མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་དང་ཐའེ་ཝན། ཧྥི་ལི་ཕིན་བཅས་ཀྱི་ནང་ཆུ་ལོག་གི་དཀའ་ངལ་འཕྲད་བཞིན་འདུག

བོད་ཀྱི་དུས་བབ།
༢༠༢༤/༠༧/༢༦
Share on FacebookShare on TwitterShare on EmailShare on Whatsapp

ཐའེ་ཝན་དང་ཧྥི་ལི་ཕིན་ནང་རྒྱ་མཚོའི་རླུང་འཚུབ་དྲག་པོ་འཕྱུར་རྐྱེན་རྒྱ་ནག་གི་ཞིང་ཆེན་ཁག་ཅིག་ནང་གཏོར་སྐྱོན་ཆེན་པོ་ཐེབས་ཏེ་དཀའ་ངལ་འཕྲད་མུས་ཡིན་འདུག

Waves crash on the coast of Sansha town as Typhoon Gaemi approaches, in Ningde, Fujian province, China July 25, 2024

ཁ་སང་ཕྱི་ཚེས་ ༢༥ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཐའེ་ཝན་དང་ཧྥི་ལི་ཕིན་ནང་རྒྱ་མཚོའི་རླུང་འཚུབ་ཤུགས་དྲག་འཕྱུར་རྐྱེན། ད་ལྟ་རྒྱ་ནག་ནང་མི་རྒྱུ་གཉིས་ལ་རང་བྱུང་གོད་ཆག་གི་དཀའ་ངལ་འཕྲད་མུས་ཡིན་པ་ལྟར། རྒྱ་ནག་གི་ཧྥུའུ་ཅིན་ཞིང་ཆེན་དུ་བསྟུད་མར་དྲག་ཆར་ཤུགས་ཆེན་བབས་རྐྱེན་ཆུ་ལོག་དང་རི་ཉིལ་བྱུང་སྟེ། ཡུལ་མི་ ༢༤༠,༨ ༠༠ ཙམ་ཉེན་གཡོལ་གྱིས་ས་གནས་གཞན་དུ་སྤོ་དགོས་བྱུང་ཡོད་འདུག་ལ། གྲོང་ཁྱེར་གྱི་གཞུང་ལམ་དང་ཁང་པ་སོགས་ཆུས་བསྐོར་ཡོད་སྟབས། གནས་སྐབས་རིང་སློབ་གྲྭ་དང་མཁའ་འགྲུལ་སོགས་སྒོ་བརྒྱབ་ཡོད་འདུག་ལ། རྒྱ་ནག་གི་ཀོང་ཀྲུའུ་དང་། ཀྲེ་ཅིང་། པེ་ཅིང་སོགས་ཉེ་འགྲམ་གྱི་ཞིང་ཆེན་ཁག་ཏུའང་དེ་མཚུངས་དཀའ་ངལ་འཕྲད་བཞིན་ཡོད་འདུག

ཐའེ་ཝན་ནང་རྒྱ་མཚོའི་རླུང་འཚུབ་ཀྱིས་དྲག་ཆར་དང་ཆུ་ལོག་བརྒྱབ་སྟེ། ཉུང་མཐར་མི་གྲངས་ ༣ རྐྱེན་འདས་དང་། མི་གྲངས་ ༣༨༠  རྨས་སྐྱོན་ཕོག མཚོ་གྲུ་གཅིག་གི་ལས་བཟོ་བ་མི་གྲངས་ ༩ གར་སོང་ཆ་མེད་དུ་གྱུར་འདུག ཡུལ་མི་ ༢༡༠༠ ཙམ་ཉེན་གཡོལ་གྱིས་ས་གནས་གཞན་དུ་སྤོ་དགོས་བྱུང་ཡོད་ཅིང་། གཞུང་ལམ་དང་ཁང་པ་སོགས་ཆུས་བསྐོར་ཡོད་སྟབས། གནས་སྐབས་རིང་གཞུང་འབྲེལ་གྱི་ལས་ཁུངས་ཁག་དང་སློབ་གྲྭ ཁྲོམ་རྭ། རྒྱལ་སྤྱི་དང་རྒྱལ་ནང་གི་མཁའ་འགྲུལ་སོགས་སྒོ་བརྒྱབ་ཡོད་འདུག དེ་བཞིན་ཧྥི་ལི་ཕིན་ནང་ཉུང་མཐར་མི་གྲངས་ ༡༢ རྐྱེན་འདས་དང་། ཡུལ་མི་ ༦༠༠,༠༠༠ ཙམ་ཉེན་གཡོལ་གྱིས་ས་གནས་གཞན་དུ་སྤོ་དགོས་བྱུང་ཡོད་ཅིང་། མཚན་གཅིག་གི་རིང་དྲག་ཆར་བབས་རྐྱེན་ས་ཁུལ་མང་པོ་ཆུ་ལོག་གིས་གཏོར་སྐྱོན་ཐེབས་འདུག  ཧྥི་ལི་ཕིན་གྱི་རྒྱལ་སའི་ཉེ་འཁོར་གྱི་ས་གནས་ཁག་ཏུ་གཞུང་གི་ལས་ཁུངས་དང་སློབ་གྲྭ་སོགས་མཚམས་འཇོག་བྱས་ཡོད་འདུག

ཐའེ་ཝན་བདེ་སྲུང་བློན་ཆེན་གྱིས་དམག་མི་གྲངས་ ༢༩༠༠ ལྷག་གིས་གནོད་ཐེབས་ས་ཁུལ་ཁག་ཏུ་མྱུར་སྐྱོབ་བྱེད་བཞིན་ཡོད་པ་དང་། ད་ལྟའི་ཆར་ཐའེ་ཝན་གྱི་ནང་ཁུལ་གྱི་གནམ་གྲུ་དང་མེ་འཁོར་གྱི་འགྲུལ་བསྐྱོད་སྒོ་བརྒྱབ་ཡོད་པ་མ་ཟད། རྒྱལ་སྤྱིའི་མཁའ་འགྲུལ་ ༢༠༠ ལྷག་བརྒྱབ་ཡོད་སྐོར་བརྗོད་འདུག ཐའེ་ཝན་མྱུར་སྐྱོབ་རུ་ཁག་གི་རུ་དཔོན་གྱིས་གནམ་གཤིས་ཡག་པོ་ཡོད་ཚེ། མྱུར་སྐྱོབ་རུ་ཁག་གི་མཚོ་གྲུ་དང་ཐད་འཕུར་གནམ་གྲུ་ཉེན་ཁའི་ཡུལ་དངོས་སུ་འབྱོར་ཐུབ་པ་ཞིག་ཡིན་ཡང་། ད་ལྟའི་ཆར་མིག་གིས་རྒྱང་རིང་མཐོང་མི་ཐུབ་པ་མ་ཟད། རླུང་ཤུགས་ཧ་ཅང་ཆེན་པོ་རེད། ཅེས་བརྗོད་འདུག

ཨལ་ཇཱ་ཛེ་རཱ་གསར་ཁང་གི་གནས་ཚུལ་སྤེལ་བ་ལྟར་ན། འདས་བའི་ཆུ་ཚོད་ ༡༢ རིང་ཧྥི་ལི་ཕིན་ནང་དྲག་ཆར་མཚམས་མ་ཆད་པར་བབས་ཏེ་ཆུ་ཤུགས་ཆེ་རུ་འགྱུར་བཞིན་ཡོད་པར་བསྟུན། ཧྥི་ལི་ཕིན་རུ་ཡོད་པའི་མཱ་རི་ཀི་ནཱ་གཙང་པོ་རྒྱས་ཏེ་ཆེན་པོ་ཆགས་ནས་བཞུར་ཚེ། ཉུང་མཐར་མི་གྲངས་འབུམ་ ༥ ལྷག་གི་ཚེ་སྲོག་ལ་ཉེན་ཁ་ཡོད་ཚུལ་ས་གནས་དྲིལ་བསྒྲགས་ལས་ཁུངས་ནས་བཤད་འདུག

ཕྱི་ལོ་ ༢༠༢༡ ལོར་རྒྱ་ནག་ཁྲུང་ཆིན་ (Chongqing) གྲོང་ཁྱེར་དང་སི་ཁྲོན་ (Sichuan) ཞིང་ཆེན་སོགས་ལ་དྲག་ཆར་བབས་པའི་རྐྱེན་གྱིས་ཆུ་ལོག་ཐེངས་ ༡༢ ཙམ་བྱུང་སྟེ། ཁྱོན་མི་གྲངས་ ༤༤༩ རྐྱེན་འདས་སུ་ཕྱིན་ཡོད་འདུག་ལ། རྒྱ་ནག་གི་ལོ་རྒྱུས་ཐོག་ཆུ་ལོག་གནོད་ཚབས་ཆེ་ཤོས་ཤིག་ནི། ཕྱི་ལོ་ ༡༩༣༡ ལོར་རྒྱ་ནག་གི་ཝུའུ་ཧན་ (Wuhan) དང་ནན་ཅིན་ (Nanjing) གྲོང་ཁྱེར་དུ་ཆུ་ལོག་ཚབས་ཆེན་བྱུང་བའི་རྐྱེན་གྱིས་མི་གྲངས་ས་ཡ་ ༢ ལྷག་བཀྲེས་སྐོམ་དང་ནད་གཞིའི་རྐྱེན་གྱིས་འདས་གྲོངས་སུ་ཕྱིན་ཡོད་འདུག

སའི་གོ་ལའི་ཚ་དྲོད་རྒྱས་ཏེ་གངས་རི་དང་འཁྱག་དར་རྣམས་མྱུར་པོར་ཞུ་ཡི་ཡོད་པའི་རྐྱེན་གྱིས་འཛམ་གླིང་ཡུལ་ཕྱོགས་གང་སར་ཆུ་ལོག་རྒྱུག་པའི་གནད་དོན་མང་དུ་བྱུང་སྟེ་མི་རྒྱུ་གཉིས་ལ་གནོད་སྐྱོན་ཚབས་ཆེན་ཡོང་བཞིན་ཡོད་པ་རེད། འཛམ་གླིང་གི་ཆུ་ལོག་གནོད་སྐྱོན་ཆེ་ཤོས་བྱུང་ཡུལ་གཅིག་ནི་བྷང་ལ་དྷེ་ཤི་ཡིན་འདུག་ལ། ཡུལ་དེ་ཆུ་བོ་གང་གཱའི་འགྲམ་རྒྱུད་དུ་ཆགས་ཤིང་ས་ཁམས་དམའ་ལ། གཞོང་ས་རྒྱ་ཆེ་བའི་རྐྱེན་གྱིས་ཆུ་ལོག་གི་གནོད་སྐྱོན་ཡང་ཡང་འབྱུང་བཞིན་ཡོད་འདུག་ལ། ཕྱི་ལོ་ ༡༩༧༢ ནས་ ༢༠༡༣ བར་དུ་ཡུལ་དེའི་མི་གྲངས་ ༡༥,༠༣༣ ལྷག་ཆུ་ལོག་ཁྲོད་རྐྱེན་འདས་སུ་ཕྱིན་ཡོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

མངའ་རིས་ས་ཁུལ་ཁག་ཏུ་ཁ་བ་བབས་པའི་རྣམ་པ། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

བོད་མངའ་རིས་ས་ཁུལ་ཡོངས་སུ་གངས་ཀྱི་གནོད་སྐྱོན་ཐེབས།

ཆུ་ཚོད་ ༡༡ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དཔའ་བོ་རི་ཆར་ཌི་མོར་སོགས་སུ་མཇལ་ཁ་བསྩལ།

ཆུ་ཚོད་ ༡༡ སྔོན་ལ།
Advertisement for App

གསར་འགོད་པའི་ས་མིག

ཆུ་ཚོད་ ༡༣ སྔོན་ལ།
Wanying “Heather” Zhang. United States Attorney’s Office Central District of California
Mobile App

ཨ་རིས་རྒྱ་ནག་གི་གསང་ཉུལ་བའི་དོགས་ཡོད་ཅིག་འཛིན་བཟུང་བྱས།

ཆུ་ཚོད་ ༡༥ སྔོན་ལ།
Mobile App

བོད་ཀྱི་སློབ་གསོ་སྨྲ་བ་ས་ཡུལ་ཁྲོ་བོ་རྒྱལ་མཚན་ལགས་འདས་གྲོངས་ཕྱིན།

༢༠༢༦/༡༠/༠༣
ཨོ་གླིང་དང་བླངས་བོད་དོན་ཞུ་གཏུག་རུ་ཁག་གི་ལེའུ་རིམ་གསལ་བསྒྲགས།
Mobile App

བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་ཐད་མཁས་པའི་གཏམ་བཤད་འཚོགས།

༢༠༢༦/༡༠/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese