མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤྱི་འཐུས་ཚོགས་གཙོས་ཡུ་རོབ་གྲོས་ཚོགས་དང་ལྷན་ཚོགས་ཀྱི་ཚོགས་གཙོ་གཉིས་ལ་འཚམས་འདྲི་གནང་།

བོད་ཀྱི་དུས་བབ།
༢༠༢༤/༠༧/༢༣
Share on FacebookShare on TwitterShare on EmailShare on Whatsapp

བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཡུ་རོབ་གྲོས་ཚོགས་དང་ལྷན་ཚོགས་ཀྱི་ཚོགས་གཙོ་གཉིས་ལ་འཚམས་འདྲི་དང་སྦྲགས་བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུས་འདུག

སྤྱི་འཐུས་ཚོགས་གཙོས་ཡུ་རོབ་གྲོས་ཚོགས་དང་ལྷན་ཚོགས་ཀྱི་ཚོགས་གཙོ་གཉིས་ལ་འཚམས་འདྲི་གནང་། བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་བཟོ་བྱས། ༢༣།༠༧།༢༠༢༤སྤྱི

ཟླ་འདིའི་ ༧ ཚེས་ ༢༢ ཉིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་སྤྱི་ཚོགས་དྲྭ་ལམ་ X བརྒྱུད་ལྕམ་ཨུར་སུ་ལ་ཝོན་ཊེར་ལེ་ཡེ་ (Ursula von der Leye) མཆོག་སླར་ཡང་ཡུ་རོབ་ལྷན་ཚོགས་ (European Commission) ཀྱི་ཚོགས་གཙོར་འོས་འདེམས་བྱུང་བར་འཚམས་འདྲི་གནང་ཡོད་ཅིང་། ཚོགས་གཙོ་མཆོག་གི་འཚམས་འཕྲིན་ནང་།  སྐུ་ཉིད་ཀྱི་དབུ་ཁྲིད་གནང་ཕྱོགས་དང་། བོད་ཀྱི་བདེན་པའི་རྩ་དོན་ཐོག་རྒྱབ་སྐྱོར་གནང་ཕྱོགས་ལ་འཛམ་གླིང་གང་སར་ཡོད་པའི་བོད་མི་ཚང་མས་བསྔགས་བརྗོད་ཞུ་ཡི་ཡོད་པ་དང་། འབྱུང་འགྱུར་མུ་མཐུད་བོད་དོན་ཐོག་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་རེ་བ་ཞུ་བཞིན་ཡོད། ཅེས་འཁོད་འདུག

དེ་བཞིན་ཚོགས་གཙོ་མཆོག་གིས་ལྕམ་རོ་བྷེ་ཊོ་མེཊ་སོ་ལ་ (Roberta Metsola) མཆོག་བསྐྱར་དུ་ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོར་འོས་འདེམས་བྱུང་བར་འཚམས་འདྲི་གནང་ཡོད་པའི་ནང་། ཡུ་རོབ་མཐུན་ཚོགས་ནང་བོད་དོན་ཐོག་རྒྱབ་སྐྱོར་གྱི་ལས་གཞི་གང་མང་སྤེལ་ཡོད་པའི་ཁྲོད། ཡུ་རོབ་གྲོས་ཚོགས་ནི་དེ་དག་གི་སྣེ་ཁྲིད་མཁན་ཞིག་ཆགས་ཀྱི་ཡོད་སྟབས། བོད་མི་ཡོངས་ཀྱིས་ཡུ་རོབ་གྲོས་ཚོགས་ཀྱིས་བོད་དོན་ཐོག་རྟག་ཏུ་རྒྱབ་སྐྱོར་བརྟན་པོ་གནང་བར་གུས་བརྩི་ཞུ་ཡི་ཡོད། ཅེས་འཁོད་འདུག

ལྕམ་རོ་བྷེ་ཊོ་མེཊ་སོ་ལ་མཆོག་ནི་ཕྱི་ལོ་ ༡༩༧༩ ལོར་མཱལ་ཊ་སྤྱི་མཐུན་རྒྱལ་ཁབ་ཀྱི་ནུབ་ཁུལ་གྱི་སི་ཝི་ཁི་གྲོང་གསེབ་དུ་སྐྱེས་ཅིང་། ཕྱི་ལོ་ ༢༠༠༣ ལོར་མཱལ་ཊ་གཙུག་ལག་སློབ་གཉེར་ཁང་ནས་ཁྲིམས་ལུགས་ཐོག་ལག་འཁྱེར་བླངས། ཕྱི་ལོ་ ༢༠༠༤ སྦེལ་ཇམ་ཡུ་རོབ་མཐོ་སློབ་ནས་དུས་ཐུང་སློབ་སྦྱོང་བྱས། ཕྱི་ལོ་ ༢༠༠༥ ལོ་ནས་བཟུང་ཁོང་མོའི་ཁྱོ་ག་དང་མཉམ་དུ་ཡུ་རོབ་མི་མང་སྲིད་དོན་ཚོགས་པ་ཞུགས་ཏེ། ཕྱི་ལོ་ ༢༠༠༩ ལོར་ཡུ་རོབ་གྲོས་ཚོགས་འོས་མི་རུ་མཉམ་ཞུགས་གནང་། ཕྱི་ལོ་ ༢༠༡༣ ལོར་ཁོང་མོ་ནི་ཡུ་རོབ་གྲོས་ཚོགས་ཀྱི་ཁྲོད་བུད་མེད་གྲོས་ཚོགས་འཐུས་མི་ཐེངས་དང་པོར་ཆགས། ཕྱི་ལོ་ ༢༠༡༤ ལོར་བསྐྱར་དུ་ཡུ་རོབ་གྲོས་ཚོགས་འཐུས་མིར་བདམས་ཐོན་བྱུང་།  ཕྱི་ལོ་ ༢༠༢༢ ལོར་ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོའི་འོས་བདམས་ཁྲོད་རྒྱལ་ཁ་ཐོབ་ཡོད་འདུག

ལྕམ་ཨུར་སུ་ལ་ཝོན་ཊེར་ལེ་ཡེ་མཆོག་ནི་ཕྱི་ལོ་ ༡༩༥༨ ལོར་འཇར་མན་རྒྱལ་ཁབ་ཀྱི་རྒྱལ་ས་བྷི་རུ་སིལ་སི་རུ་སྐྱེས་ཡོད་ཅིང་། ཕྱི་ལོ་ ༡༩༧༨ ལོར་དབྱིན་ཇིའི་གཙུག་ལག་སློོབ་གཉེར་ཁང་དུ་དཔལ་འབྱོར་རིག་པའི་སློབ་ཐོན་བྱུང་། ཕྱི་ལོ་ ༡༩༨༧ ལོར་འཇར་མན་ཧན་ནོ་ཝར་གཙུག་ལག་སློབ་གཉེར་ཁང་ནས་སྨན་པའི་ལག་འཁྱར་བླངས། ཕྱི་ལོ་ ༡༩༩༩ ནས་བཟུང་ཧན་ནོ་ཝིར་ས་གནས་སུ་སྲིད་དོན་ཐོག་ཞུགས། ཕྱི་ལོ་ ༢༠༠༣ ནས་ ༢༠༠༥ བར་ལོ་བིར་མངའ་སྡེའི་བློན་ཆེན་གྱི་ཕྱག་ལས་གནང་། ཕྱི་ལོ་ ༢༠༠༥ ནས་ ༢༠༠༩ བར་ནང་སྲིད་བློན་ཆེན་དང་། ཕྱི་ལོ་ ༢༠༠༩ ནས་ ༢༠༢༣ བར་ངལ་རྩོལ་དང་སྤྱི་ཚོགས་བདེ་དོན་བློན་ཆེན། ཕྱི་ལོ་ ༢༠༡༣ ནས་ ༢༠༡༩བར་བདེ་སྲུང་བློན་ཆེན་བཅས་ཀྱི་ལས་འགན་འཁུར་འདུག ཕྱི་ལོ་ ༢༠༡༩ ལོར་ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་གཙོ་བདམས་ཐོན་བྱུང་ཡོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Xi Jinping, left, and Kim Jong Un, right, pictured shaking hands in this photo released by Xinhua. Xie Huanchi/Xinhua/AP
Mobile App

ཞི་ཅིན་ཕིན་མི་ལོ་བདུན་གྱི་རྗེས་བྱང་ཀོ་རི་ཡར་ཕྱིན། 

ཆུ་ཚོད་ ༢༡ སྔོན་ལ།
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

༢༠༢༦/༠༦/༠༩
དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese