མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་དྷ་སར་ཞབས་སོར་བདེ་བར་འཁོད།

བོད་ཀྱི་དུས་བབ།
༢༠༢༤/༠༨/༢༨
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཨ་རིའི་ནང་གི་སྨན་བཅོས་དང་ཡུ་རོབ་ནང་གི་མཛད་འཕྲིན་ཁག་ལེགས་པར་གྲུབ་སྟེ་ཕྱིར་བཞུགས་སྒར་དུ་ཕེབས་པར་བོད་གཞུང་མང་གཉིས་ཀྱིས་དགའ་དད་སྤྲོ་གསུམ་གྱི་ངང་ནས་ཕེབས་བསུ་ཞུས་སོང་།

༧གོང་ས་མཆོག་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་དྷ་སར་ཞབས་སོར་བདེ་བར་འཁོད། དུས་བབ་ཀྱི་པར། ༢༠༢༤།༠༨།༢༨

དེ་རིང་ཕྱི་ཚེས་ ༢༨ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༨ པ་ཙམ་གྱི་ཐོག་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནས་མཁའ་ལམ་བརྒྱུད་ཀང་ར་གྷ་གྷལ་གནམ་ཐང་དུ་ཞབས་སོར་བདེ་བར་འཁོད་བྱུང་། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར་ལགས། དྷ་སའི་ཉེ་འགྲམ་དང་ཕྱོགས་མཐའ་ཁག་ནས་ཡོང་བའི་སེར་སྐྱ་མི་མང་བཅས་ཀྱིས་ཕེབས་བསུ་རྒྱ་ཆེར་ཞུས་སོང་།

འདི་གའི་གསར་འགོད་པས་ནང་སྲིད་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་སུ་ཡུན་རིང་རྗེས་ནས་༧གོང་ས་མཆོག་ཞལ་མཇལ་བྱུང་བར་ཚོར་སྣང་ག་རེ་བྱུང་སྐོར་དྲིས་པར་ཁོང་གིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཨ་རིར་ཕེབས་པའི་ཟླ་བ་གཉིས་ཙམ་གྱི་རིང་དྷ་རམ་ས་ལ་སྟོང་ལྷང་ལྷང་རེད། དེ་རིང་༧གོང་ས་མཆོག་དྷ་སར་ཞབས་སོར་འཁོད་དེ་ཞལ་མཇལ་བྱུང་སྐབས། བོད་མི་ཡོངས་ཀྱི་སེམས་ནང་དུ་ཞི་བདེ་དང་བདེ་སྐྱིད་བག་ལྷོད་འབྱུང་གི་འདུག ང་ལའང་ཚོར་བ་དེ་འདྲ་བྱུང་། ཅེས་འགྲེལ་བརྗོད་གནང་བྱུང་།

ཨ་རུ་ན་ཅལ་ནས་ཕེབས་བསུ་བཅར་བའི་བླ་མ་ངག་དབང་ནོར་བུ་ལགས་སུ་བཀའ་འདྲི་བྱས་པར་ཁོང་གིས། དེ་རིང་ཧ་ཅང་དགའ་བོ་བྱུང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་ལོ་འདི་འདྲ་ཕེབས་ཏེ་ཨ་རིར་རྒྱུན་རིང་ཞབས་པུས་སྨན་བཅོས་བྱེད་དགོས་བྱུང་བ་རེད། བོད་ཕྱི་ནང་གཉིས་དང་། ཨ་རུ་ན་ཅལ། ཧི་མ་ལ་ཡའི་རི་རྒྱུད། ནང་པ་སངས་རྒྱས་པའི་དད་ལྡན་མི་མང་གི་བསོད་ནམས་ཀྱི་ཐུགས་རྗེ་ལ་བརྟེན་ནས་༧སྐུའི་ཞབས་པུས་སྨན་བཅོས་ཧ་ཅང་ཡག་པོ་བྱུང་། དེ་བཞིན་ཨ་རི་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་ལ་ཞབས་སོར་འཁོད་པ་དང་བསྟུན། ཨ་རུ་ན་ཅལ་མི་མང་ཡོངས་ཀྱིས་ཕྱི་ཟླ་ ༩ ཚེས་ ༦ ཉིན་ཐུགས་རྗེ་ཆེན་པོའི་བཀའ་དབང་དང་། ཕྱི་ཚེས་ ༧ ཉིན་བརྟན་བཞུགས་བསྟར་འབུལ་གྱི་སྐལ་བཟང་གོ་སྐབས་ཐོབ་པར་ཧ་ཅང་རྩ་ཆེན་པོ་དང་བཀའ་དྲིན་ཆེན་པོ་རེད་བསམ་གྱི་ཡོད། སྤྱིར་ང་ཚོའི་མོན་ཡུལ་ནི་༧རྒྱལ་བ་སྐུ་ཕྲེང་གོང་མ་རིམ་བྱོན་དང་དམིགས་བསལ་འབྲེལ་བ་ཡོད་པ་མ་ཟད། བླ་སློབ་ཀྱི་ཐོག་ནས་ཧ་ཅང་བཀའ་དྲིན་ཆེན་པོ་ཆགས་བསྡད་ཡོད། དེར་བརྟེན་སྐྱེ་བ་ཚེ་རབས་མང་པོའི་རྟེན་འབྲེལ་ཞིག་ཆགས་སོང་བསམ་པའི་དགའ་ཚོར་བྱུང་། དེ་རིང་འདིར་ཡོད་པའི་བརྟན་བཞུགས་དང་བཀའ་དབང་གོ་སྒྲིག་ཚོགས་ཆུང་ཚོགས་མི་རྣམས་ཨ་རུ་ན་ཅལ་གྱི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་གི་གཙོས་ཨ་རུ་ན་ཅལ་མི་མང་གི་ཚབ་བྱས་ཏེ་ཕེབས་བསུ་དང་འཚམས་འདྲིར་བཅར་བ་ཡིན། ཞེས་འགྲེལ་བརྗོད་གནང་བྱུང་།

དེ་བཞིན་ལ་དྭགས་ནས་ཡོང་བའི་བཀྲ་ཤིས་དོན་འགྲུབ་ལགས་ཀྱིས། ད་ལན་འདིར་ལ་དྭགས་ས་གནས་མགོ་འཛིན་གྱི་ཚབ་བྱས་ཏེ་ཚོགས་འདུ་བཅར་ཡོད། དེ་རིང་གི་གནམ་གཤིས་ཧང་སང་བའི་ཡག་པོ་དང་བསྟུན། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དྷ་རམ་ས་ལ་ཆིབས་བསྒྱུར་གནང་སྟེ་ཞལ་མཇལ་བྱུང་བར་སེམས་སུ་དགའ་ཚོར་ཆེན་པོ་སྐྱེས་བྱུང་། ཉེ་ཆར་ཨ་རི་དང་སུད་སི་རུ་བརྟན་བཞུགས་ཧ་ཅང་ཡག་པོ་ཕུལ་འདུག ༧གོང་ས་མཆོག་སྐུ་ཚེ་ཁྲི་ལོ་བརྟན་པའི་སྨོན་འདུན་ཞུས་ཡོད། ཅེས་འགྲེལ་བརྗོད་གནང་སོང་།

གསར་འགོད་པ། བྱམས་པ་ཚེ་རིང་། རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

དཔལ་༧རྒྱལ་བ་ཀརྨ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་འབྲས་ལྗོངས་སུ་ཕེབས་འཆར་འདུག

ཆུ་ཚོད་ ༡༨ སྔོན་ལ།
རྩྭ་ཐང་བུ་མོའི་སློབ་གྲྭ། པར་དྲ་རྒྱ་ནས་བླངས།
Mobile App

རྒྱ་ནག་གི་མི་རིགས་རྒྱ་སྒྱུར་གྱི་སྲིད་ཇུས་འོག་ཏུ་བོད་སྐད་ཡིག་སློབ་གསོའི་སློབ་གྲྭ་གསུམ་སྒོ་བརྒྱབ་འདུག

ཆུ་ཚོད་ ༡༩ སྔོན་ལ།
Mobile App

ང་ཚོས་ད་ལྟ་སུ་ཡི་ལོ་རྒྱུས་ཉར་ཚགས་བྱེད་བཞིན་ཡོད།

༢༠༢༦/༡༠/༡༨
རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ།
Mobile App

མདོ་སྨད་རྭ་རྒྱ་དགོན་པའི་མཁན་ཟུར་བློ་བཟང་བསྟན་པ་འཛིན་བཟུང་གིས་ལོ་ལྔའི་ཁྲིམས་ཆད་བཅད་འདུག

༢༠༢༦/༡༠/༡༧
Changpa nomads walk on a rugged path in Ladakh's Chushul valley [Tarushi Aswani/Al Jazeera]
Mobile App

རྒྱ་ནག་དཀར་གྱི་ས་མིང་བརྗེ་བསྒྱུར་རྩོད་རྙོག

༢༠༢༦/༡༠/༡༦
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ལྷོ་ཨ་ཧྥེ་རི་ཁའི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ལ་རྡོ་སྣུམ་འབར་རྫས་འཕངས་ནས་གཏོར་སྐྱོན་བྱུང་འདུག

༢༠༢༦/༡༠/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese