མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཉི་ཧོང་གི་སྲིད་བློན་གསར་པར་འཚམས་འདྲི་མཛད།

བོད་ཀྱི་དུས་བབ།
༢༠༢༤/༡༠/༠༣
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་ནས་ཉི་ཧོང་གི་སྲིད་བློན་གསར་པ་སྐུ་ཞབས་ཤི་གྷེ་རུ་ཨི་ཤི་བྷ་མཆོག་ལ་འཚམས་འདྲི་དང་སྦྲགས་ཉི་ཧོང་མི་མང་གི་རེ་བ་དང་མངོན་འདོད་ལྟར་ལས་དོན་མཐའ་དག་བསྒྲུབ་ཐུབ་རྒྱུ་དང་ཞི་བདེ་ལྡན་པའི་འཛམ་གླིང་ཞིག་བསྐྲུན་རྒྱུའི་ཐུགས་རེ་ཡོད་ཅེས་གསུངས།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་ཉི་ཧོང་གི་སྲིད་བློན་ཤི་གྷེ་རུ་ཨི་ཤི་བྷ་མཆོག པར་བོདཀྱི་དུས་བབ་གསར་ཁང་གིས་བཟོ་སྒྲིག་བྱས།

ཁ་སང་ཕྱི་ཚེས་ ༢ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་གསར་དུ་འོས་འདེམས་བྱུང་བའི་ཉི་ཧོང་གི་སྲིད་བློན་ཐེངས་ ༦༥ པ་ཤི་གྷེ་རུ་ཨི་ཤི་བྷ་ (Shigeru Ishiba) མཆོག་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ་འདུག་ཅིང་། གསུང་འཕྲིན་ནང་འདས་པའི་ལོ་ངོ་མང་པོའི་ནང་ངོས་རང་ཉི་ཧོང་དུ་ཡང་ཡང་བསྐྱོད་རྒྱུའི་གོ་སྐབས་བྱུང་ཡོད་པ་མ་ཟད། ངོས་ནས་འགྲོ་བ་མིའི་གཞི་རྩའི་རིན་ཐང་སྙིང་རྗེ་དང་ཆོས་ལུགས་མཐུན་སྒྲིལ་གོང་འཕེལ་གཏོང་བར་འབད་བརྩོན་དང་། རྡུལ་ཕྲན་མཚོན་ཆ་ཚུད་པའི་གོ་མཚོན་མེད་པའི་འཛམ་གླིང་ཞི་བདེ་བསྐྲུན་ཐབས་ཐད་ལ་རྒྱལ་ཁབ་འདིའི་མི་མང་རྣམས་ཀྱིས་དོ་སྣང་དང་སྤྲོ་སེམས་བསྟན་པར་རྗེས་སུ་ཡི་རངས་ཡོད། ཅེས་གསུངས།

ཉི་ཧོང་མི་མང་གིས་སོ་སོའི་རྒྱལ་ཁབ་དེ་འཛམ་གླིང་ནང་གི་ཆེས་དེང་རབས་ཅན་གྱི་རྒྱལ་ཁབ་ཅིག་ཏུ་བསྒྱུར་བའི་ལས་དོན་ལ་ངོས་རང་གིས་ཡིད་སྨོན་སྐྱེ་ཡི་ཡོད། ཉི་ཧོང་རྒྱལ་ཁབ་ཀྱིས་དུས་རྒྱུན་དུ་འཛམ་གླིང་ནང་ཞི་བདེ་བསྐྲུན་ཐབས་ཀྱི་ལས་དོན་སྣེ་ཁྲིད་བྱས་ཡོད་ལ། ཁྱེད་ཀྱི་རྒྱལ་ཁབ་ཀྱི་སྲོལ་རྒྱུན་ཆོས་ལུགས་ནང་ཞི་བདེ་ལ་རིན་ཐང་ཆེན་པོ་འཇོག་གི་ཡོད་པས། སྲིད་བློན་ཁྱེད་ཀྱིས་གཞུང་འཛིན་པའི་སྐབས་སུ་རྨང་གཞི་བརྟན་པོ་ཞིག་འཛུགས་ཐུབ་རྒྱུའི་རེ་བ་ཡོད། དམིགས་བསལ་གྱིས་ད་ལྟའི་ཆར་འཛམ་གླིང་གི་ཡུལ་གྲུ་མང་པོ་ཞིག་གི་ནང་དུ་འགྱུར་ལྡོག་འགྲོ་བཞིན་པའི་སྐབས་འདིར། གྲོས་མོལ་དང་རྒྱལ་འབྲེལ་ཐབས་ལམ་བརྒྱུད་དཀའ་རྙོག་རྣམས་སེལ་བར་མཉམ་རུབ་ཀྱི་འབད་པ་བྱ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེན་པོ་རེད། ཅེས་དང་། ངོས་ནས་སྐུ་ཞབས་ཨི་ཤི་ཌ་མཆོག་གིས་ཉི་ཧོང་མི་མང་གི་རེ་བ་དང་མངོན་འདོད་ལྟར་ལས་དོན་ལམ་ལྷོངས་ཡོང་བའི་སྨོན་འདུན་དང་། ཞི་བདེ་དང་སྙིང་རྗེ་ལྡན་པའི་འཛམ་གླིང་ཞིག་བསྐྲུན་རྒྱུའི་ཐུགས་རེ་ཡོད། ཅེས་གསུངས་འདུག

ཤི་གྷེ་རུ་ཨི་ཤི་བྷ་ལགས་ནི་ཕྱི་ལོ་ ༡༩༥༧ ཟླ་ ༢ ཚེས་ ༤ ཉིན་ཉི་ཧོང་གི་ཆི་ཡོ་ཌ་ (Chiyoda) གྲོང་ཁྱེར་དུ་སྐྱེས། ཉི་ཧོང་གི་གྲོང་ཁྱེར་མཱི་ན་ཏོ་ (Minato) རུ་རྟེན་གཞི་བྱས་པའི་ཀིའོ་མཐོ་རིམ་སློབ་གཉེར་ཁང་ (Kieo University) ནས་སློབ་མཐར་ཕྱིན་རྗེས་དངུལ་ཁང་གི་ལས་ཀ་བྱས། ཕྱི་ལོ་ ༡༩༨༦ ལོར་ཁོང་ཉི་ཧོང་གི་གྲོས་ཚོགས་འོག་མའི་འཐུས་མིར་བདམས་ཐོན་བྱུང་། ཕྱི་ལོ་ ༢༠༠༧ ནས་ ༢༠༠༨ བར་རྒྱལ་སྲུང་བློན་ཆེན་དང་། ༢༠༡༢ ནས་ ༢༠༡༤ བར་ཉི་ཧོང་གི་གུ་ཡངས་དམངས་གཙོའི་ཆབ་སྲིད་ཚོགས་པའི་སྤྱི་ཁྱབ་དྲུང་ཆེའི་ལས་དོན་གཉེར། འདི་ལོར་ཨི་ཤི་བྷ་མཆོག་ཉི་ཧོང་གི་གུ་ཡངས་དམངས་གཙོ་ཚོགས་པའི་སྲིད་འཛིན་དང་ཉི་ཧོང་གི་སྲིད་བློན་ཐེངས་ ༦༥ པའང་ཡིན་འདུག་ལ། ཟླ་འདིའི་ཕྱི་ཚེས་ ༡ ཉིན་ནས་བཟུང་སྲིད་བློན་གྱི་ལས་ཁུར་དངོས་སུ་མགོ་བཙུགས་ཡོད་པ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

ཆུ་ཚོད་ ༢༤ སྔོན་ལ།
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese