མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གིས་གླིང་ཆེན་ཨ་ཧྥི་རི་ཁར་ཨ་སྒོར་ཐེར་འབུམ་ ༥༡ གིས་རོགས་སྐྱོར་བྱ་རྒྱུའི་ཁས་ལེན་བྱས་འདུག 

བོད་ཀྱི་དུས་བབ།
༢༠༢༤/༠༩/༠༥
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གིས་འབྱུང་འགྱུར་མི་ལོ་གསུམ་རིང་གླིང་ཆེན་ཨ་ཧྥི་རི་ཁའི་རྒྱལ་ཁབ་ཁག་ལ་རྒྱ་སྒོར་ཐེར་འབུམ་སུམ་བརྒྱ་དྲུག་ཅུའི་རོགས་རམ་བྱ་རྒྱུ་ཡིན་པའི་ཁས་ལེན་བྱས་འདུག

Chinese leader Xi Jinping speaks at the Forum on China-Africa Cooperation at the Great Hall of the People in Beijing on September 5. Greg Baker/AFP/Getty Images

འདས་པའི་ལོ་ཤས་གོང་ནས་རྒྱ་ནག་གཞུང་གིས་ཨ་ཧྥི་རི་ཁའི་རྒྱལ་ཁབ་ཁག་ཏུ་འཛུགས་སྐྲུན་གྱི་ལས་གཞི་སྤེལ་མུས་ཡིན་པའི་དྲིལ་བསྒྲགས་ཤུགས་ཆེན་དང་། ཕྱོགས་གཉིས་མཉམ་ལས་ཀྱིས་གླིང་ཆེན་ཨ་ཧྥི་རི་ཁར་འཕེལ་རྒྱས་ཆེན་མོ་གཏོང་གི་ཡོད་ལུགས་བཤད་མུས་ཡིན་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༤ ནས་ ༦ བར་ཉིན་གྲངས་ ༣ རིང་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་ཕྱི་ལོ་ ༢༠༢༤ ལོའི་རྒྱ་ནག་དང་ཨ་ཧྥི་རི་ཁའི་མཉམ་ལས་གླེང་སྟེགས་ (Forum on China–Africa Cooperation) ཀྱི་ཚོགས་འདུ་འཚོག་མུས་ཡིན་ཞིང་། ཚོགས་ཆེན་དེའི་ཐོག་ཨ་ཧྥི་རི་ཁའི་རྒྱལ་ཁབ་ལྔ་བཅུ་ལྷག་གི་མགོ་ཁྲིད་ཀྱིས་མཉམ་ཞུགས་བྱས་ཏེ། ཕྱོགས་གཉིས་མཉམ་ལས་ཀྱི་སྟོབས་ཤུགས་ལས་གླིང་ཆེན་ཨ་ཧྥི་རི་ཁའི་རྒྱལ་ཁབ་ཁག་འཕེལ་རྒྱས་སུ་གཏོང་རྒྱུའི་གླེང་སློང་ཤུགས་ཆེན་བྱེད་བཞིན་འདུག

ཚོགས་ཆེན་དེའི་མགོ་འཛུགས་མཛད་སྒོའི་ཐོག་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས། ཨ་ཧྥི་རི་ཁ་གླིང་ཆེན་གྱི་དུས་ཡུན་རིང་པོ་ནས་ཡོད་པའི་བཟོ་ཚོང་རང་བཞིན་ལྡན་པའི་ལས་འཆར་གྱི་ཕུགས་དམིགས་བཞིན། རྒྱ་ནག་གིས་གླིང་ཆེན་དེར་ཉི་གློག་སོགས་ཚུད་པའི་རང་བྱུང་ཁམས་ཀྱི་སྐྱེས་འཕེལ་ལ་དགེ་མཚན་ཆེན་པོ་ལྡན་པའི་ལས་འཆར་ ༣༠ དང་རྡུལ་ཕྲན་བཟོ་སྐྲུན་སོགས་ཀྱི་ཐད་ལ་རོགས་འདེགས་བྱེད་འདུན་ཆེན་པོ་ཡོད་ལ། རྒྱ་ནག་གིས་འབྱུང་འགྱུར་མི་ལོ་གསུམ་ནང་རྒྱ་སྒོར་ཐེར་འབུམ་ ༣༦༠ (ཨ་སྒོར་ཐེར་འབུམ་ ༥༠།༧༢) ལྷག་བཏང་ནས་རོགས་རམ་བྱ་རྒྱུ་ཡིན་པའི་ཁྲོད། རྒྱ་སྒོར་ཐེར་འབུམ་ ༧༠ ལྷག་ཡུལ་དེར་རྒྱ་ནག་གི་བཟོ་ཚོང་ཁང་འཛུགས་སྐྲུན་དང་དམག་དོན་གྱི་ལས་གཞིའི་ཆེད་དུ་གཏོང་རྒྱུ་ཡིན། ཞེས་བཤད་འདུག་ལ། ལྷན་ཚོགས་དེ་ནི་རྒྱ་ནག་ཝུའུ་ཧན་ནས་ཆེས་ཐོག་མར་མཆེད་པའི་ཏོག་དབྱིབས་གཉན་རིམས་རྗེས་ཕྱོགས་གཉིས་ཀྱི་ཚོགས་ཆེན་ཆེ་ཤོས་དེ་ཡིན་འདུག

ཨ་ཧྥི་རི་ཁ་གླིང་ཆེན་དེ་ནི་འཛམ་གླིང་གི་ཚོང་དོན་དང་དཔལ་འབྱོར་འཕེལ་རྒྱས་ཆེ་ཤོས་སུ་འགྲོ་མུས་ཡིན་པའི་གླིང་ཆེན་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད་ལ་རྒྱ་ནག་གི་ཚོང་ཤག་ཆེ་ཤོས་གཉིས་པ་དེའང་ཡིན་པས། རྒྱ་ནག་གིས་རྒྱུད་གཅིག་ལམ་གཅིག་གི་སྲིད་ཇུས་ཟེར་བ་ཞིག་གི་འོག་ནས། གླིང་ཆེན་དེའི་ཁེན་ཡ་རྒྱལ་ཁབ་ཚུད་པའི་རྒྱལ་ཁབ་ཁག་ཅིག་ལ་ལྕགས་ཟམ་དང་། མེ་འཁོར་འབབ་ཚུགས་སོགས་ཚུད་པའི་ཚོང་དོན་དང་འགྲིམ་འགྲུལ་གྱི་རོགས་རམ་དང་ཚོང་དོན་མ་འཇོག་བྱེད་མུས་ཡིན་པ་དང་བསྟུན། ལྷན་ཚོགས་དེའི་ཐོག་རྒྱལ་ཁབ་ལྔ་བཅུ་ལྷག་གི་མགོ་ཁྲིད་ཀྱིས། གླིང་ཆེན་དེའི་རྒྱལ་ཁབ་ཁག་གིས་རྒྱ་ནག་ལྷན་ཚོང་དོན་དང་། ཞིང་ལས་ཐོན་སྐྱེད། འཛུགས་སྐྲུན་ལས་གཞི། གཏེར་རིགས་སྔོག་འདོན་གྱི་ལས་གཞི་སོགས་ལ་མཉམ་ལས་བྱ་འདུན་ཡོད་པའི་གླེང་སློང་ཆེན་པོ་བྱས་འདུག

དེ་བཞིན་ཨ་ཧྥི་རི་ཁའི་རྒྱལ་ཁབ་ཆེ་གྲས་ཛམ་བྷི་ཡ་ (Zambia) དང་། ཀྲན་ཛ་ནི་ཡ་ (Tanzania)། ཁེན་ཡ་ (Kenya)། ནཡེ་ཇི་རི་ཡ་ (Nigeria) སོགས་ཀྱིས་རྒྱ་ནག་ལྷན་ཚོང་དོན་དང་། འགྲིམ་འགྲུལ་སྐྱེལ་འདྲེན་སོགས་ཀྱི་ཐད་ལ་སྔར་ལས་ལྷག་པའི་མཉམ་ལས་བྱ་འདུན་ཡོད་པའི་མོས་མཐུན་བྱས་འདུག་སྟབས།  ཚོང་དོན་ཆེད་མཁས་པ་མང་པོ་ཞིག་གིས། ད་ལན་གྱི་ལྷན་ཚོགས་ནི་ཏོག་དབྱིབས་གཉན་རིམས་རྗེས་རྒྱ་ནག་གིས་གླིང་ཆེན་ཨ་ཧྥི་རི་ཁ་དང་སྔར་ལས་ལྷག་པའི་འབྲེལ་ལམ་བཙུགས་ནས། ཞི་ཅིན་ཕིན་གྱི་རྒྱུད་གཅིག་ལམ་གཅིག་གི་ལས་གཞི་དང་ཁུལ་དེར་མ་འཇོག་ཆེན་པོ་བྱས་པའི་གལ་གནད་གསལ་སྟོན་བྱེད་པའི་གོ་སྐབས་ཡག་ཤོས་ཤིག་ཡིན་སྐོར་བརྗོད་འདུག་ཀྱང་། རྒྱལ་སྤྱིའི་ཆབ་སྲིད་ཀྱི་གནད་དོན་དབྱེ་ཞིབ་པ་མང་པོ་ཞིག་གིས། རྒྱ་ནག་གཞུང་གིས་ཨ་ཧྥི་རི་ཁར་མ་འཇོག་ཆེན་པོ་བྱས་པ་ནི་རྒྱ་ནག་ནང་ཚོང་དོན་གྱི་ཐད་ནས་གྱོང་གུད་ཐེབས་མུས་ཡིན་པ་དེར་ཁ་གསབ་དང་། ཨ་རི་དང་གདོང་ཐུག་འབྱུང་མུས་ཡིན་པའི་ས་ཁམས་ཆབ་སྲིད་ཀྱི་དཀའ་རྙོག་དེ་དག་སེལ་ཐབས་སླད་དུ་ཡིན་སྐོར་སོགས་བརྗོད་འདུག

ཕྱི་ལོ་ ༢༠༢༢ ལོར་རྒྱ་ནག་གི་མ་འཇོག་ཨ་སྒོར་ཐེར་འབུམ་གཅིག་ལྷག་ཕྱིར་འཐེན་བྱས་ཡོད་ཀྱང་། འདས་པའི་མི་ལོ་ཉེར་གསུམ་རིང་རྒྱ་ནག་གི་ཁུལ་དེའི་རྒྱལ་ཁབ་མང་པོ་ཞིག་ལ་མ་འཇོག་ཆེན་པོ་བྱས་ཡོད་པས། རྒྱལ་ཁབ་དེ་དག་གིས་རྒྱ་ནག་དང་ཚོང་དོན་འབྲེལ་ལམ་ཆེན་པོ་བཟུང་ཡོད་ཀྱང་། འདས་པའི་ལོ་ཤས་གོང་ནས་ཨ་རི་དང་ཡུ་རོབ་མཉམ་འབྲེལ་ཐོག གླིང་ཆེན་དེ་རུ་རྒྱ་ནག་གི་དབང་ཤུགས་ཇེ་ཆུང་དུ་གཏོང་སླད་འཛུགས་སྐྲུན་ལས་གཞི་དང་། ཁུལ་དེའི་ས་གཞི་ལྗང་བསྒྱུར་གྱི་ལས་གཞི་མང་པོར་རོགས་འདེགས་མགོ་བཙུགས་ཡོད། འོན་ཀྱང་། ད་ལན་པེ་ཅིན་སྲིད་གཞུང་གིས་སླར་ཡང་མ་འཇོག་ཆེན་པོ་བྱས་པ་དེས། ཨ་རི་དང་ཡུ་རོབ་ལས་རྣམ་པར་རྒྱལ་ནས་ཁུལ་དེར་འཛུགས་སྐྲུན་གྱི་ལས་དོན་མང་བ་གཉེར་ཐུབ་པའི་ཆེད་དུ་ཡིན་པའི་ཚོད་དཔག་བྱེད་ཀྱི་འདུག རྒྱ་ནག་གིས་ཕྱི་ལོ་ ༢༠༡༥ དང་ ༢༠༡༨ གཉིས་ལ་ཁུལ་དེར་དམག་དོན་གྱི་ཆེད་ཨ་སྒོར་ཐེར་འབུམ་ ༦༠ ལྷག་གིས་རོགས་རམ་བྱས་ཡོད་ཀྱང་། འདི་ལོར་ཨ་སྒོར་ཐེར་འབུམ་ ༥༠ ལས་སྟེར་རྒྱུ་མིན་པའི་ཁས་ལེན་བྱས་ཡོད་པས། ལོ་སྔ་མ་དག་དང་བསྡུར་ན་ཨ་སྒོར་ཐེར་འབུམ་བཅུ་ལྷག་ཉུང་དུ་བཏང་ཡོད་པ་རེད།

ཕྱི་ལོ་ ༢༠༠༠ ཙམ་ནས་རྒྱ་ནག་དང་གླིང་ཆེན་ཨ་ཧྥི་རི་ཁའི་བར་འབྲེལ་ལམ་ཚུགས་ནས་ཕྱིས་སུ་རྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་ལས་གཞི་མང་དག་ཅིག་སྤེལ་མགོ་བཙུགས། ཕྱི་ལོ་ ༢༠༠༠ དང་༢༠༠༦། ༢༠༡༢ ། ༢༠༡༨ ། ༢༠༢༡ ལོར་བཅས་སུ་ཕྱོགས་གཉིས་ཀྱི་མཉམ་འབྲེལ་ཚོགས་ཆེན་ཁག་རྒྱ་ནག་ཏུ་བསྡུས། ད་ལན་གྱི་ལྷན་ཚོགས་དེ་ནི་ཕྱོགས་གཉིས་ཀྱི་མཉམ་འབྲེལ་ལྷན་ཚོགས་ཐེངས་བརྒྱད་པ་དེ་ཡིན་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

ཆུ་ཚོད་ ༣ སྔོན་ལ།
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese