་སྙན་ངག་ལོ་རྒྱུས་སོགས་ལ་ཚད་མ་རིག་པའི་སྒྲོས་ཀྱིས་བརྒྱན་བསླབ་ཡོད་འདུག དང་ཐོག་སློབ་གྲྭ་དེ་ཡ་གླིང་མཐུན་སྒྲིལ་ཚོགས་པས་(Associazione per la Solidarietà Internazionale in Asia)གཙོ་འགན་བཞེས་ཏེ་ཨ་རིའི་ཀུན་ཕན་ཐེབས་རྩ་ཚོགས་པ་(Trace Foundation)དང་ཧྥིན་ལན་གཞུང་ཚབ་ཁང་།   ཧྥིན་ལན་གཞུང་ཚབ་ཁང་ཆེན་མོ་བཅས་ཀྱིས་མཐུན་འགྱུར་རོགས་རམ་གནང་ཡོད་ཀྱང་། ཕྱིས་སུ་རྒྱ་ནག་དམར་གཞུང་གིས་ཕྱིའི་རོགས་དངུལ་རྣམས་བཀག་སྡོམ་བྱས་ཏེ་རྨ་ཆེན་རྫོང་སློབ་གསོ་ཁང་གིས་སློབ་གྲྭ་དེ་གཞུང་བཞེས་བཏང་ཡོད་འདུག

རྭ་རྒྱ་གངས་ལྗོངས་ཤེས་རིག་ནོར་བུའི་གླིང་གི་སྒོ་ཆེན་དུ་དགེ་སློབ་ཚོས་གྱེས་པའི་ཁ་བཏགས་འཐེན་པ།

རྭ་རྒྱ་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་ནི་ཕྱི་ལོ་ ༡༩༩༤ ཟླ་༨ པར་མགོ་ལོག་ཁུལ་མི་དམངས་སྲིད་གཞུང་ཟེར་བས་ཆོག་མཆན་སྤྲད་དེ་དངོས་སུ་བཙུགས་ཤིང་། མཚོ་སྔོ་་ཞིང་ཆེན་ཡོངས་ཀྱི་ཆེས་ཐོག་མའི་སྒེར་བཙུགས་སློབ་གྲྭ་དེ་ཡིན་འདུག ཕྱི་ལོ ༢༠༠༡ ལོའི་ཟླ་ ༤ཚེས་ ༡༤ཉིན་ཁུལ་མི་དམངས་སྲིད་གཞུང་གིས་ཆོག་མཆན་སྤྲད་དེ་ཆེད་ལས་མཐོ་འབྲིང་དུ་བསྒྱུ་ར། ཕྱི་ལོ་ ༢༠༠༢ ལོར་འཇིགས་མེད་རྒྱལ་མཚན་སྒེར་བཙུགས་སློབ་གྲྭ་ཞེས་པའི་མིང་ཡང་འཇིགས་མེད་རྒྱལ་མཚན་ཕན་བདེ་སློབ་གྲྭ་ཞེས་པར་བཅོས། ༢༠༠༣ལོར་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་ཟེར་བས་དམངས་ཁྲོད་དོ་དམ་རྩ་འཛུགས་ཀྱི་དམངས་ཕན་ལས་ཁུངས་སུ་བདམས། ༢༠༠༦ ལོའི་ཟླ་༣ཚེས་༧ཉིན་ཀྲུང་ཧྭ་ཆེད་ལས་སློབ་གསོ་སྡེ་ཁག་གིས་ཀྲུང་ཧྭ་ཆེད་ལས་སློབ་གསོའི་མཚོ་སྔོན་ཚོད་ལྟའི་སློབ་གྲྭ་རུ་བསྒྱུར། སློབ་གླིང་དེ་ནི་བོད་ཡུལ་་ན་ཆེས་མིང་དུ་གྲགས་པའི་བོད་ཡིག་ཆེད་སྦྱོང་གི་སློབ་གྲྭ་ཡག་ཤོས་ཤིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

གསར་འགོད་པ། དཔལ་ལྡན།

རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

ཆུ་ཚོད་ ༡ སྔོན་ལ།
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

ཆུ་ཚོད་ ༢ སྔོན་ལ།
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

༢༠༢༦/༠༣/༣༡
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

༢༠༢༦/༠༣/༣༡

མཆན། 1

  1. བཀྲ་འཇམ་རྒྱན། says:
    ལོ་ 2 སྔོན།

    གནས་ཚུལ་སྐྱོ་པོ་ཞིག་གོ་བྱུང་། ཨ་ཁ་་་་་འདི་འདྲ་བྱེད་དགོས་དོན་གང་ཡིན་ནམ། ཆབས་སྲིད་དང་འབྲེལ་མེད་པས། རང་གི་སྐད་ཡིག་སློབ་སྦྱོང་བྱེད་པ་ལ་རང་དབང་མེད་ན། གཞན་ད་ལྟ་ཅི་སྨོས། སྐད་ཡིག་ནི་མི་རིགས་ཀྱི་བླ་སྲོག་ཡིན། ང་ཚོ་ཚང་མས་མཉམ་དུ་སྦྱོང་ངོ་། །བརྩེ་བའི་སྤུན་ཟླ་ཚོ། སེམས་ཤུགས་མ་ཆག ང་ཚོ་ཚང་མ་རྒྱག་ལ་ཡོད་དོ། །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese