མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སློབ་དཔོན་ཆེན་མོ་ཆོས་ཉིད་དབང་མོ་(Francoise Robin) ལགས་སུ་བཅར་འདྲི། ཚན་པ་གསུམ་པ།

བོད་ཀྱི་དུས་བབ།
༢༠༢༤/༠༨/༢༧
Share on FacebookShare on TwitterShare on EmailShare on Whatsapp

བཅར་འདྲི་བ། གྷོ་ཁུལ་ཁེ་སི(Gokul KS)   བོད་སྒྱུར་བ། འབུམ་རམས་པ་ལྷ་མོ་མཚོ།

སློབ་དཔོན་ཆེན་མོ་ཆོས་ཉིད་དབང་མོ་(Francoise Robin)

ངས་བོད་ནང་གི་གློག་བརྙན་བཟོ་བསྐྲུན་གྱི་བརྒྱུད་རིམ་སྐོར་ལ་ཤེས་འདོད་ཆེན་པོ་འདུག སྐུ་ཉིད་པདྨ་ཚེ་བརྟན་གྱི་གློག་བརྙན་དབུགས་ལྒང་ནང་མཉམ་ཞུགས་བྱེད་པར་གོ་སྐབས་བྱུང་བ་དང་དེ་བཞིན་ལྷ་བྱམས་རྒྱལ་གྱི་དབང་གྲགས་ཀྱི་ཆུ་ལྷམ་ལ་ཡང་ཞུགས་གནང་འདུག མ་ཟད་སྐུ་ཉིད་ཀྱིས་ལྷ་བྱམས་རྒྱལ་གྱི་ཡོང་འགྱུར་གྱི་གློག་བརྙན་(མེལ་ལེ་སྟོང་ཕྲག་བརྒལ་བའི་ཁྲུང་ཁྲུང་) གི་འཁྲབ་སྟོན་ཆུང་ངུ་གནང་འདུག། ཁྱེད་ཀྱིས་གློག་བརྙན་དེའི་འཁྲབ་སྟོན་ཡུལ་དངོས་ཀྱི་མྱོང་ཚོར་ཟུར་གཅིག་ངོ་སྤྲོད་གནང་རོགས་ཞུ།

པདྨ་ཚེ་བརྟན་གྱིས་གློག་བརྙན་བཟོ་བསྐྲུན་འགོ་བཙུགས་ནས་ལོ་གྲངས་ཉི་ཤུ་ཕྱིན་པ་རེད། ཁོང་གིས་འཇོན་ཐང་ལྡན་ཞིང་སྒྱུ་རྩལ་ལ་བློས་གཏོང་མཁན་གྱི་བཟོ་རྩལ་པ་སྐོར་ཞིག་བོད་ཀྱི་གློག་བརྙན་བཟོ་བསྐྲུན་ལས་གཞིའི་ཆེད་དུ་བསྡུ་རུབ་གནང་འདུག། ངས་ཞུས་པ་བཞིན། གློག་བརྙན་བཟོ་སྐྲུན་གྱི་དཔུང་སྡེ་དེ་ནི་ཁྱིམ་ཚང་ཞིག་ལས་ལྷག་པ་དང་། ཁྱེད་ཀྱིས་མི་སྐོར་ཅིག་གིས་གློག་བརྙན་གཅིག་ནས་གཅིག་མུ་མཐུད་ནས་མཉམ་རུབ་ཀྱིས་བཟོ་བཞིན་པ་རྟག་པར་མཐོང་ཐུབ།

ཁྱེད་ལ་དེའི་སྐོར་གྱི་འཆར་སྒོ་ཅིག་བཤད་ན། འདིའི་ཁོངས་སུ་རང་ཉིད་བློས་གཏོང་གིས་གང་ཟག་སུ་གཏོགས་ཡོད་པ་དེ་བསྟན་འཛིན་ནས་གླེང་ན། ཁོ་རང་ལོ་ཉི་ཤུར་སླེབས་དུས་ཁོའི་ཕ་མས་ཁོ་རྒྱལ་ཁབ་ཀྱི་ལས་བྱེད་པ་ཞིག་བྱེད་འདོད་རུང་ཁོས་ཕ་མ་ལ་ངོ་རྒོལ་གྱིས་ཁོང་གི་སྐྱེས་ཡུལ་ནས་འཚིག་ཇ་ཁང་ཞིག་གི་སྒོ་ཕྱེས་པ་རེད། ཕྱི་ལོ་༢༠༡༧ ལོར་ལས་ཀ་དེ་གནས་སྐབས་རིང་གཡུག་སྟེ་ལྷ་བྱམས་རྒྱལ་གྱི་གློག་བརྙན་”དབང་གྲགས་ཀྱི་ཆུ་ལྷམ” ལ་ལས་རོགས་བྱས་པ་རེད་ལ་དེ་དུས་ང་ཁོ་ལ་ཐུག་བྱུང་།

ཁོས་ཁོ་ལ་ལས་ཀ་དེར་གླ་ག་ཚོད་ཅིག་རེག་གི་ཡོད་མེད་ཤེས་ཀྱིན་མི་འདུག་ལ་རེ་བ་ཡང་དེ་འདྲ་རྒྱབ་མེད་པ་འདྲ་བོ་འདུག ཁོས་རང་ཉིད་གློག་བརྙན་བཟོ་བསྐྲུན་གྱི་ལས་གཞི་ནང་དུ་གཏོགས་པའི་གོ་སྐབས་རེག་པ་དེ་བརྩི་འཇོག་དང་ཡག་པོ་ཡིན་པར་བསམ་འདུག ལོ་གཉིས་ཀྱི་རྗེས་སུ་ང་ལྷ་བྱམས་རྒྱལ་གྱི་གློག་བརྙན་གཉིས་པ་འཁྲབ་ས་ནས་ཁོ་༼བསྟན་འཛིན༽ལ་ཐུག་བྱུང་ལ་ཁོ་ཡང་གློག་བརྙན་བཟོ་ཁག་གི་ལས་མི་ཞིག་ཆགས་འདུག་སྙམ།

འདི་དང་མཚུངས་པར་བོད་ཀྱི་གཞོན་སྐྱེས་ཕལ་མོ་ཆེ་གློག་བརྙན་ལ་སེམས་ཕྱོགས་བཞིན་འདུག ཕལ་ཆེ་བས་ཁོ་ཚོ་རང་གི་ཆེད་ལས་ཡར་རྒྱས་སུ་གཏོང་བར་འདུན་པ་ལྡན་ལ་དེ་ཡང་ཁེ་ལས་ཐོན་སྐྱེད་དང་རིག་གཞུང་དང་( རོལ་མོ། གློག་བརྙན། རི་མོ། རྩོམ་རིག་དང་བརྙན་རིས་ལ་སོགས) འབྲེལ་འདུག ཁོ་ཚོས་རང་གི་ཆེད་ལས་དེ་དོན་དང་ལྡན་པའི་སྒོ་ནས་འཚོ་ཕྱིར་སྲིད་གཞུང་གི་ཆེད་ལས་ཀྱི་གནས་བབས་དང་ལས་ཁུངས་ཀྱི་བཙན་གནོན་འོག་མེད་པར་བདེ་ལེགས་ངང་སྒྲུབ་ཀྱིན་འདུག

ཕྱི་ལོ་༢༠༡༨ ལོའི་དབྱར་ཁར། ང་གྲོང་གསེབ་ན་ཡོད་པའི་པདྨ་ཚེ་བརྟན་གྱི་སྤྱི་ཁྱབ་ལས་ཁུངས་སུ་ཉིན་འགའི་རིང་ལ་བསྡད་པ་ཡིན། དེ་རུ་ངས་”གར་སྟེགས་ཀྱི་རྒྱབ་ལྗོངས”དང་ཚོགས་པ་དེའི་སེམས་ཤུགས་ངོ་མ་དེ་གསར་རྟོགས་བྱུང་སོང་། པདྨ་ཚེ་བརྟན་གྱིས་ཧ་ཅང་བཟོད་སྲན་ཆེན་པོའི་ངང་ཁང་པ་ཐོག་སོ་གཅིག་ཅན་ཞིག་ལ་ལས་ཁུངས་དང་ཉལ་ཁང་(ལས་ཁུངས་དང་ཉལ་ཁང་གཅིག་ལྕོག་) གློག་བརྙན་ལས་ཀ་བྱེད་ཀྱིན་འདུག ཁང་མིག་གཅིག་ལ་ཐར་ལོ་གློག་བརྙན་གྱི་པར་རུས་ཀྱིས་ཁེངས་འདུག་པ་མཐོང་བ་དེས་ང་ཧང་སངས་སུ་བཅུག་སོང་།

ཐར་ལོ་འཁྲབ་གཞུང་གི་ངོས་མང་པོ་ཞིག་དེ་ག་རང་ནས་འཁྲབ་སྟོན་བྱས་པ་དང་། འདྲ་རིས་པར་ཁང་། སྐྲ་བཞར་ཁང་དང་ཉེན་རྟོག་པའི་ས་ཚུགས་སོགས་པདྨ་ཚེ་བརྟན་གྱི་ལས་ཁུངས་ཀྱི་ཁང་མིག་རྗེས་མ་དེ་རེད་འདུག འཁྲབ་སྟོན་པ་གཙོ་བོ་(སྦྱིན་པ་དང་བསོད་ནམས་དབང་མོ་) གཉིས་ནི་སྔ་མོ་ནས་དེར་སླེབས་འདུག་ལ་ལྒང་བུ་ལ་གཅིག་ཕན་གཅིག་གྲོགས་ཀྱིས་སྔོན་འགྲོའི་ཚོད་ལྟ་བྱེད་ཀྱིན་འདུག སྦྱིན་པས་གླིང་བུ་འབུད་བཞིན་འདུག་ལ་བསོད་ནམས་དབང་མོ་ལྷ་ས་ནས་ཡིན་པས་ཨ་མདོའི་མི་ལ་ཆ་རྒྱུས་དེ་ཙམ་མེད་པ་རེད། ཁོ་མོའི་སྐད་གདངས་སྦྱོང་བཞིན་པ་དེ་འཁྲབ་གཞུང་ནང་གི་མི་སྣ་བྱེད་པར་འདང་ངེས་ཤིག་འདུག

སྦྱིན་པས་མོ་ལ་རོགས་རམ་བྱེད་ཀྱིན་འདུག འོན་ཏེ་མོའི་སྐད་ཡིག་སློབ་སྟོན་པ་བློ་བརྟན་ཟེར་བའི་ན་གཞོན་ཞིག་རེད། ཁོ་ནི་རང་ཉིད་གློག་བརྙན་བཟོ་བསྐྲུན་མཁན་ཞིག་ཆགས་པར་ཕུགས་བསམ་ཡོད་མཁན་ཞིག་དང་། མ་ཟད་ལས་མི་རྣམས་གཟའ་འཁོར་འགའ་ལ་སྡོད་སའི་མགྲོན་ཁང་གི་སྤྱིན་བདག་ཞིག་ཀྱང་རེད་འདུག

ཕྱི་ལོ་༢༠༡༨ལོར།བསོད་ནམས་དབང་མོས་བློ་བརྟན་དང་སྤྱིན་པ་གཉིས་དང་ལྷན་དུ་ལྒང་བུ་གློག་བརྙན་ཆེད་དུ་ཨམ་སྐད་སྦྱོང་བརྡར་བྱེད་བཞིན་པ།པར་བ།ཆོས་ཉིད་དབང་མོ།

 སྐུ་ཉིད་ཀྱི་ཕྱག་ལས་ཁྲོད་ཀྱི་ཆ་ཤས་ཤིག་ནི་ཡིག་སྒྱུར་རེད་འདུག སྐུ་ཉིད་ཀྱིས་ལོ་དུས་མའི་རིང་བོད་ཀྱི་སྒྲུང་ཐུང་དང་སྙན་ངག་འགའ་ཧྥ་ཡིག་དང་དབྱིན་ཡིག་ནང་དུ་སྒྱུར་འདུག སྐུ་ཉིད་ཀྱིས་ཡིག་སྒྱུར་བྱེད་ཡུན་རིང་གདོང་ལེན་བྱེད་དགོས་པའི་གལ་གནད་གང་དག་རེད་དགོངས་ཀྱི་ཡོད་དམ།

ང་ཡིག་སྒྱུར་བྱེད་རྒྱུར་དགའ་ལ་ངས་སེམས་པ་དང་མཉམ་དུ་ཡིག་སྒྱུར་བྱེད་ཀྱིན་ཡོད། ངས་སྙན་ངག་ཡང་ན་སྒྲུང་བྱེ་བྱག་པ་ཅིག་ཀློག་དུས་ཡིག་སྒྱུར་གྱི་སྤྲོ་སེམས་དང་ངར་ཤུགས་དེ་སླེབས་འོང་གིན་འདུག ཡིག་སྒྱུར་སྐབས་ཀྱི་གདོང་ལེན་དང་ཡང་ན་དགའ་སྣང་དེ་མ་ཡིག་གི་དེབ་དེའི་ཕྱོགས་མང་པོ་ཞིག་ལ་རྟེན་ཡོད་པ་རེད།

སྟབས་ལེགས་པ་ཞིག་ལ། ཧྥ་རན་སུའི་དཔར་བསྐྲུན་ཁང་གིས་ཀྱང་ཚུར་ཡོང་འབབ་ཇི་ཡོད་རྩིས་ཁྲ་ཀྱང་མི་གནང་བར་ཡིག་སྒྱུར་དེ་ཚོར་མཐུན་འགྱུར་གནང་གི་ཡོད། སྔོན་ནས་ད་བར། ངས་ཡིག་སྒྱུར་གྱི་ལས་ཀ་ཞིག་གི་འགོ་རྩོམ་དུས་དེབ་དེ་དཔར་བསྐྲུན་བྱེད་མིན་ལ་དྲི་པ་འཁོར་མ་མྱོང་། ངས་རང་ཉིད་ཀློག་པ་པོ་ཞིག་གི་ཚུལ་ཏུ་དེབ་དེ་ཡིག་སྒྱུར་བྱེད་པར་དགའ་བོ་བྱེད་ཀྱིན་ཡོད།

དེའི་སྟབས་ཀྱིས།་སྤྱི་བཏང་ནས་ཡིག་སྒྱུར་རིམ་པ་དང་པོ་ཚར་བ་དང་ངས་ལས་གྲོགས(Dr Camille Simon and Véronique Gossot,ལྟ་བུ་སོགས་ལ)ཞིབ་གཟིགས་གནང་བར་རེ་སྐུལ་ཞུ་བཞིན་ཡོད་ལ། ཐ་མའི་ཐག་ཆོད་བྱུང་ཚེ་ངས་གཞི་ནས་དཔར་བསྐྲུན་ཁང་ལ་སྐུར་བཞིན་ཡོད།

སློབ་དཔོན་ཆེན་མོ་ཆོས་ཉིད་དབང་མོ་(Francoise Robin) ལགས་སུ་བཅར་འདྲི། ཚན་པ་དང་པོ།

སློབ་དཔོན་ཆེན་མོ་ཆོས་ཉིད་དབང་མོ་(Francoise Robin) ལགས་སུ་བཅར་འདྲི། ཚན་པ་གཉིས་པ།

མ་རྩོམ་གྱི་འབྲེལ་ཐག https://tibetscapes.wordpress.com/2022/03/10/interview-with-prof-francoise-robin-gokul-k-s/

རྫོགས་སོ།། 

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese