མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སོག་ཡུལ་དད་ལྡན་མི་མང་གིས་༧སྐྱབས་རྗེ་བྱ་དོ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

བོད་ཀྱི་དུས་བབ།
༢༠༢༤/༠༨/༢༢
Share on FacebookShare on TwitterShare on EmailShare on Whatsapp

སོག་ཡུལ་དུ་༧སྐྱབས་རྗེ་བྱ་དོ་རིན་པོ་ཆེ་མཆོག་གིས་དུས་རབས་ ༢༡ པའི་གཞོན་སྐྱེས་རྣམས་ལ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བརྗོད་བྱ་ཟབ་ཅིང་གོ་བདེ་བའི་ཐོག་ནས་བཀའ་སློབ་བསྩལ་ཡོད་པ་ཉིན་རེ་བཞིན་ཉམས་ལེན་བྱ་རྒྱུ་གལ་ཆེན་ཡིན་སྐོར་བཀའ་སློབ་གནང་འདུག

སོག་ཡུལ་སེར་སྐྱ་མི་མང་ནས་༧སྐྱབས་རྗེ་བྱ་དོ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། པར་སོག་ཡུལ་དགའ་ལྡན་ཐེག་ཆེན་གླིང་གི་ཐད་གཏོང་ལས་བླངས། ༢༠༢༤།༠༨།༢༢

སོག་ཡུལ་གྱི་རྒྱལ་ས་ཨུ་ལམ་བྷ་དར་གྱི་དགའ་ལྡན་ཐེག་ཆེན་གླིང་དུ། ཁ་སང་ཕྱི་ཚེས་ ༢༡ ཉིན་༧སྐྱབས་རྗེ་བྱ་དོ་རིན་པོ་ཆེ་མཆོག་གིས་དུས་འཁོར་དབང་ཆེན་བསྩལ་བ་ལེགས་པར་གྲུབ་ཡོད་པ་དང་། དེ་རིང་སོག་པོའི་དད་ལྡན་སེར་སྐྱ་མི་མང་གིས་༧སྐྱབས་རྗེ་བྱ་དོ་རིན་པ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་འདུག

བརྟན་བཞུགས་སྐབས་༧སྐྱབས་རྗེ་བྱ་དོ་རིན་པོ་ཆེ་མཆོག་གིས། ཚེ་དབང་ཟེར་བ་ནི་ང་ཚོའི་བར་ཆད་ཞི་བ་དང་། ཚེ་ཡི་བསོད་ནམས་རྒྱས་པའི་རྟེན་འབྲེལ་སྒྲིག་རྒྱུ་དེ་རེད། གཙོ་བོ་༧རྒྱལ་བ་ཡིད་བཞིན་ནོར་བུ་མཆོག་གི་དབུས་རིས་སུ་མ་ཆད་པའི་བསྟན་འཛིན་གྱི་སྐྱེས་བུ་རྣམས་ཀྱི་སྐུ་ཚེ་ཞབས་པད་བརྟན་པ་དང་མཛད་པ་འཕྲིན་ལས་རྒྱས་པའི་ལས་དོན་བྱས་ཡོད་བསམ་དགོས། དེ་རིང་གི་དུས་ཚོད་འདིར་ཨ་རིའི་ནེའུ་ཡོག་ཏུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་ཡོད་པའི་རྟེན་འབྲེལ་མ་སྒྲིག་རང་འགྲིག་ཆགས་ཡོད་པ་དང་བསྟུན་ཚང་མས་ཐུགས་སྨོན་རྒྱ་ཆེ་གནང་རོགས། ཞེས་གསུངས་སོང་།

རིན་པོ་ཆེ་མཆོག་གིས། ང་ཚོ་འདིར་བདུན་ཕྲག་གཉིས་ཙམ་རིང་མཉམ་འཛོམས་ཐོག་ཡང་ནས་ཡང་དུ་ནང་ཆོས་ཐོག་སྐད་ཆ་བཤད་པ་དང་ཉན་པའི་གོ་སྐབས་ཤིག་བྱུང་བ་རེད། ངས་གོང་དུ་བཤད་ཟིན་པའང་མདོར་བསྡུས་དང་ཉུང་ཉུང་ཞིག་རེད། གཙོ་བོ་བྱང་ཆུབ་ལམ་རིམ་ཆེན་མོས་དབུས་རྒྱ་གར་པཎ་གྲུབ་ཀྱི་གསུངས་དང་། བོད་གངས་ཅན་གྱི་པཎ་གྲུབ་རྣམས་ཀྱི་གསུངས། དེ་བཞིན་ཆེན་པོ་ཧོར་གྱི་པཎ་གྲུབ་ཀྱིས་བརྩམས་པའི་ཕྱག་དཔེ་སོགས་ལ་དོ་སྣང་ཡང་ཡང་བྱེད་དགོས། ལྷག་པར་དུ་དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་གཞོན་སྐྱེས་རྣམས་ཀྱིས་གོ་བདེ་བ་དང་། འཇུག་བདེ་བ། བརྗོད་བྱ་ཟབ་ཅིང་གནད་བསྡུས་པའི་ཐོག་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་སློབ་མང་པོ་ཞིག་ཡོད། དེ་དག་ནི་སྒྲ་ལ་ཉན་རྒྱུ་ཡོད་པ་དང་། གཟུགས་བརྙན་ཐོག་མཇལ་རྒྱུ་ཡོད། ཕྱག་དེབ་ཐོག་ཀློག་རྒྱུ་ཡོད་པ་ཞིག་ཡིན་པར་བརྟེན། དེ་དག་ལ་ཉིན་རེ་བཞིན་ལྟ་ཀློག་བྱ་དགོས། རྒན་གཞོན་སུ་ཞིག་ཡིན་རུང་ཞོགས་པར་ཡར་ལངས་ཏེ་སྐྱབས་འགྲོ་དང་། སེམས་བསྐྱེད། ཡང་དག་པའི་ལྟ་བ་སོགས་རྒྱས་བསྡུས་ལ་མ་བལྟོས་པར་ཉམས་ལེན་བྱ་རྒྱུ་གལ་ཆེན་པོ་རེད། ཅེས་གསུངས་སོང་།

སོག་ཡུལ་དགའ་ལྡན་ཐེག་ཆེན་གླིང་གི་དཔལ་དུས་ཀྱི་འཁོར་ལོའི་དཀྱིལ་འཁོར། དགའ་ལྡན་ཐེག་ཆེན་གླིང་གི་པར།

ཡང་རིན་པོ་ཆེ་མཆོག་གིས། ཉིན་འདི་དག་རིང་ང་ཚོས་མཉམ་དུ་ཆོ་ག་འདོན་པའི་སྐབས་ཚོར་བ་ཆེན་པོ་བྱུང་། ང་རང་སྒེར་ལ་ཆ་བཞག་ན་གཏོར་མ་འདི་འདྲའི་རྒྱ་ཆེན་པོ་ཞིག་བཞེངས་ཐུབ་པའི་ཆ་རྐྱེན་ཡོད་ཀྱི་མ་རེད། ཞལ་འདོན་རྒྱ་ཆེན་འདོན་པའི་དུས་ཚོད་ཧ་ཅང་ཁག་པོ་རེད། མི་གཅིག་གིས་གླགས་ཁེལ་བ་ཞིག་རྩ་བ་ཉིད་ནས་མ་རེད། ༧རྒྱལ་མཆོག་བསྐལ་བཟང་རྒྱ་མཚོའི་སྐབས་ནས་རྣམ་པར་རྒྱལ་བའི་ཕན་བདེ་ལེགས་བཤད་གླིང་གི་གྲྭ་ཚང་ལ་ཐུན་མོང་མིན་པའི་དུས་འཁོར་ཐོག་ཕྱག་ལེན་ཡོད་བསྡད་པ་རེད། ད་ལན་འདིར་རྣམ་རྒྱལ་གྲྭ་ཚང་གི་སློབ་དཔོན་ཟུར་པ་དང་དབུ་འཛིན་སོགས་ཀྱིས་ཆོ་ག་ཉིན་རེ་བཞིན་གསུངས་དུས། དུས་འཁོར་གྱི་སྐུ་གསུང་ཐུགས་ཡོངས་སུ་རྫོགས་པའི་ཆོ་ག་ལེགས་པར་གྲུབ་པའི་ཚོར་བ་བྱུང་། མི་མང་ཚོས་ཀྱང་ཞོགས་པ་ནས་ཉན་ཏེ་ལམ་སེང་ཤེས་ཐུབ་ཀྱི་མེད་ཀྱང་ཐོས་པའི་བག་ཆགས་ཡོད་པ་རེད། དེ་རིང་སྐལ་བ་བཟང་པོའི་ཉིན་འདི་ནས་ཚར་བ་རེད་མི་བསམ་པར། ཉིན་རེ་བཞིན་སྐྱབས་འགྲོ་དང་། བྱང་ཆུབ་ཀྱི་སེམས། ཡང་དག་པའི་ལྟ་བ་སོགས་ཉམས་ལེན་བྱ་དགོས། ཞེས་གསུངས་སོང་།

༸སྐྱབས་རྗེ་བྱ་དོ་སྤྲུལ་སྐུ་བསྟན་འཛིན་འབྱུང་གནས་རིན་པོ་ཆེ་མཆོག་ནི་རྒྱ་གར་ལྷོ་ཕྱོགས་ཀྱི་སེར་བྱེས་མཁས་སྙན་གྲྭ་ཚང་དུ་ཆོས་ཞུགས་ཀྱིས་དགེ་བཤེས་ལྷ་རམས་པའི་མཚན་གནས་བཞེས་ཡོད་ཅིང་། ཕྱི་ལོ་ ༢༠༡༣ ལོ་ནས་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་གི་བླ་མ་དབུ་མཛད་དང་མཁན་རིན་པོ་ཆེའི་མཛད་འཁུར་རིམ་པར་བཞེས་ཡོད་འདུག དེའི་རྗེས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བཀའ་ཕེབས་པ་ལྟར་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་ཕན་བདེ་ལེགས་བཤད་གླིང་གི་མཁན་རབས་ལྔ་པར་བསྐོ་གཞག་གནང་འདུག དེ་བཞིན་ལོ་མང་རིང་སོག་ཡུལ་གཙོས་དད་ལྡན་སེར་སྐྱ་མི་མང་ལ་གསུང་ཆོས་དང་དབང་ལུང་གནང་བའི་བསྟན་པའི་ཞབས་འདེགས་རྒྱ་ཆེ་ཞུས་ཡོད་སྟབས། ཕྱི་ལོ་ ༢༠༡༩ ཟླ་ ༧ ནང་བྷུར་ཡ་ཐི་གཞུང་གིས་༧སྐྱབས་རྗེ་བྱ་དོ་རིན་པོ་ཆེ་མཆོག་ལ་བྷུར་ཡ་ཐའི་གཟེངས་བསྟོད་དང་། ཌི་ཛ་ཡའི་ནང་པའི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་གིས་འབུམ་རམས་པའི་མཚན་གནས་ཕུལ་ཡོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་།

རྩོམ་སྒྲིག་བྱེད་མཁན། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

ཆུ་ཚོད་ ༢༠ སྔོན་ལ།
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

ཆུ་ཚོད་ ༢༢ སྔོན་ལ།
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese