བཅར་འདྲི་བ། གྷོ་ཁུལ་ཁེ་སི(Gokul KS) བོད་སྒྱུར་བ། འབུམ་རམས་པ་ལྷ་མོ་མཚོ།
པདྨ་ཚེ་བརྟན་གྱི་རིག་པའི་རྩལ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་དང་ཁོང་གིས་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཕལ་ཆེར་རྙེད་སོན་བྱུང་འདུག ཁོང་གི་གློག་བརྙན་གོ་ལ་བརྒལ་ནས་འགྲུལ་བཞུད་བྱེད་བཞིན་འདུག ངས་ཁོང་གི་གློག་བརྙན་གྱི་སྐད་ཆ་ཧྥ་ཡིག་ནང་ཕབ་སྒྱུར་གྱིས་ཧྤ་རན་སིའི་ནང་རྩེད་རིགས་འདྲ་མིན་སྟེང་བསྟར་འབུལ་བྱེད་པར་མཐུན་འགྱུར་བྱ་ཐུབ་པ་བྱུང་།
ཁོང་གི་གློག་བརྙན་གྱིས་གློག་བརྙན་ལྟད་མོ་བ་རྣམས་ལ་བོད་དང་བོད་ཀྱི་གནས་བབ་ཀྱི་སྐོར་ཤིན་ཏུ་ཕྲ་བའི་རང་བཞིན་ལྡན་པ་ཞིག་ཤེས་སུ་བཅུག ཁོང་ཚོའི་སྒྱུ་རྩལ་གྱི་སྤུས་ཚད་དང་བཅོས་མིན་དེ་གླེང་མ་དགོས་པ་རེད་ལ། ཁོང་གི་གློག་བརྙན་(ཐར་ལོ། སྤྱིན་པ་དང་ལྒང་བུ)བཅས་ནི་ཧྥ་རན་སི་ནང་ཚོང་སྒྱུར་གྱིས་འགྲེམས་སྤེལ་བྱས་ཐུབ་པ་བྱུང་།
ངས་INALCO གཙུག་ལག་སློབ་ཆེན་ནང་རྟག་པར་བོད་ཀྱི་གློག་བརྙན་སྟོན་ཐབས་བྱེད་ཀྱི་ཡོད་ལ། བོད་ཀྱི་གློག་བརྙན་ནི་རྒྱང་ཐག་རིང་པོ་ནས་འདིར་འོང་བ་དང་། ལོ་རྗེས་མ་ང་ཚོ་ལ་ས་མིག་ཅིག་ཡོད་པར་རེ་ལྟོས་བྱེད་ཀྱི་ཡོད།
རྩོམ་རིག་དང་གློག་བརྙན་གང་ཡིན་ཡང་། གཅིག་གིས་ག་དུས་ཡིན་ཡང་སྤྱི་ཚོགས་ལས་འགུལ་ཞིག་ལ་ས་བོན་བསྐྲུན་པར་ཕན་བདེ་སྒྲུབ་ཀྱི་འདུག་ལ་སྤྱི་ཚོགས་ཉམས་མྱོང་དང་སྣང་བརྙན་ཀྱང་སྣ་འཛོམས་པར་བཟོ། རྩོམ་འབྲི་དང་གསར་བསྐྲུན་དེ་དག་གིས་སྤྱི་ཚོགས་ཀྱི་ཆ་མང་པོ་ཞིག་བཤད་ཡོད་ལ་ང་ཚོས་དེ་རྒྱང་ཐག་རིང་པོ་ནས་ཧ་གོ་བར་ཚོད་ལྟ་བྱེད་ཐུབ།
ང་བོད་དུ་བསྐོར་བསྐྱོད་བྱེད་དུས་རྩོམ་པ་པོ་དང་གློག་བརྙན་བཟོ་བསྐྲུན་མཁན་མང་པོ་ཞིག་དང་མཉམ་དུ་དུས་ཚོད་གཏོང་བཞིན་ཡོད། ཁོ་ཚོ་ནི་སྤྱི་ཚོགས་དཔལ་འབྱོར་གྱི་རྒྱབ་ལྗོངས་དཀྱིལ་མ་སྤྱི་བཏང་བ་ཞིག་ཡིན་པ་རེད། ཁོང་ཚོ་ནི་ཉི་མ་རེའི་དངོས་ཡོད་དང་ལོགས་སུ་དགར་བ་ཞིག་མིན་པ་དང་། ཕལ་ཆེ་བའི་ཁྱིམ་ཚང་ནི་ཞིང་ཁ་འདེབས་ལས་དང་ཕྱུགས་ཟོག་འཚོ་སྐྱོང་གི་རྒྱབ་ལྗོངས་ཡོད་པ་རེད།
ཁོང་ཚོ་ལ་མཚོན་ན། རྩོམ་རིག་ནི་ཁོང་ཚོའི་བསམ་བློ།ཚོར་བ་དང་སེམས་ཁམས་བརྗོད་པའི་བདེ་འཇགས་ཀྱི་བར་སྟོང་དེ་རེད། ང་ཚོས་གླེང་ཕྱོགས་འདི་ནས་ཤེས་དགོས་པ་ཞིག་ལ་བོད་དེ་ཆབ་སྲིད་ཀྱི་ལམ་ནས་རྒྱ་གཞུང་གི་སྟངས་འཛིན་འོག་ན་གནས་ཡོད་པ་རེད།
ཞིབ་གཤེར་གྱིས་རྐྱེན་པས། སྤྱི་ཚོགས་ཀྱི་སྣང་བརྙན་མང་པོ་ཞིག་ན་བོད་ཀྱི་རྩོམ་འབྲི་ནི་གསལ་བོ་མངོན་ཐུབ་ཀྱི་མེད་པ་དང་། མི་མང་རང་བཞིན་གྱིས་འགྲེལ་བརྗོད་ཡང་བྱེད་ཐུབ་ཀྱིན་མེད། ང་ཚོས་དོན་འགྲུབ་དབང་ཆེན་ལ་ཅི་ཞིག་བྱུང་བ་ལས་ཤེས་གསལ་ལྟར་དང་། ཁོས་བོད་ནང་མི་ཁ་ཤས་ལ་པེ་ཅིང་ཨོ་གླིང་རྩེད་འགྲན་ལ་ལྟ་ཚུལ་ཅི་ཡོད་དྲིས་པ་རེད། དེ་ནི་ཕྱིས་སུ་ང་ཚོས་༼འཇིགས་བྲལ་༽ ཞེས་པའི་གློག་བརྙན་ནང་མཐོང་ཐུབ།
ང་ཁྱོད་ཀྱིས་བཤད་པའི་ཡུལ་ཅན་རང་བཞིན་གྱི་རྟོགས་བཅོས་བརྩམས་རྩོམ་སྐོར་གླེང་བ་དེར་དགའ་བོ་བྱུང་། ཁྱེད་ཀྱིས་དཔེ་མཚོན་ཞིག་གསུང་ན་འགྲིག་གམ།
དཔེར་ན། འཇུ་སྐལ་བཟང་གི་སྙན་རྩོམ་ཚིག་ལྷུག་མའི་ཆ་ཤས་༼ སྤྲ་ནག་གིས་འབོད་པ་༽ འདི་ངས་དབྱིན་ཡིག་ནང་དུ་ཕབ་སྒྱུར་བྱས་ཡོད། འདི་ནི་ཕྱི་ལོ་༢༠༠༠ ནང་ལ་འབྲོག་པ་རྣམས་བཙན་གྱིས་གནས་སྤོ་བྱེད་དུ་བཅུག་པ་དེར་གཞིར་བཞག་འདུག
སྤྲ་ནག་ནི་འབྲོག་པ་མི་མང་གི་གཟུགས་རྒྱན་ལྟ་བུ་ཡིན་པ་དང་ཁོང་ཚོས་ཁོང་ཚོ་རང་ཉིད་ཀྱི་འཇིག་རྟེན་འདི་ནས་གནས་ཆགས་མ་ཐུབ་པར་མྱུར་བོའི་ངང་བོར་བརླག་འགྲོ་བཞིན་པའི་མཐོང་སྣེ་དེ་མཚོན་ཡོད།
འཇུ་སྐལ་བཟང་ནི་གྲུབ་འབྲས་ལྡན་པའི་རྩོམ་པ་པོ་ཞིག་དང་ཁོང་གིས་འབྲི་རྩོམ་གྱི་བང་རིམ་ནང་ཆོ་འཕྲུལ་སྟོན་ཐུབ་པ་དང་གཟུགས་རྒྱན་སྣ་ཚོགས་ཕན་ཚུན་བྲེལ་མཐུད་བྱེད་ཐུབ་པ། ཕྱིའི་རྣམ་པའི་ཚད་གཞིའི་ངོས་ནས་བལྟས་ན། དེ་ནི་གཡོ་འགུལ་ཐེབས་པའི་རྩོམ་རིག་གི་ཆ་ཤས་ཤིག་དང་། སྐད་ཡིག་གི་སྒྲོམ་གཞི་ཞིག་གིས་ལེགས་པར་ཕབ་པ་སོགས་ནི་རིག་གཞུང་དང་ལོ་རྒྱུས་ཀྱི་ཚད་བརྒལ་གྱི་འཁུར་བོ་ཞིག་ཀྱང་རེད།
སྔོན་ཆད་བོད་པ་ཚོས་བྲིས་པ་མང་པོ་ཞིག་དེ་མཚུངས་ཀྱིས་བསམ་བློ་འཁོར་ཆོག དཔེར་ན་༼ངས་གཞན་ཞིག་ཏུ་བྲིས་༽པ་ལྟར། བོད་ཀྱི་སྙན་ངག་དོན་གཉེར་པ་མང་ཞིང་། ཧ་ཅང་ཚད་ལྡན་གྱི་མི་ཚེ་དེ་བོད་ཀྱི་འབྲོག་པའི་རིག་གཞུང་དང་བོད་མིའི་རྩ་བའི་ངོ་བོས་ཕྱུགས་པ་དང་སླར་གསོའི་འཆར་སྣང་དང་འབྲེལ་བསྡད་ཡོད་པ་མང་བར་འདུག
ཁྱེད་ཀྱིས་མཐོང་བའི་བརྙན་རིས་དང་སེམས་ཚོར་འདྲེན་པའི་ཡི་གེ་དེ་ཚོས་ང་ཚོས་གསར་འགྱུར་བརྒྱུད་ལམ་ཁག་ནས་མཐོང་ཐོས་བྱུང་བའམ་བཀླགས་མྱོང་བའི་གཞུང་འབྲེལ་བཀའ་རྒྱའི་འོག་གནས་སྤོ་བྱེད་བཞིན་པའི་འབྲོག་པ་མང་ཚོགས་ཀྱི་གནས་སྟངས་དེ་གསལ་སྟོན་ཡོང་གི་འདུག
ངས་དེ་སྔོན་བྲིས་མྱོང་བའི་”བཙན་གྱིས་གནས་སྤོ་བྱེད་པའི་སྨྲེ་སྔགས་ཀྱི་གསང་སྔགས་དང་འདྲ་བར། སྤྲ་ནག་གིས་འབོད་པ་ལ་གཅིག་བྱས་ན་ཆབ་སྲིད་ཀྱི་ཤུགས་རྐྱེན་མེད་སྲིད། འོན་ཏེ། དེས་དེ་རིང་གི་བོད་ཀྱིས་ཅི་ཞིག་བཤད་འདོད་པ་དེ་ལ་རྩོམ་རིག་གི་བར་སྟོང་ཤིག་བསྐྲུན་པ་རེད། སྤྱི་ཚོགས་གནས་སྟངས་ཤིག་ནུས་མེད་བཟོས་པའི་ཉམས་མྱོང་དེ་ནི་ཕྱི་རོལ་ཞིག་ཏུ་མ་ཡིན་པར་ཁོང་ཚོ་རང་གི་ཡུལ་གྲུ་ནས་བྱུང་བ་ཞིག་རེད།”
བོད་ཀྱི་བུད་མེད་རིང་ལུགས་ཀྱིས་ཀྱང་བོད་ཀྱི་དེ་རིང་གི་སྤྱི་ཚོགས་ནང་ལས་འགུལ་དང་རྩོམ་རིག་འབྲེལ་མཐུད་རྒྱག་པར་ཞབས་འདེགས་དམིགས་བསལ་གནད་དང་ལྡན་པ་ཞིག་བྱས་ཡོད། དཔེར་ན་དཔལ་མོ་ཡིན་པ་དང་ངས་ཁོང་གི་བརྩམས་ཆོས་ཀྱི་སྐོར་བྲིས་མྱོང་།
ཕྱི་ལོ་༢༠༠༦ ནང་ལ་དཔལ་མོས་བོད་ཀྱི་བུད་མེད་རྩོམ་པ་པོ་སུམ་བཅུ་སོ་གཉིས་བསྐངས་ནས་སྙན་ངག་དྲུག་བཅུ་ཕྱོགས་སྒྲིག་བྱས་པ་དང་ཁ བྱང་དུ་༼བཞོ་ལུང་ ༽ ཞེས་བྲིས་ཏེ་དབུ་འཛུགས་བྱས། Lauran Hartley ཀྱིས་དེའི་སྔོན་གླེང་བྲིས་པ་རེད། དེ་དང་དུས་མཉམ་དུ་འཇམ་དབྱངས་སྐྱིད་ཀྱིས་བོད་ཀྱི་སྤྱི་ཚོགས་ནང་གི་བོད་ཀྱི་བུད་མེད་དཔྱད་གཏམ་ལ་དམིགས་ནས་མོའི་བྲིས་རྩོམ་དཔར་བསྐྲུན་བྱས་པ་རེད།
འདི་ཚང་མ་ནི་ཐོག་མའི་དུས་དང་མཉམ་དུ་རྩོམ་རིག་གི་ནང་དུ་སླེབས་བསྡད་པ་ཞིག་མ་རེད། དེ་ནི་གོང་རིམ་དཔོན་རིགས་ཀྱིས་ངེས་ལེན་ཆོག་མཆན་བཀོད་པའི་བསམ་ཚུལ་སྤེལ་ཡུལ་གྱི་སྡིང་ཆ་གཅིག་པུ་དེ་རེད།
བུད་མེད་ཚོས་རང་གི་འབོད་སྐད་ཁོར་ཡུག་འདིའི་ནང་ཕྱི་ལ་སྒྲོག་རྒྱུར་དུས་ཡུན་གང་འཚམས་ཕྱིན་པ་རེད། བོད་ཀྱི་སྙན་ངག་ནང་གི་བུད་མེད་ཀྱི་ལུས་རྟེན་ནི་ཁུ་སུམ་སུམ་ངང་སྲུང་བརྩི་བྱས་པ་རེད་ཅེས་པའི་རྩོམ་ཡིག་ལྟར། ངས་ཉེ་བའི་བུད་མེད་ཀྱི་བྲིས་རྩོམ་དེ་བོད་ཀྱི་རྩོམ་རིག་གྱི་རྣམ་པའི་འགྱུར་ལྡོག་ལོ་གྲངས་བཞི་བཅུ་ཕྱིན་པར་བགྲོ་གླེང་བྱས་པ་ཡིན།
སྐུ་ཉིད་ཀྱིས་མཛེས་ཉམས་ཀྱི་འབྱུང་ཁུངས་དེས་སྤྱི་ཚོགས་བྱེ་བྲག་པ་ཞིག་རྟོགས་པར་གལ་ཆེན་རང་བཞིན་གྱི་སྐོར་ལ་ཞིབ་ཚགས་ཀྱིས་གསུང་གནང་ན་འགྲིག་གམ།
ང་ཚོ་ཚང་མ་མཛེས་ཉམས་རང་བཞིན་ཅན་གྱི་གང་ཟག་རྐྱང་རེད། ངས་ནི་མི་རྣམས་ཀྱི་བྱུང་རབས་ལོ་རྒྱུས་བཤད་པ་ནི་ཁོ་རང་ཚོ་གང་ཟག་སྒེར་དང་ཡུལ་དུས་དང་འབྲེལ་བའི་ལྷན་སྐྱེས་དེ་ཡིན་པར་ཡིད་ཆེས་ཡོད། ཡུལ་དུས་དང་འབྲེལ་བའི་ལས་ཀ་དང་འགྲེལ་བརྗོད་བྱེད་མཁན་གྱི་ཉམས་ཞིབ་པ་ཞིག་གི་ཐབས་ལམ་ཡག་ཤོས་ནི་ཡུལ་དུས་དེའི་མཛེས་ཉམས་ཀྱི་ཁུངས་སྣེ་སྟེ་འཆར་སྣང་། སྐད་རིགས་དང་ཡང་ན་སྒྱུ་རྩལ་གྱི་བྱུང་བ་བརྗོད་པ་སོགས་རེད།
རྩོམ་རིག་གི་ནང་དུ། གློག་བརྙན་དང་རི་མོ། གཅིག་ཀྱང་སྟེས་དབང་གིས་བསྐྲུན་པ་ཞིག་མ་རེད། པར་ཆས་བྱེ་བྲག་པ་ཅིག་གི་གྲུ་ཟུར་དང་། ཚིག་བརྗོད་ངེས་བརྟན་བེད་སྤྱོད་སྟངས། མཚོན་རིས་འདྲ་མིན་གྱི་སྡེབ་སྦྱོར་སྟེ་ཚང་མ་ལ་བསམ་བློ་ཡོད་པ་རེད། གལ་སྲིད་ང་ཚོས་ཁོང་ཚོ་ལ་གསར་བསྐྲུན་དེའི་རྒྱབ་ལྗོངས་ལ་སྐད་ཆ་འདྲི་སྐབས་ཁོང་ཚོའི་ལས་ཀའི་རྒྱབ་ལྗོངས་དང་འབྲེལ་བའི་བསམ་བློའི་རིམ་པ་ཡོད་པ་རེད།
ཀློག་པ་པོ་དང་ཡང་ན་ལྟད་མོ་བ་ཡིན་ན་འང་འདྲ། ང་ཚོ་ལ་སོ་སོའི་་མཐོང་སྣེ་ཤིག་བརྗོད་པར་བསམ་པའི་སྐྱ་ཐིག་ཅིག་ཡོད་པ་རེད། དེ་བས། ཡུལ་དུས་གྱི་ལྷན་སྐྱེས་དེ་རྒྱ་ཆེ་བའི་རྩོམ་རིག ལོ་རྒྱུས། ཉེ་བའི་སྤྱི་ཚོགས་དང་ཆབ་སྲིད་ཀྱི་དངོས་ཡོད་དེ་མཛེས་ཉམས་ཀྱི་ཐོན་རྫས་ཤིག་ལ་འགྲེལ་བརྗོད་བྱེད་པ་དང་མཚུངས་པའི་གལ་ཆེན་པོ་ཆགས་ཡོད། དེ་མིན་ང་ཚོས་རང་ཉིད་ཀྱི་འགྲེལ་བརྗོད་ཅིག་འཁྱེར་ཆོག་ལ་དེ་ནི་རྟག་པར་རྙོག་འཛིང་གི་འོག་ནས་ཡུལ་དང་དུས་ཀྱིས་བར་མ་ཆོད་པ་ཞིག་རེད།
ངས་རྩོམ་རིག་རྟོགས་སྒྲུང་ནི་སྤྱི་ཚོགས་ཤིག་ཕྱིར་ལྡོག་བྱེད་པའི་འབྱུང་ཁུངས་ཀྱི་གནད་འགག་ཅིག་ཡིན་པར་བསམ་ཡོད། ངས་Virginia Woolf ལུང་འདྲེན་ཞུ་འདོད་བྱུང་། ཁོང་གིས་དཀྲོག་བརྡ་སློང་བའི་ཚུལ་ལྟར (གང་དུ་བདེན་དོན་གལ་ཆེ་ན། ངས་རྟོགས་སྒྲུང་འབྲི་རྒྱུར་འདམ་ང་བྱེད། ) “ང་ནི་བདེན་པ་གལ་ཆེ་ན། རྟོགས་སྒྲུང་འབྲི་རྒྱུར་མོས་པ་ཡོད”ཅེས་གསུངས་པ་རེད།
གང་ལྟར་ཀྱང་། ངས་འདས་སོང་གི་རྟོག་སྒྲུང་དང་རྩོམ་རིག་འབྲི་རྩོམ་ལ་ཉམས་ཞིབ་བྱེད་ཚེ་ང་ལ་ད་དུང་གསེད་འགྲོལ་བྱེད་རྒྱུ་དང་ཡང་ན་ཚན་རིག་དང་ཉེ་བའི་དག་སྐྱེལ་མཁོ་བར་འདུག ངས་རང་ཉིད་ཀྱི་རྩོམ་པ་པོ་དགའ་ཤོས་ (Colum McCann)( Lauran Hartley ནས་ང་ལ་ཁོང་གི་བརྩམས་ཆོས་ངོ་སྤྲོད་གནང་བར་ཐུགས་རྗེ་ཆེ་)བཅར་འདྲི་བྱས་པ་འདིར་ཞོར་འཕྲོས་སུ་བཤད་འདོད་བྱུང་།
ཁོང་གིས་”བདེན་པ” དང “རྟོགས་སྒྲུང་”འབྲི་དུས། ཁོང་གིས་་་བདེན་པ་དང་རྟོག་སྒྲུང་གཉིས་དབར་ཀྱི་སྐུད་ལམ་དེ་ནི་ད་ལྟ་ང་ཚོ་གང་དུ་ཡོད་པ་བརྡ་སྟོན་མཁན་ལྷད་མེད་ཅིག་རེད། ང་ཚོའི་མི་རིགས་ཀྱི་བསམ་བློ་གང་དུ་མངོན་པ་དང་བདེན་པ་ནི་གང་རེད་དམ། རྟོག་སྒྲུང་ནི་གང་རེད་དམ།
འདི་ནི་རྒྱ་ཆེ་བའི་ཆབ་སྲིད་དང་སྤྱི་ཚོགས་ཀྱི་གབ་ཚིག་བྱེ་བྲག་ཅིག་རེད།་་་འཆར་ཡན་དེ་དངོས་ཡོད་ཡིན་བསམ་རུང་ངམ། Tom Joad དངོས་ཡོད་མིན་པ་གང་ཡིན་ཟེར་ན་ཁོ་ནི་Steinbeck འཆར་ཡན་གྱིས་བསྐྲུན་པའི་དཔེ་མཚོན་ཡིན་པ་རེད་དམ།
དེབ་འདི་ང་ཚོས་འབྲེལ་ལམ་གྱི་འདྲ་སྐུ་སྟེ་ཡིད་མུག་ཆེན་པོ་དང་འབྲེལ་བ་མེད་པར་བསམ་རུང་ངམ། ང་ལ་མཚོན་ན། ཚིག་ནི་སྒྲུང་གི་རྟོག་འཆར་བས་ཀྱང་དགའ་མོས་བྱེད་ཀྱིན་ཡོད་པ་དང་། དེ་ནས་ཚིག་གི་བདེན་པ་ཡིན་པ་རེད། Steinbeck གིས་ང་ཚོ་ལ་ཡིད་མུག་ཆེན་པོ་དེ་ཅི་ཞིག་ཡིན་པ་གནད་དུ་ཐེངས་པར་ཤེས་སུ་བཅུག་གནང་བ་རེད། གང་ཡིན་ཟེར་ན་རྟོག་བཅོས་ཀྱི་བདེན་པ་རང་རེད། ཕྱོགས་མཚུངས།དེབ་རྩ་ཆེན་མང་པོར་དེ་ལྟ་བུའི་ཐབས་ལམ་ལྡན་པ་རེད།”
སྐུ་ཉིད་ཀྱིས་རྩོམ་རིག་ནི་བོད་ཀྱི་སྔ་མོའི་སྤྱི་ཚོགས་ནང་བོད་པ་ཚོས་རང་ཉིད་ཀྱི་འབོད་སྐད་སྒྲོག་སའི་་སྡིངས་ཆ་ཉག་གཅིག་རེད་གསུངས་སོང་། བར་སྟོང་གཞན་ཞིག་སྟེ་གློག་བརྙན་ཁང་སྒོ་ཕྱེས་པ་དང་བོད་ཀྱི་རྩོམ་པ་པོ་ཚོས་གསར་གཏོད་དང་སྒྱུ་རྩལ་བརྒྱུད་ལམ་འདི་བརྒྱུད་ནས་བསྔོག་འདོན་བྱེད་པར་འགོ་རྩོམ་འདུག་གམ། སྐུ་ཉིད་ཀྱིས་མཐོང་སྣང་ལ་བོད་ནང་གི་གཟུགས་མཐོང་སྒྲུང་གི་རྩོམ་རིག་གི་རྨང་གཞི་དང་གློག་བརྙན་བཟོ་བསྐྲུན་མཁན་ཇི་འདྲ་འདུག།
ལགས་རེད། གནད་དོན་དེ་ཡག་པོ་དང་བདེན་པ་རེད། ངས་ཞུས་པ་བཞིན། ཕྱི་ལོ་༡༩༨༠ ལོ་ནང ༡༩༩༠ ལོའི་ནང་ལ། གལ་སྲིད་ཁྱེད་གྱིས་ཤེས་རྟོགས་གཅིག་ཏུ་སྒྲིལ་པ་ལ་རྩོམ་རིག་ནི་རྣམ་འགྱུར་ཞིག་སྟེ་གསར་གཏོད་བྱེད་པའི་ཆ་ཤས་གཅིག་ཁོ་ན་ཡིན་པ་དེ་ཁུངས་སྐྱེལ་ཡོད། དེ་ནི་སྐབས་དེར་གློག་བརྙན་བཟོ་བསྐྲུན་མཁན་གྱིས་ཇི་ལྟར་མངོན་འདོད་སྒྲུབ་མ་ཐུབ་པའི་ཚད་འཛིན་ཞིག་རེད། ད་དུང་ཡང་། ཁྱེད་ཀྱིས་ཤེས་གསལ་ལྟར་” བོད་དང་འབྲེལ་བའི་གློག་བརྙན་”ཡོད་པ་རེད། འོན་ཏེ། བོད་མི་ཚོས་བོད་ཀྱི་བྱུང་རབས་དང་འབྲེལ་ནས་གཟུགས་བརྙན་འཆར་ཐུབ་མེད་པ་རེད།
ངས་རྡ་རམ་ས་ལར་ཡོད་པའི་བོད་ཀྱི་དཔེ་མཛོད་ཁང་གི་བོད་ཀྱི་སྐད་ཡིག་གི་རྩོམ་རིག་དུས་དེབ་ཀྱི་དཔེ་བསྐྲུན་རྙིང་པ་དེ་ཚོ་ཀློག་ཞོར་ནས། ༡༩༨༩ ལོར་པཎ་ཆེན་སྐུ་གོང་མ་སྐུ་མ་གཤེགས་གོང་གི་གསུང་བཤད་ཅིག་རྙེད་སོན་བྱུང་། ཁོང་གིས་རྒྱ་ནག་གི་དབང་འཛིན་པ་ལ་རྒྱ་ནག་གིས་བཟོས་པའི་གློག་བརྙན་ནང་བོད་ཀྱི་ངོ་ཚབ་ལ་འཁྱོག་བཤད་དང་སྐྱོ་བོ་ཡིན་པར་སྐྱོན་བརྗོད་བྱེད་ཀྱིན་འདུག
གསུང་བཤད་འདི་ནི་དབྱིན་ཡིག་ནང་དུ་བསྒྱུར་དགོས་པར་འོས་བབས་ཡིན་པ་དང་ངས་གསུངས་བཤད་འདི་གང་མགྱོགས་སམ་ཡང་ན་རྗེས་སུ་དབྱིན་ཡིག་ནང་ཕབ་པར་རེ་བ་བྱེད་ཀྱིན་ཡོད། གང་ལྟར། དེ་དང་དུས་མཉམ། ངའི་བསམ་པ་ལ་འདི་ནི་འཛམ་གླིང་གང་སར་གནས་པའི་གློག་བརྙན་བཟོ་བསྐྲུན་མཁན་ཚོ་ལ་རྩོམ་རིིག་གི་རྩ་བ་ཡོད་པར་གལ་ཆེན་པོ་རེད་བསམ། གང་ཡིན་ཟེར་ན། གློག་བརྙན་བཟོ་བསྐྲུན་གྱི་གོ་རིམ་ནང་དུ་ཡང་འབྲི་རྩོམ། ཀློག་བྱ་དང་རྩོམ་སྒྲིག་གི་ཡིག་གཟུགས་སོགས་ཀྱང་ཚུད་པ་རེད། ཟིན་བྲིས་མ་འདྲ་བ་དང་། གཏམ་བརྗོད་འབྲི་རྒྱུ། སྐད་ཡིག་དང་སྐད་ཀྱི་གཤིས་ལུགས་ཀྱི་བཟོ་བཀོད་ཀྱི་དབྱེ་ཞིབ་ཕྲ་མོ་སོགས་མཁོ་བ་རེད།
ངས་པདྨ་ཚེ་བརྟན་དང་གཞན་དག་གིས་བཟོས་པའི་གློག་བརྙན་ལ་ལྟ་དུས་ངས་ཁོང་ཚོའི་རྩོམ་རིག་གི་རྒྱབ་ལྗོངས་དེ་ཁོང་ཚོའི་མཐོང་སྣང་གི་སྒྲུང་གཏམ་གྱིས་གཏིང་ཚུག་པའི་སྒོ་ནས་ཤུགས་རྐྱེན་དང་ཁ་སྐོང་ཡོད་པ་མཐོང་ཐུབ་ཀྱིན་འདུག ངས་ད་དུང་ཁ་གསབ་བྱེད་འདོད་པ་ཞིག་ལ་མཛེས་ཉམས་འབྲི་རྩོམ་ནི་བོད་ཀྱི་སྤྱི་ཚོགས་ལ་གཏིང་ཚུགས་པོ་ཆགས་འདུག་ལ། ལོ་རྒྱུས་དེ་ནི་གེ་སར་གྱི་དཔའ་སྒྲུང་དང་དེའི་རྒྱབ་ལྗོངས་སོགས་ཀྱི་ལོ་དུས་ལ་ཕྱིར་ལྡོག་བྱེད་བཞིན་པར་བསམ་རུང་བ་ཞིག་རེད།
ངས་བཤད་འདོད་པ་ཞིག་ལ་རྩོམ་པ་པོ་ཞིག་གློག་བརྙན་བཟོ་བསྐྲུན་མཁན་དང་ཡང་ན་གཟུགས་མཐོང་སྒྲུང་གཏམ་བཤད་མཁན་ཞིག་ལ་འགྱུར་བ་ནི་རང་བཞིན་གྱི་འཕེལ་རྒྱས་ཤིག་ཡིན་པ་ལས་དུས་གཅིག་ལ་བྱུང་བ་ལས་ལེགས་པར་འདུག ཡིན་དང་ཡིན། རིག་གནས་གསར་བརྗེ་དང་མོའོ་ཡི་དབང་འཛིན་གྱིས་རྩོམ་རིག་གི་ཀ་བ་ལ་སྒུལ་སྐྱོམ་བྱས་པ་རེད། འོན་ཏེ་ཐུགས་རྗེ་ཞུ་དགོས་པ་ཞིག་ལ་ལོ་ངོ་སུམ་བཅུ་དེ་བོད་ཀྱི་རྩོམ་རིག་རྩ་གཏོར་བྱ་རྒྱུ་འདང་ངེས་བྱུང་མེད་པ་རེད།
སྒྱུར་རྩོམ་ཚན་པ་དང་པོ། སློབ་དཔོན་ཆེན་མོ་ཆོས་ཉིད་དབང་མོ་(Francoise Robin) ལགས་སུ་བཅར་འདྲི། ཚན་པ་དང་པོ།
མུ་འགོད།
མ་རྩོམ་གྱི་འབྲེལ་ཐག https://tibetscapes.wordpress.com/2022/03/10/interview-with-prof-francoise-robin-gokul-k-s/